Pages

ཐིམ་ཕུའི་ སྤྱིར་བཏང་གྲོས་འཛོམས་མཇུག་དེ་ དོ་འགྲན་ཅན་ཅིག་སྦེ་མཐོང་ཡོདཔ།

༢༩/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ ཀ་ཝང་རྒེད་འོག་གི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་ནང་སྦེ་ ཐིམ་ཕུ་ བྱང་ཕྱོགས་འདེམས་འཁོངས་ཀྱི་དོན་ལུ་ སྤྱིར་བཏང་ གྲོས་འཛོམས་འཚོགས་པའི་སྐབས་ སྲིད་ཚོགས་༤ པོ་ཆ་རའི་་འདེམས་ངོ་ཚུ་ ལྕོགས་གྲུབ་འདྲན་འདྲ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
Add caption


དེ་གི་སྐབས་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ མགར་སའི་འདེམས་ངོ་གདམ་འཐུ་དང་འབྲེལ་བའི་ ཉོགས་བཤད་ཀྱི་ གནད་དོན་ཐོན་མི་ལུ་ དོགས་སེལ་འབད་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ འབྲུག་ཀུན་མཉམ་པར་ཊི་གི་ མགར་སའི་འདེམས་ངོ་དེ་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཉོ་ཡོད་པའི་ ཁ་ཉེས་བཀལ་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ འདེམས་ངོ་ཁོ་ར་གིས་ འབྲུག་ཀུན་མཉམ་ཚོགས་པ་ནང་ འདེམས་ངོ་ཚུ་ལངམ་མེདཔ་སྦེ་ མཐོང་བའི་ཤུལ་ལུ་ འབྲུག་སྤྱིར་དབང་ཚོགས་པ་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྲིད་ཚོགས་གཞན་གྱི་ འདེམས་ངོ་ཉོ་ནི་ཕར་བཞག་ མོ་གི་ཚོགས་པའི་འདེམས་ངོ་ཚུ་ མཉམ་རུབ་ཚོགས་པ་ལུ་དང་ ཀུན་མཉམ་ལུ་ དེ་ལས་ གཞན་མི་གཅིག་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཤོར་སོ་ཡི་ཟེར་ཨིན་པས།
མོ་གིས་ ད་ལྟོའི་བར་ན་ཡང་ འདེམས་ཁོངས་ཀྱི་ ས་གནས་ཁག་ལེ་ཤ་ཅིག་ནང་ར་ འགྱོ་མ་ཚུགས་མི་ལུ་བརྟེན་ མི་སེར་ཚུ་ལུ་ བཟོད་གསོལ་ཕུལ་ཡོདཔ་ད་ གལ་སྲིད་ མོ་གི་ཚོགས་པ་གིས་ རྒྱལ་ཁབ་འཐོབ་པ་ཅིན་ ས་གནས་ཚུ་ནང་ ངེས་པར་དུ་འོང་སྟེ་ མི་སེར་ཚུ་གི་དཀའ་ངལ་ རེ་རེ་བཞིན་དུ་སྦེ་ གྲོས་བསྟུན་འབད་འོང་ཟེར་ སླབ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ སངས་རྒྱས་བཟང་མོ་གིས་ མོ་ར་ རྒྱལ་ཡོངས་ཚོགས་འདུའི་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ གཙོ་བོ་ར་ ཞུང་གི་ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ ག་དེམ་ཅིག་ ལེགས་ཤོམ་ཡོད་རུང་ ལག་ལེན་ཚུལ་བཞིན་ མ་འཐབ་མི་ལུ་བརྟེན་ སྤྱིར་བཏང་མི་སེར་ཚུ་ལུ་ ཉམས་རྒུད་ཕོག་དོ་ཡོདཔ་ལས་ དེ་བཟུམ་མའི་ དཀའ་ངལ་ཚུ་ བསལ་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
ན་གཞོན་ལཱ་གཡོག་མ་འཐོབ་པའི་དཀའ་ངལ་དེ་ ད་རེས་ རྒྱལ་ཁབ་ནང་ དཀའ་ངལ་གཙོ་ཅན་ཅིག་ལུ་གྱུར་ཏེ་ཡོད་ཟེར་ སངས་རྒྱས་བཟངམོ་གིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ཆུང་ཀུའི་བསྒང་ལས་ སློབ་གྲྭ་ནང་བཏང་སྟེ་ ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་ཚར་བའི་ཤུལ་ལུ་ ལཱ་གཡོག་མ་འཐོབ་པར་ ལུས་ཏེ་ཡོད་མི་ ཨ་ལུའི་ཕམ་ཚུ་ལུ་ མོ་གིས་ སྤྱི་ལོ་༢༠༢༠ ཚུན་ བསྒུག་དགོཔ་སྦེ་ སླབ་དོ་ཟེར་ཨིནམ་ད་ དེ་བསྒང་ལས་ རྒྱལ་ཁབ་དེ་ རང་མགོ་རང་འདྲོངས་ ཐལ་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀུན་དགའ་ཚེ་རིང་གིས་འབད་བ་ཅིན་ ཁོ་གིས་ ད་ལྟོ་ཚུན་ལུ་ འདེམས་ཁོངས་ནང་གི་ ཁྱིམ་གུང་༡,༠༠༠ དེ་ཅིག་ནང་སོང་སྟེ་ ལྟ་སྐོར་འབད་དེ་ མི་གྲངས་༣,༠༠༠ དེ་ཅིག་དང་གཅིག་ཁར་ ཕྱད་ཅི་ཟེར་ཨིན་པས།
ལྟ་སྐོར་གྱི་སྐབས་ལུ་ མི་སེར་ཚུ་གིས་ དུས་ཅི་གི་ བཙག་འཐུའི་དོན་ལུ་ སྲིད་ཚོགས་༤ ཡོད་མི་ལུ་བརྟེན་ མཐུན་འགྲིགས་ཅན་གྱི་ མི་སྡེ་ཚུ་ལུ་ ཉེན་འཚུབས་འབྱུང་ཉེན་ཡོདཔ་སྦེ་ སླབ་མས་ཟེར་སླབ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སངས་རྒྱས་མཚོ་སྐྱིད་ཀྱིས་ བཤད་མིའི་ནང་ མོ་རའི་ཚོགས་པ་གིས་ དབང་ཚད་ཕྱིར་སྤེལ་འབད་ནི་ལུ་ དམིགས་གཏད་བསྐྱེད་དོ་ཟེར་ཨིནམ་ད་ མ་གཞི་ དབང་ཚད་ཕྱིར་སྤེལ་བཟོ་ནི་དེ་ ཧེ་མ་ སྤྱི་ལོ་༡༩༨༠ གྱ་གྲངས་ལས་ར་ འགོ་བཙུགས་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ ད་ལྟོའི་བར་ན་ཡང་འཐོབ་མ་ཚུགས་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ བཙག་འཐུ་ཅན་གྱི་ ས་གནས་གཞུང་གི་འགོ་དཔོན་ཚུ་གིས་ མི་སེར་གྱི་དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་དོ་ཡོདཔ་ལས་ འགན་ཁུར་དང་འབྲེལ་བའི་དབང་ཚད་ཚུ་ ཁོང་ལུ་སྤྲོད་དགོཔ་དེ་ གནམ་མེད་ས་མེད་ ཁག་ཆེ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དེ་སྦེ་སླབ་མི་དེ་ མོ་ལུ་ ཚོགས་རྒྱན་བཙུགས་དགོཔ་སྦེ་མེན་པར་ གལ་སྲིད་ མོ་གི་སྲིད་ཚོགས་ཀྱི་ ལྟ་བ་ཚུ་ལུ་ ཡིད་ཆེས་དང་ ངལ་རངས་ཡོད་པ་ཅིན་ ག་ཅི་འབད་དགོཔ་ཨིན་ན་ ཁྱེད་ར་གིས་ཤེས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment