Pages

གནས་ཚུལ་མདོར་བསྡ྄ས།

༡༨/༦/༢༠༡༣    ད་རིས་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་ཨིནམ་ལས་ གཞུང་གི་ཡིག་ཚང་དང་ སློབ་གྲྭ་ཚུ་ ངལ་གསོ་བཞག་མི་དང་བསྟུན་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ལས་ མི་མང་ལུ་ གུ་རུ་མཚན་བརྒྱད་ཀྱི་ མཐོང་གྲོལ་མཇལ་ཁ་གནང་ནི་དང་ རྡོ་གཅལ་ནང་ ནང་རྟེན་དག་པ་ཅིག་ཡང་ མཇལ་ཁ་གནང་ནི་ཨིན་པས།


དེ་མ་ཚད་ དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ལས་ རྫོང་གི་ཀུན་ར་ནང་ དགོངས་འདུས་ཚེས་བཅུའི་གསུང་ཆོག་ འགོ་བཙུགས་ནི་ཨིནམ་ད་ དེ་བསྒང་ གནས་སྐབས་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ འབྲེལ་གཏོགས་གནང་ནིའི་ ལས་རིམ་ཡོད་ཟེར་ གཞུང་གྲྭ་ཚང་གི་ བདག་སྐྱོང་འགོ་དཔོན་ སངས་རྒྱས་ཚེ་རིང་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment