གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩེད་འགྲན་ནང་ བྱ་ངན་ལག་ལེན་བརྟག་ཞིབ།

༉ འབྲུག་རྒྱལ་ཁབ་ནང་ ན་གཞོན་ཚུ་ སྨྱོ་རྫས་དང་ཏམ་ཁུ་ ཆང་ བཀག་དམ་འབད་ཡོད་པའི་ སྨན་བཟའ་ནི་ལས་ བཀག་ཐབས་འབད་ནི་ལུ་ འགོ་ཐོག་ རྒྱལ་སྤྱིའི་ལམ་ལུགས་ལྟར་དུ་ ལས་རིམ་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།

འབྲུག་ཨོ་ལིམ་པིག་ཚོགས་སྡེ་གིས་ འབྲུག་རྒྱལ་ཁབ་ནང་ རྩེད་རིགས་འདྲ་མིན་ཚུ་ནང་ བཅའ་མར་གཏོགས་མི་དང་ ལུས་སྦྱོང་འབད་མི་ན་གཞོན་དང་ སྤྲོ་བ་ཡོད་མི་ཚུ་གིས་ རྒྱལ་སྤྱི་རྩེད་འགྲན་དང་ ནང་འཁོད་ རྒྱལ་ཡོངས་ཀྱི་རྩེད་འགྲན་ནང་ བཅའ་མར་གཏོགསཔ་ད་ ཚུལ་མཐུན་འབྱུང་ཐབས་ལུ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་དེ་ རྩེད་རིགས་སྣ་ཚོགས་ལུ་བརྟེན་ མི་ཚེའི་གནས་སྟངས་དང་ མ་འོངས་ན་གཞོན་ཚུ་གི་དོན་ལུ་ བྱ་ངན་སྔོན་འགོག་བཟུམ་ཅིག་སྦེ་ མི་ཚེ་བདེ་སྐྱིད་ཀྱི་ངང་ལུ་ སྐྱོང་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
རྩེད་འགྲན་དེ་ནང་ བཅའ་མར་གཏོགས་མི་ཚུ་གིས་ རྒྱལ་སྤྱི་འཛམ་གླིང་ནང་ མིང་གཏམ་ཐོབ་སྟེ་ གསོལ་རས་ལེན་ནི་ དེ་ལས་ གཟུགས་སྟོབས་སྒྲིང་སྒྲིང་བཟོ་ནི་ལུ་གཙོ་བོར་གཏོན་ཐོག་ལས་ ཆང་འཐུང་ནི་དང་  སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ བཀག་ཐབས་ལུ་ཨིན་པས།
རྩེད་རིགས་ལུ་བརྟེན་པའི་ མི་ཚེ་སྐྱོང་ཐངས་དང་ ན་གཞོན་ཚུ་ལུ་ ཤེས་ཡོན་སྤེལ་ཐབས་ལུ་ རྩེད་རིགས་ཀྱི་ སློབ་སྟོན་པའི་ འགོ་འདྲེན་འཐབ་མི་ཚུ་གིས་ བཅའ་མར་གཏོགས་མི་ཚུ་ ཞིབ་དཔྱད་འབད་ཐོག་ལས་ ལམ་སྟོན་བཟང་པོ་སྟོན་ཏེ་ བྱ་ངན་ལས་ བཀག་འཛིན་འབད་ནི་ཨིན་པས།
འགོ་འདྲེན་འཐབ་མི་འགོ་དཔོན་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ མི་ངོ་དེ་ རྒྱལ་སྤྱིའི་རྩེད་འགྲན་ནང་ལས་ ཨང་དང་པའི་གསོལ་རས་ཐོབ་སྟེ་ འཛམ་གླིང་ནང་ མིང་གཏམ་ཐོན་རུང་ རྒྱལ་སྤྱི་རྩེད་རིགས་ཚོགས་པའི་ སྨན་བཅོས་དང་ ཞིབ་དཔྱད་མཁས་མཆོག་ཚུ་གིས་ བརྟག་དཔྱད་འབདཝ་ད་ སྨྱོ་རྫས་དང་ ཡང་ཅིན་ སྨན་རིགས་ཚུ་ ཟ་ཡོད་པའི་ གྲུབ་འབྲས་འཐོན་པ་ཅིན་ དང་པ་གསོལ་རས་ལོག་ལེན་ནི་དང་ མི་ངོ་དེ་ རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་མ་ཆོགཔ་འབད་བཟོ་ནིའི་ལམ་ལུགས་ཡོད་ཟེར་ཨིན་པས།
འབྲུག་པའི་ རྩེད་རིགས་ དཔྱེ་འབད་བ་ཅིན་ གཟུགས་སྟོབས་ལུས་སྦྱོང་འབད་མི་ཚུ་ བང་རྒྱུག་འགྲན་བསྡུར་ རྐང་རིལ་ཕུཊ་བཱོལ་རྩེད་འགྲན་ བཱོལ་ལི་བཱོལ་རྩེད་འགྲན་ མདའ་རྩེད་མི་ དེ་ལས་ གཞན་རྩེད་རིགས་ཚུ་ནང་ འབྲེལ་གཏོགས་འབད་མི་ཚུ་ ད་ལས་ཕར་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ རྩེད་རིགས་འགོ་དཔོན་དང་ ཌོག་ཊར་ཚུ་གིས་ ཞིབ་དཔྱད་འབད་ནི་ཨིནམ་བཞིན་དུ་ གལ་སྲིད་ བྱ་ངན་ལག་ལེན་འཐབ་པའི་རྟགས་མཚན་ཐོན་པ་ཅིན་ རྩེད་རིགས་ནང་ བཅའ་མར་གཏོགས་མ་ཆོགཔ་བཟོ་ནི་ཨིན་པས།
ན་གཞོན་སློབ་ཕྲུག་དང་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་ཚུ་གིས་ འགོ་དང་འགོ་ལས་ར་ དེ་བཟུམ་མའི་ བྱ་ངན་གྱི་ལས་སྣ་ཚུ་འཛེམ་སྟེ་ ཕྱི་ནང་གི་ རྩེད་རིགས་ནང་ དོ་འགྲན་འབད་དེ་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་ཐབས་ལུ་ འབད་བརྩོན་བསྐྱེད་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment