Pages
▼
རྩྭ་ཟ་མི་ འོ་འཐུང་སེམས་ཅན་ སྒོམ་ཆེན་བྱི་ཙི་མཐོང་གསལ་བྱུང་ཡོདཔ།
སྤྱི་ཟླ་༤ པའི་ཚེས་༡༡།
༉ སྤྱི་ཟླ་༤ པའི་ཚེས་༩ ལུ་ ཐིམ་ཕུ་ལུང་བསྟན་ཟམ་པའི་ལྟག་ལས་ ནགས་མེ་ཤོར་མི་དེ་ བསད་པའི་སྐབས་ལུ་ པི་ཀ་ཟེར་མི་ སྒོམ་ཆེན་བྱི་ཙི་ཅིག་ མཐོང་གསལ་བྱུང་མི་དེ་ ནགས་ཚལ་ལས་ཁུངས་ རི་དྭགས་ཉམས་སྲུང་སྡེ་ཚན་ལས་ ཨྱོན་རྣམ་རྒྱལ་གྱིས་ པར་བཏབ་ཡོདཔ་ཨིན་པས།
སྒོམ་ཆེན་བྱི་ཙི་དེ་ རྐང་ལག་ཐུང་ཀུ་དང་ རྣམ་ཅོག་ཐད་སྒོར་སྒོར་ དེ་ལས་ མཇུག་མ་ཐུང་སུ་སྦེ་ཡོད་མི་ འོ་འཐུང་སེམས་ཅན་ ཆུང་ཀུ་ཅིག་ཨིན་པའི་ཁར་ སེམས་ཅན་དེ་ཚུ་ གཟུགས་ཚད་ཨིན་ཅི་༦-༩ དང་ ལྗིད་ཚད་ཡང་ ག་རམ་༡༢༠ ལས་༣༥༠ གི་བར་ན་ འོང་དོ་ཡོདཔ་ད་ ཚང་དོང་ནང་འཛུལཝ་ད་ བྱི་སི་རྐྱབ་དོ་བཟུམ་མའི་ སྐད་རྐྱབ་ནི་དེ་གིས་ སེམས་ཅན་དེ་ལུ་ ཝིསི་ལིང་ཧར་ཟེར་ཡང་ སླབ་དོ་ཡོདཔ་ཨིན་པས།
སྒོམ་ཆེན་བྱི་ཙིའི་རིགས་ཚུ་ གནམ་གཤིས་བསིལ་སར་ སྡོདཔ་མ་ཚད་ མང་ཤོས་ར་ ཨེ་ཤི་ཡ་དང་ བྱང་ཕྱོགས་ཨེ་མི་རི་ཀ་ དེ་ལས་ ཤར་ཡུ་རོབ་ཀྱི་ ལུང་ཕྱོགས་ཆ་ཤས་ཅིག་ནང་ མཐོང་ནི་ཡོདཔ་ད་ སྒོམ་ཆེན་བྱི་ཙི་ཚུ་ ཙྭ་ཟ་མི་ སེམས་ཅན་ཨིན་པའི་གནས་ཚུལ།
No comments:
Post a Comment