གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནདཔ་ཚབས་ཆེན་ཅིག་ ད་རིས་ ཀཱོལ་ཀ་ཊ་ལུ་ གཏང་དོ་ཡོདཔ།

༉ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཚབས་ཆེན་ནད་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོད་མི་ ཁྲིམས་སྲུང་འགག་པ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ད་རིས་ རྒྱ་གར་ཀཱོལ་ཀ་ཊ་ལུ་ གནམ་གྲུའི་ཐོག་ སྨན་བཅོས་འབད་བར་ གཏང་ནི་ཨིན་པས།


སྐྱེས་ལོ་༣༠ སོ་གྲངས་ཕྱིས་ཁམས་ནང་འབད་མི་ ཁྲིམས་སྲུང་འགག་པ་དེ་ ཁྲིམས་སྲུང་དམག་མི་གཞན་༢༢ དང་གཅིག་ཁར་ སྤྱི་ཟླ་༤ པའི་ཚེས་༨ ཀྱི་ཉིན་མར་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ལྟག་ལུ་ ནགས་མེ་བསད་པར་ སོང་བའི་སྐབས་ ཁོང་འབག་འགྱོ་མི་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་དེ་ ལམ་འོག་ལས་མར་ རྦོབ་རིལ་སོང་བའི་སྐབས་ མགུ་ཏོག་ལུ་ རྨ་སྐྱོན་བྱུངམ་ད་ ཀླདཔ་ནང་ན་ ཐོ་ཕོག་ནུག་ཟེར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ ཌོག་ཊར་ཅིག་གིས་ བཤདཔ་ཨིན་པས།
རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ནདཔ་དེ་ ཀཱོལ་ཀ་ཊ་སྨན་ཁང་ནང་ སྨན་བཅོས་འབད་བའི་ ཟད་འགྲོ་ཚུ་ ཆ་མཉམ་ར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གནང་ནི་ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་༢༣ འབག་སོང་མི་ སྣུམ་འཁོར་ཊག་དེ་ ནགས་ཚལ་ནང་ མེ་རྐྱེན་ཤོར་སའི་ ས་ཁོངས་ཀྱི་ སྦོ་ལོགས་ཁར་ལྷོདཔ་ད་ གྱེན་ལམ་ལས་ རྒྱབ་བཤུད་རྐྱབ་འོངམ་ད་ བཀག་འཕྲུལ་ལཱ་འབད་མ་བཏུབ་པར་ ལམ་འོག་ལས་མར་ མི་ཊར་༥༠ གི་ས་ཁར་ རྦོབ་རིལ་ཡར་སོཔ་ལས་ སྤེལ་རྒྱབ་༢ ཁ་འཐུམ་མར་ བསད་དཔ་ལས་ ཁོང་གཉིས་ཀྱི་ མེ་སྦྱང་དེ་ ཁ་ཙ་འབད་ཡི།
དེ་བསྒང་ དེད་གཡོགཔ་བརྩིས་ཏེ་ མི་གྲངས་༤ སྣུམ་འཁོར་ནང་ལས་མཆོངས་ཏེ་ ཉེན་སྐྱོབ་འབད་ཚུགས་ཡོད་རུང་ ཁྲིམས་སྲུང་འགག་པ་གཞན་༡༧ ལུ་ རྨ་སྐྱོན་བྱུངམ་ལས་ དེ་འཕྲོ་ལས་ ཐིམ་ཕུ་སྨན་ཁང་ནང་བསྐྱལ་ནུག།
རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ ནདཔ་༡༢ སྤྱི་ཟླ་༤ པའི་ཚེས་༩ ལུ་ སྨན་བཅོས་འབད་དེ་ བཏང་ཡོདཔ་ད་ གནོད་སྐྱོན་ཚབས་ཆེན་བྱུང་མི་ ཁྲིམས་སྲུང་འགག་པ་༢ ཚབས་ཆེན་ནད་ཁང་ནང་ བཞག་མི་ལས་༡ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ གཤག་བཅོས་ནད་ཁང་ནང་ སྤོ་བཤུད་འབད་ཡོདཔ་བཞིན་དུ་ ནདཔ་གཞན་༣ རུ་ཏོ་ནད་ཁང་ནང་ ཡོདཔ་ཨིན་པས།
ནགས་མེ་དེ་ ཉིནམ་གཉིས་ཀྱི་ཤུལ་ལས་ བསད་ཚུགས་ཡོད་རུང་ མེ་རྐྱེན་དེ་ ག་དེ་སྦེ་ ཤོར་སོཔ་ཨིན་ན་ ད་ལྟོའི་བར་ན་ཡང་ རྒྱུ་རྐྱེན་ཧ་གོ་མ་ཚུགས་པར་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ མེ་རྐྱེན་གྱི་སྐབས་ ས་ཁོངས་དེ་ནང་ལས་ དོགས་པ་ཅན་༣ འཛིན་བཟུང་འབད་དེ་ དྲི་དཔྱད་འབདཝ་ད་ ཁོང་མེན་པའི་ མངོན་གསལ་བྱུང་ཡི་ཟེར་ཨིནམ་ད་ ཁོང་༣ ས་ཁོངས་དེ་ནང་ལྷོདཔ་ད་ ནགས་མེ་ཤོར་མི་དང་ ཁ་ཐུག་རྐྱབ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment