Pages

སྣུམ་འཁོར་རྦོབ་རིལ་མིའི་ནང་ དགེ་སློང་༡ ལུ་ཤི་རྐྱེན།

༉ ཁ་ཙ་ མོང་སྒར་ལས་ ཐིམ་ཕུ་ཁ་ཐུག་ལུ་འོང་མི་ སྣུམ་འཁོར་ཧུ་བཱར་ཅིག་ ཉིན་མའི་ཆུ་ཚོད་༡༡ དེ་ཅིག་ཁར་ གཞུང་ལམ་འོག་ལས་མར་ མི་ཊར་༢༥༠ དེ་ཅིག་ རྦོབ་རིལ་སོ་མི་ལུ་བརྟེན་ སྐྱེས་ལོ་༣༢ ལང་མི་ དགེ་སློང་༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


རྐྱེན་ངན་དེ་ ཡོང་ཀོ་ལ་དང་ ནམ་གླིང་བྱག་གི་བར་ན་ལྷོདཔ་ད་ བྱུང་ཡོདཔ་ད་ ཚེ་འདས་དགེ་སློང་དེ་ མོང་སྒར་ ཙ་ཀ་གླིང་ལས་ཨིན་པས།
མོང་སྒར་ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་ནང་ ལམ་སེལ་ལས་མི་ཚུ་གིས་ སྣུམ་འཁོར་རྦོབ་རིལ་བའི་ སྐད་གོ་བའི་ཤུལ་ལས་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
རྐྱེན་ངན་བྱུང་མི་ སྣུམ་འཁོར་དེ་ནང་ ཚེ་འདས་དེད་གཡོགཔ་བརྩིས་ཏེ་ རྟ་མགོ་བཤད་གྲྭའི་ དགེ་སློང་༤ འདུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
གནོད་སྐྱོན་བྱུང་མི་ དགེ་སློང་༣ ཆ་ར་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
སྣུམ་འཁོར་རྦོལ་རིལ་མིའི་སྐོར་ལས་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment