Pages

ཕོ་སྐྱེས་ཀྱི་སྡེ་ཚན་ལས་ ཕོ་རྒྱ་དང་ ཨམ་སྲུའི་སྡེ་ཚན་ལས་ མེསི་ཊསི་གིས་ རྒྱལ་ཁ་ཐོབ་ཡོདཔ།

རྒྱལ་ཁ་ཐོབ་མི་ ཕོ་རྒྱ་སྡེ་ཚན།
བཀྲིས་ཕུན་ཚོགས།

མིག་དམར་ སྤྱི་ཟླ་༤ ཚེས་༩། ༉ ཁ་ཙ་ གསེར་ཁྲི་མངའ་གསོལ་གྱི་ བཱསི་ཀཱེཌ་བཱོལ་ མཐའ་བཅད་འགྲན་བསྡུར་ནང་ ཕོ་རྒྱ་སྡེ་ཚན་གྱིས་ ཝིད་ཟཱད་སྡེ་ཚན་ལས་ རྒྱལ་ཁ་ཐོབ་པའི་ཁར་ བུམོ་གི་སྡེ་ཚན་ལས་ མེསི་ཊསི་གིས་ དཔའ་མོསི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཅི།
བུཚ་གི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༥ གི་ནང་ ཕོ་རྒྱ་སྡེ་ཚན་གྱིས་ སྐུགས་༡༠ ཐོབ་པའི་སྐབས་ ཝིད་ཟཱད་སྡེ་ཚན་གྱིས་ སྐུགས་༥ ལས་ ཐོབ་མ་ཚུགས་རུང་ རྩ་འགེངས་རྐྱབ་སྟེ་ ཀཱོ་ཊར་དང་པའི་ནང་ སྐུགས་༡༠ ཐོབ་ད་ ཕོ་རྒྱ་གིས་ སྐུགས་༢༠ ཐོབ་ཅི།


ལྟདམོ་ལྟ་མི་ཚུ་གིས་ རང་ཕྱོགས་ཀྱི་ སྡེ་ཚན་ལུ་ སྐད་རྐྱབ་ལགཔ་ཐལ་རྩེ་བརྡུངས་ཐོག་ལས་ རྒྱབ་སྐྱོར་འབད་བའི་སྐབས་ རྩེད་འགྲན་པ་ཚུ་ འུ་སྡུག་ཐང་ཆད་རུང་ རྩ་འགེངས་ཏེ་ རྩེ་བའི་བར་ན་ ཝིད་ཟཱད་སྡེ་ཚན་གྱིས་ སྐོར་ཐེངས་༢ པའི་ནང་ སྐུགས་༢༩ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༣༠ བཟོ་ཡི། 
སྐོར་ཐེངས་༣ པའི་ནང་ ཕོ་རྒྱ་སྡེ་ཚན་གྱིས་ བར་ན་ བཱོལ་ཕར་ཚུར་ བརྗེ་སོར་འབད་དེ་ གཱོལ་གཅིག་ཤུལ་གཉིས་སྦེ་བཙུགས་ཏེ་ སྐུགས་༥༥ ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༥༡ ཐོབ་ཡོདཔ་ཨིན་རུང་ སྐོར་ཐེངས་༥ རྩེཝ་ད་ ཕོ་རྒྱ་གིས་ སྐུགས་༧༥ ཐོབ་ཐོག་ལས་ ཝིད་ཟཱད་སྡེ་ཚན་དེ་ ཕམ་བཏང་ཡོདཔ་ད་ དེ་བསྒང་ ཝིད་ཟཱད་ཀྱིས་ སྐུགས་༥༨ མ་གཏོགས་ཐོབ་མ་ཚུགས།

རྒྱལ་རྟགས་གསོལ་རས་ལེན་མི་ མེསི་ཊསི་སྡེ་ཚན།

དེ་ལས་ བུམོ་གི་མཐའ་བཅད་འགྲན་བསྡུར་ནང་ མེསི་ཊསི་དང་ དཔའ་མོསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ མེསི་ཊསི་སྡེ་ཚན་གྱིས་ སྐུགས་༥༩ གི་ཐོག་ལས་ དཔའ་མོསི་སྡེ་ཚན་ཕམ་བཏང་ཡོདཔ་ད་ སྡེ་ཚན་དེ་གིས་ སྐུགས་༤༨ མ་གཏོགས་ཐོབ་མ་ཚུགས།
འབྲུག་བཱསི་ཀེཊ་བཱོལ་ཚོགས་སྡེ་གིས་ སྤྱི་ཟླ་༣ པའི་ཚེས་༢༢ ལས་ འགོ་བཙུགས་མི་ ཐིམ་ཕུ་ཆུ་རྩལ་ཁང་ནང་སྦེ་ འགོ་འདྲེན་འཐབ་མི་ ལོ་བསྟར་གྱི་ བཱསི་ཀེཊ་བཱོལ་འགྲན་བསྡུར་ནང་ ཕོ་སྐྱེས་ཀྱི་སྡེ་ཚན་༢༦ དང་ ཨམ་སྲུའི་སྡེ་ཚན་༦ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

No comments:

Post a Comment