ཀེ་ཊི་ཌི་སྡེ་ཚན་གྱིས་ སྐུགས་ཆོད་པའི་ མདའ་འཆམ་རྐྱབ་པའི་བསྒང་། |
ཉིནམ་དང་པའི་སྐབས་ལུ་ ཀེ་ཊི་ཌི་སྡེ་ཚན་གྱིས་ སྐུགས་གཅིག་ཆོད་པའི་ཤུལ་ལུ་ སྐུགས་༢ པམ་ནང་ སྐུགས་༡༢ དང་ སྐུགས་༩ ཐོབ་པའི་ཤུལ་ལུ་ དུས་ཚོད་ཚང་སྟེ་ མཇུག་བསྡུ་དགོ་བྱུང་ནུག།
འཕྲོ་མཐུད་རྩེད་འགྲན་ཉིནམ་གཉིས་པའི་སྐབས་ལུ་ སྡེ་ཚན་གཉིས་ཆ་རའི་ཁ་ཐུག་ལས་ དོ་འགྲན་ཚུ་ལེགས་ཤོམ་འབད་ཡོདཔ་ཨིན་པས།
ཉིན་མའི་ཆུ་ཚོད་༡༡ ལུ་ དྲི་སི་ཨེ་སྡེ་ཚན་གྱིས་ བཀག་རེ་༣ དང་ མདའ་ཡ་༤ རྐྱབ་ཡོདཔ་ལས་ སྐུགས་ཆོད་ནིའི་དོན་ལུ་ གྱངས་ཁ་ཚང་སྟེ་ རྩེད་འགྲན་འབད་མི་ཚུ་གིས་ རྒྱལ་ཁའི་ཚུལ་སྟོན་ཏེ་ སྡོད་པའི་བར་ན་ར་ བྱང་ཕྱད་སྡེ་ཚན་ལས་ མ་རྐྱབ་མི་གིས་ མདའ་ཡ་གཅིགཔ་དེ་གིས་ བཀག་རེག་ཕོག་སྟེ་ སྐུགས་༦ ཚར་གཅིག་གུ་ བཏོག་བཏངམ་ལས་ སྐུགས་༢༠ ལས་ བརྒལ་ཐོབ་མ་ཚུགས་པས།
དྲི་སི་ཨེ་སྡེ་ཚན་གྱིས་རྩ་འགེངས་པའི་གྲུབ་འབྲས་ཚུ་བྱུང་སྟེ་ སྐུགས་གཉིས་པམ་དེ་ཆོད་ཚུགས་ཡོདཔ་ཨིན་པས།
ཨིན་རུང་ ཕྱི་རུའི་ཆུ་ཚོད་༥.༣༠ ཚངམ་ད་ སྡེ་ཚན་གཉིས་ཆ་ར་གིས་ སྐུགས་༡༧ དང་༢༠ ལས་བརྒལ་ཐོབ་མ་ཚུགསཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགསཔ་བཞིན་དུ་ རང་ལུགས་མདའ་རྩེད་ཀྱི་ ལམ་ལུགས་ལྟར་དུ་སྦེ་ སྐོར་ཐེངས་༢ ཐེབས་རྐྱབ་བཅུག་པའི་སྐབས་ ཀེ་ཊི་ཌི་སྡེ་ཚན་གྱིས་སྐུགས་༢༥ ཐོབ་སྟེ་ སྡེ་ཚན་གཞན་མི་དེ་ ཕམ་བཏང་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment