Pages

དབང་བཙོང་ལུས་འབྲེལ་གྱི་རྩོད་བཤེར་ ཁ་ཙ་རྫོང་ཁག་ཁྲིམས་འདུན་ལུ་ ཐོ་བཀོད་འབད་ཡོདཔ།

༉ བུམ་ཐང་རྫོང་ཁག་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་བུམོ་ཅིག་ མོ་རའི་ཨ་པ་གིས་ དབང་བཙོང་ལུས་འབྲེལ་འབད་བའི་ ཉེས་འཛུགས་ཀྱི་ རྩོད་བཤེར་དེ་ ཁ་ཙ་ རྫོང་ཁག་ཁྲིམས་འདུན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་གི་སྐོར་ལས་ ཞིབ་དཔྱད་འབདཝ་ད་ ཨ་པ་གིས་ ཁོ་ར་ ཆང་འཐུང་མི་ཅིག་འབདཝ་ལས་བརྟེན་ ལུས་འབྲེལ་འབད་དཔ་འོང་ནི་མས་ཟེར་ སླབ་དེས་ཟེར་ཨིན་པས།
ཉམས་རྒུདཔ་བུམོ་དང་ མོ་རའི་ ཨ་ཞེམོ་གི་ ངག་བརྗོད་ལུ་ གཞི་བཞག་སྟེ་ ཁྲིམས་འདུན་ལུ་ དབྱེ་རིམ་༢ པའི་ ཉེས་འཛུགས་འབད་དེ་ བཤེར་ཡིག་བཙུགས་ཅི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ རྐྱེན་ངན་དེ་གི་སྐོར་ལས་ ཤེས་རྟོགས་བྱུང་བའི་སྐབས་ ཟླཝ་༡ ལང་ཡོདཔ་ལས་ སྨན་ཁང་ནང་ ཞིབ་དཔྱད་འབད་བར་བཏང་ཡོད་རུང་ བུམོ་དེ་གི་ གསང་སྒོ་ནང་ ངོས་འཛིན་ག་ནི་ཡང་ མ་བྱུངམ་ལས་ སྨན་ཁང་གིས་ཡང་ ཏན་ཏན་ཅིག་ སླབ་མ་ཤེས་རུང་ བུམོ་དེ་ལུ་ ལུས་འབྲེལ་ ངེས་ཏིག་འབད་ཡོདཔ་ཨིན་པས།
བུམོ་དེ་ བུམ་ཐང་རྫོང་ཁག་གི་ འབྲིང་རིམ་སློབ་གྲྭ་བར་མ་ཅིག་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ མོ་རའི་ཨའི་ དགེ་ལེགས་ཕུག་ སུ་རེད་ལུ་ གཡུས་ཁར་འགྱོ་བའི་སྐབས་ བྱུང་ཡོདཔ་ད་ ཨའི་དེ་ ལོག་བུམ་ཐང་ལུ་ལྷོདཔ་ད་ བུམོ་གིས་ ཨའི་ལུ་སླབ་ཡོདཔ་ལས་ སྤྱི་ཟླ་༢ པའི་ཚེས་༢༧ ལུ་ སྙན་ཞུ་འབད་ཡོདཔ་ད་ ཁོང་བཟའ་ཚང་ཚུ་ ལམ་སེལ་ལས་མི་ཨིན་པས།
སྐྱེས་ལོ་༤༥ ལང་མི་ རྒྱ་གར་གྱི་ མི་ཁུངས་ཨིན་མི་ ཕོ་སྐྱེས་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment