Pages

མོང་སྒར་ལུ་ བཛྲ་གུ་རུ་དུང་སྒྲུབ་ གནང་པའི་བསྒང་ཡོདཔ།

བཛྲ་གུ་རུ་བགྱང་མི་ཨ་རྒས་དང་ཨང་རྒས་ཚུ།
༉ མོང་སྒར་རྫོང་ཁག་གིས་ ལོ་བསྟར་བཞིན་དུ་ བཛྲ་གུ་རུ་དུང་སྒྲུབ་ གནང་སྲོལ་ཡོད་མི་དེ་ སྤྱི་ཟླ་༤ པའི་ཚེས་༡༥ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཆོས་ཕྱོགས་ཀྱི་ ལས་རིམ་དེ་ མོང་སྒར་རྫོང་བདག་དང་ རབ་སྡེ་གྲྭ་ཚང་༢ ཁྲི་འཛིན་ཨིན་མི་ རྫོང་ཁག་ཆོས་མཐུན་ཚོགས་པ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ནང་ མོང་སྒར་རབ་སྡེ་གྲྭ་ཚང་དང་ སྐྱིད་བདེ་མཁར་བཤད་གྲྭ་ དེ་ལས་ ཡན་ལག་གྲྭ་ཚང་ཚུ་ནང་ལས་ དགེ་སློང་ཞལ་གྲངས་༢༠༠ ལྷགཔ་ཅིག་གིས་གཙོས་པའི་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་དང་ འོག་མ་ དེ་ལས་ སྐྱིད་བདེ་མཁར་འབྲིང་རིམ་སློབ་གྲྭ་བར་མ་ཚུ་ནང་ལས་ སློབ་ཕྲུག་ཚུ་དང་ ཉེ་འདབས་ཀྱི་ རྒེད་འོག་ཚུ་ནང་ལས་ དད་ཅན་ཕོ་མོ་ཚུ་བརྩིས་ཏེ་ ཞལ་གྲངས་༡༠༠༠ ལས་བཅད་མི་ཚུ་གིས་ བསག་གནང་དོ་ཡོདཔ་ཨིན་པས།


བཛྲ་གུ་རུ་དུང་སྒྲུབ་དེ་ རང་ཟླ་༢ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པས།
བཛྲ་གུ་རུ་དུང་སྒྲུབ་ མཇུག་བསྡུའི་སྐབས་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མི་མང་ལུ་ ཚེ་དབང་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ། 

ཚེ་རིང་རྣམ་རྒྱལ།

No comments:

Post a Comment