གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་གི་ རྩོད་བསྡུར་ནང་ཡང་ སྐྱོན་བརྗོད་མངམ་འབད་ཡོདཔ།གཡོན་ལས་ ཡོ་གེཤ་ཏ་མང་དང་ གཡང་ཁུག་ཚེ་རིང་གིས་ རྩོད་བསྡུར་འབད་བའི་བསྒང་།

 
གཡོན་ལས་ ཡོ་གེཤ་ཏ་མང་དང་ གཡང་ཁུག་ཚེ་རིང་གིས་ རྩོད་བསྡུར་འབད་བའི་བསྒང་།

༉ འདས་པའི་བདུན་ཕྲག་ནང་ འགོ་འདྲེན་འཐབ་མི་ རྩི་རང་རྫོང་ཁག་ དཀྱིལ་འཁོར་ཐང་-མན་ཌལ་སྒང་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱི་བར་ན་ རྩོད་བསྡུར་འབད་མི་དེ་ རྫོང་ཁག་གཞན་ཚུ་ནང་འབད་མི་ རྩོད་བསྡུར་དང་ ཁྱད་པར་ག་ནི་ཡང་མེད་པའི་ མངོན་གསལ་བྱུང་ཡི།

དེ་ཡང་ ད་རེས་ནངས་པ་ ལམ་ལུགས་བཟུམ་ཅིག་ལུ་ གྱུར་ཡོད་མི་ སྲིད་དོན་ཚོགས་པ་གཅིག་གིས་གཅིག་ལུ་ སྐྱོན་བརྗོད་འབད་ཡོདཔ་ལས་ ཡ་མཚན་ཆེ་དགོཔ་ མ་བྱུངམ་ཨིན་པས།


འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ གཡང་ཁུག་ཚེ་རིང་ཤེར་པ་གིས་འབད་བ་ཅིན་ མི་སེར་དམངས་གཙོའི་ཚོགས་པ་གིས་ གནམ་གྲུ་ཧེ་ལི་ཀོབ་ཊར་ཉོ་བྱིན་ནི་ཨིན་ཟེར་ སླབ་མི་དེ་ མི་སེར་འུ་སྡུག་ཉག་ཕྲ་ནང་ སྡོད་མི་ཚུ་ལུ་ ག་དེ་སྦེ་ ཕན་ཐོགས་འོང་ག་དོགས་པ་ཡོད་པའི་ཁར་ འབྲུག་ཕུན་སུམ་ཚོགས་པ་གིས་ གྲུབ་འབྲས་བཏོན་ཚར་མི་ མི་རྩིས་ཀྱི་ དཀའ་ངལ་བསལ་ནི་དང་ བསྐྱིན་འགྲུལ་དང་འབྲེལ་བའི་ དཀའ་ངལ་དེ་ རང་དབང་ཐ་དད་ཅན་གྱི་ གཙུག་སྡེའི་ལག་པར་ཨིནམ་ལས་ འདས་པའི་གཞུང་གིས་ བཟོ་ཡི་ཟེར་ བསྐུལ་བསྒྲགས་འབད་མི་དེ་ མི་བདེན་ཟེར་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་  ཡོ་གེཤ་ཏ་མང་གིས་ སླབ་མིའི་ནང་ ཚོགས་པའི་དབུ་ཁྲིད་ཚུ་ ངན་ལྷད་ནང་ འབྲེལ་གཏོགས་འབད་མི་དང་ ད་རེས་ནངས་པ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཚོགས་པའི་ངོ་ཚབ་ཚུ་ལུ་ ཏི་རུ་སྤྲོད་དེ་ ཚོགས་རྒྱན་ལྷངམ་མས་ཟེར་ ལོ་རྒྱུས་གོ་དོ་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་ གནད་དོན་ཅིག་ཨིན་མས་ཟེར་ཨིན་པས།


དེ་ལས་ དྲི་བཀོད་ལས་རིམ་ནང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་གིས་ རྒྱལ་པོའི་ཞིང་སའི་ བྱེལཝ་ལ་སོགས་པ་ཚུ་ནང་ འབྲུག་ཕུན་སུམ་ཚོགས་པའི་ ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་བགྲེསཔ་༢ ངན་ལྷད་ནང་ འབྲེལ་གཏོགས་ཡོད་མི་ལུ་བརྟེན་ མི་སེར་གྱིས་ ག་དེ་སྦེ་ བློ་གཏད་ཚུགས་ནི་དང་ དམངས་གཙོའི་རིང་ལུགས་ ག་དེ་སྦེ་ སྒྲིང་སྒྲིང་བཟོ་ཚུགས་ག་ཟེར་ དྲི་བཀོད་འབད་ཡི།


འབྲུག་ཕུན་སུམ་ཚོགས་པའི་ གཡང་ཁུག་ཚེ་རིང་གིས་ མ་གཞི་ ངན་ལྷད་དེ་ གཞུང་གསརཔ་གཞི་བཙུགས་མ་འབད་བའི་ ལོ་ངོ་༡༠ གྱི་ཧེ་མར་བྱུང་བའི་ གནད་དོན་ཅིག་ཨིན་རུང་ དྭངས་གསལ་གྱི་དོན་ལས་ ངན་ལྷད་ལུ་ གཞུང་གི་ཁ་ཐུག་ལས་ བཟོད་བསྲན་མེད་མི་ལུ་བརྟེན་ བློན་ཆེན་བགྲེསཔ་མཆོག་གིས་ ཞིབ་དཔྱད་འབད་དགོ་པའི་ བཀའ་ཤོག་གནང་ཡོདཔ་ལས་ ད་རེས་གནས་སྟངས་དེམ་ཅིག་ལུ་ ལྷོད་མི་དེ་ དཔེ་བཟང་པོ་ཅིག་ཨིནམ་མ་ཚད་ རྩོད་རྙོགས་རྙིངམ་ དེ་སྦེ་ཐོན་དགོ་མི་དེ་ཡང་ སྲིད་ལུ་བརྟེན་ཨིན་ཟེར་ཨིན་པས།


གཡང་ཁུག་ཚེ་རིང་གིས་ སླབ་མིའི་ནང་ གཞུང་གིས་ འདྲ་མཉམ་གྱི་སྒོ་ལས་ འདས་པའི་ལོ་༥ འི་རིང་ གསོ་བ་དང་ ཤེས་རིག་ གློག་མེ་ འཐུང་ཆུ་ སོ་ནམ་ཞིང་ལམ་ སོ་ནམ་རྒྱ་བསྐྱེད་ཀྱི་དོན་ལུ་ རྒྱབ་སྐྱོར་དང་ མ་འོངས་ཡུན་བརྟན་གྱི་ ཐབས་ལམ་ཅིག་ཨིན་མི་ རང་མགོ་རང་འདྲོང་བཟོ་ནི་གི་ ལྟ་བ་ཅིག་ཨིནམ་བཞིན་དུ་ དབུལ་ཕོངས་ཀྱི་ དཀའ་ངལ་མར་ཕབ་གཏང་ནི་ཚུ་ནང་ གཙོ་བོར་གཏོན་ནི་ཟེར་ཨིན་པས།


ཡོ་གེཤ་ཏ་མང་གིས་འབད་བ་ཅིན་ འདས་པའི་གཞུང་གིས་ གྲུབ་འབྲས་བཏོན་མི་ཚུ་ ཆ་མཉམ་འཆར་གཞི་༡༠ པའི་ནང་ཡོད་མི་ཚུ་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པའི་ལྟ་བ་ དབང་ཚད་ཕྱིར་སྤེལ་གྱི་ཐོག་ལས་ སོ་ནམ་ཐོན་སྐྱེད་ཡར་སེང་གི་དོན་ལུ་ ན་གཞོན་ཚུ་ལུ་ ཆ་རོགས་འབད་ནི་ སྒེར་སྡེ་དང་ གྲོང་གསེབ་གོང་འཕེལ་གཏང་ནི་ ས་གནས་གཞུང་ལུ་ དབང་ཚད་སྦོམ་སྦེ་ བྱིན་ནི་ཟེར་ཨིན་པས།


རྩོད་བསྡུར་སྐབས་ལུ་ ཡོ་གེཤ་ཏ་མང་གིས་ རྫོང་ཁའི་ནང་ སླབ་ནི་ལུ་ དུམ་གྲ་ཅིག་ ལཱ་ཁག་རྐྱབ་མི་ལུ་བརྟེན་ དུས་ཚོད་ག་ར་ ལག་ལེན་མ་འཐབ་པར་ མཇུག་བསྡུ་ཡོད་རུང་ ཁོ་རའི་མནོ་དོན་ཚུ་ རྩ་འགེངས་ཏེ་ གསལ་བཤད་འབད་ཡོདཔ་ད་ གཡང་ཁུག་ཚེ་རིང་གི་ཐད་ལུ་ ཐོགས་ཆགས་མེད་པར་ དུས་ཚོད་དེ་ ལེགས་ཤོམ་སྦེ་ར་ མཇུག་བསྡུཝ་སྦེ་ ལག་ལེན་འཐབ་ཡོདཔ་ལས་ ཁོ་གིས་ སླབ་མིའི་ནང་ རྩོད་བསྡུར་གྱི་ དུས་ཚོད་དེ་ དུམ་གྲ་ཅིག་ རིངམོ་ཡོད་པ་ཅིན་ གསལ་བཤད་ཡོངས་རྫོགས་འབད་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།


རྩོད་བསྡུར་གྱི་ ལས་རིམ་སྐབས་ འདེམས་ངོ་རེ་རེ་ལུ་ འགོ་བཙུགས་ཀྱི་གསལ་བཤད་ དུས་ཡུན་སྐར་མ་༡༠ རེ་དང་ དྲི་བཀོད་ཀྱི་དོན་ལུ་ སྐར་མ་༢ དེ་ལས་ མཇུག་བསྡུའི་གསལ་བཤད་ཀྱི་དོན་ལུ་ སྐར་མ་༥ རེ་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment