༢༩/༧/༢༠༡༣ ༉ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ ལག་རྩལ་བཱོལ་ལི་བཱོལ་འགྲན་བསྡུར་འབད་སའི་ རྩེད་ཐང་བཟོ་སྐྲུན་འབད་མི་དེ་ འགོ་འབྱེད་འབདཝ་ད་འབྲེལ་ ལས་ཁུངས་ཁག་གི་ སྡེ་ཚན་༡༣ གྱི་བར་ན་ འགྲན་བསྡུར་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་ཡང་ ལག་རྩལ་བཱོལ་ལི་བཱོལ་འགྲན་བསྡུར་དེ་ འོད་ཟེར་ལས་སྡེ་དང་ འབྲུག་བཱོལ་ལི་བཱོལ་ཚོགས་པ་༢ མཉམ་རུབ་ཐོག་ལུ་ ལས་ཁུངས་ཁག་གི་ རྩེད་འགྲན་འགོ་འདྲེན་འཐབ་དོ་ཡོདཔ་ད་ ལོ་༣ གྱི་རྒྱབ་ལས་ ལོག་རྩེད་འགྲན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༧ རེས་གཟའ་ཉི་མ་ལུ་ འབྲུག་ཨོ་ལིམ་པིག་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་དང་ འབྲུག་བཱོལ་ལི་བཱོལ་ཚོགས་པའི་འཐུས་མི་ སྐུ་མགྲོན་གཙོ་བོ་ རང་ལུགས་མདའ་རྩེད་ཚོགས་པའི་གཙོ་འཛིན་ བློན་པོ་བགྲེསཔ་ཀུན་བཟང་རྡོ་རྗེ་གིས་ གཙོས་པའི་ ཀིངསི་ཀ་ལབ་རྩེད་འགྲན་ནང་ བཅའ་མར་གཏོགས་མི་ ཕུཊ་བཱོལ་གྱི་མཁས་མཆོག་ ཡུ་ནའི་ཊེཌ་སི་ཀིམ་གྱི་ འགོ་ཁྲིདཔ་ བཱའི་ཅུང་བོ་ཊི་ཡ་ཚུ་གིས་སྦེ་ བཱོལ་ལི་བཱོལ་རྩེད་ཐང་དེ་ འགོ་འབྱེད་འབད་ཡི།
རྩེད་ཐང་འགོ་འབྱེད་འབདཝ་ད་འབྲེལ་ མཐུན་ལམ་དང་ ཆ་རོགས་སྡེ་ཚན་༢ ཀྱི་བར་ན་ སྐུགས་ཐེངས་༥ པའི་རྩེད་འགྲན་འབད་ཡོདཔ་ད་ སྐུགས་༥ པོ་རྩེད་འགྲན་འབད་བའི་སྐབས་ མཐུན་ལམ་སྡེ་ཚན་གྱིས་ སྐུགས་༣ ཆོདཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༢ ལས་བརྒལ་ཆོད་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་རྒྱང་བསྒྲགས་དང་ ཤེས་རིག་ལྷན་ཁག་༢ ཀྱི་བར་ན་ རྩེད་འགྲན་འབད་མི་དེ་ འབྲུག་རྒྱང་བསྒྲགས་ཀྱིས་ སྐུགས་༣ སྦྱེལཝ་སྦྱེལ་སར་ཆོད་བཏངམ་ལས་ བྱང་ཕྱད་སྡེ་ཚན་དེ་ ཕམ་ཡོདཔ་བཞིན་དུ་ ཨེན་ཨེལ་སི་ཨེསི་སྡེ་ཚན་གྱིས་ ཞབས་ཏོག་ལྷན་ཁག་ཕམ་ཡོད་པའི་ཁར་ རྒྱབ་སྲུང་སྡེ་ཚན་དེ་ ཁྲོམ་སྡེ་ཁྲིམས་སྲུང་གིས་ ཕམ་བཏང་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་སྡེ་ཚན་དེ་ རྒྱལ་ས་ལྟེ་བ་སྡེ་ཚན་གྱིས་ སྐུགས་༣ སྦྱེལཝ་སྦྱེལ་སར་ཆོད་དེ་ཕམ་བཏང་བའི་སྐབས་སུ་ ཕམ་མི་སྡེ་ཚན་གྱིས་ སྐུགས་༡ ཡང་ ཆོད་མ་ཚུགསཔ་ཨིན་པས།
འོད་ཟེར་ལས་སྡེ་ལས་ འཛིན་སྐྱོང་གཙོ་འཛིན་འགོ་དཔོན་ ཀུན་བཟང་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ དེ་སྦེ་ རྩེད་འགྲན་འགོ་འདྲེན་འཐབ་དགོ་མའི་གནད་དོན་དེ་ ལས་སྡེ་གི་ དམིགས་ཡུལ་ངོ་མ་ར་ འབྲུག་པའི་རྩེད་རིགས་གོང་འཕེལ་གཏང་ནི་ཨིནམ་མ་ཚད་ རྩེད་རིགས་ནང་ འབྲུག་པའི་ན་གཞོན་ཚུ་ལུ་ འབྲེལ་གཏོགས་ཀྱི་གོ་སྐབས་ དེ་ལས་ མ་འོངས་རྒྱལ་ཁབ་ནང་ ལས་སྡེ་ཚུ་གིས་ཡང་ འགོ་འདྲེན་འཐབ་ནི་ལུ་ སྤྲོ་བ་ལེན་ཐབས་ལུ་ཨིན་ཟེར་ སླབ་ཨིན་པས།
འབྲུག་བཱོལ་ལི་བཱོལ་ཚོགས་སྡེ་ལས་ བཱོལ་ལི་བཱོལ་གྱི་ སློབ་སྟོན་པ་ ཚེ་དབང་དངོས་གྲུབ་ཀྱིས་ སླབ་མིའི་ནང་ ཚོགས་སྡེ་གིས་ བཱོལ་ལི་བཱོལ་འགྲན་བསྡུར་འགོ་འདྲེན་འཐབ་མ་ཚུགས་པར་ ལོ་༣ ལྷགཔ་ཅིག་ ལུས་མིའི་གནད་དོན་དེ་ དང་པ་ བཱོལ་ལི་བཱོལ་རྩེད་འགྲན་པའི་མཁས་མཆོག་གི་དཀའ་ངལ་དང་ མ་དངུལ་གྱི་དཀའ་ངལ་ དེ་ལས་ འགོ་འདྲེན་འཐབ་ནིའི་དོན་ལུ་ ས་ཁོངས་ཚུལ་ལྡན་མེད་པའི་དཀའ་ངལ་ཚུ་ཡོད་མི་ལུ་བརྟེན་ འགོ་འདྲེན་འཐབ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ འོད་ཟེར་ལས་སྡེ་དང་ཅིག་ཁར་ མཉམ་རུབ་ཀྱི་ཐོག་ལས་ ལག་རྩལ་འགོ་འདྲེན་འཐབ་པའི་ཤུལ་ལུ་ སྤྲོ་བ་དང་ དང་འདོད་ཡོད་མི་ན་གཞོན་ལུ་ སྦྱོར་བརྡར་དང་ སློབ་སྟོན་པ་ཚུ་གི་སྦྱོང་བརྡར་ དེ་ལས་ རྫོང་ཁག་གཞན་མིའི་ནང་ གཞུང་ས་དང་ སྒེར་ས་ཡོད་པ་ཅིན་ ཐང་བཟོ་སྐྲུན་འབད་དེ་ སྦྱོང་བརྡར་དང་ འགྲན་བསྡུར་ཚུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་ལས་འཆར་ཚུ་ཡོད་ཟེར་ སླབ་ཨིན་པས།
ལྟདམོ་ལྟ་བར་འོང་མི་ ལ་ལུ་ཅིག་གིས་ ཀུན་གསལ་ལུ་སླབ་མི་དང་འཁྲིལཝ་ ལོ་༣ ལྷགཔ་ཚུན་ བཱོལ་ལི་བཱོལ་འགྲན་བསྡུར་རྐྱབ་ས་མ་མཐོངམ་ལས་ བཱོལ་ལི་བཱོལ་རྩེད་འགྲན་གྱི་ལམ་ལུགས་དང་ རྩེད་འགྲན་འབད་ནིའི་རིག་པ་ དེ་ལས་ མི་མང་གིས་ རྩེདམོ་ལུ་ ག་དེ་སྦེ་ སྤྲོ་བ་ལེན་དོ་ག་ལྟ་ནིའི་དོན་ལུ་ འོང་ཡི་ཟེར་ ཨིན་པས།
རྩེད་འགྲན་འབད་མི་ཅིག་གིས་ འབད་བ་ཅིན་ དུས་ཅི་གི་ལོ་དེ་ནང་ འོད་ཟེར་ལས་སྡེ་བཟུམ་ཅིག་གིས་ རྩེད་འགྲན་གྱི་ལས་རིམ་འགོ་འདྲེན་མ་འཐབ་པ་ཅིན་ ལོ་༣ མ་ཚད་ ལོ་༡༠ སོང་རུང་ འབྲུག་བཱོལ་ལི་བཱོལ་ཚོགས་པ་གིས་ དེ་སྦེ་ བཞག་དོ་འོང་ཟེར་ སླབ་ཨིན་པས།
ཨིན་རུང་ རྩེད་འགྲན་དེ་ ལོག་འགོ་འདྲེན་འཐབ་ཡོདཔ་ལས་ དེ་གིས་ ན་གཞོན་དང་ དད་མོས་ཅན་ལུ་ ལེ་ཤ་གི་ཐན་ཐོགས་ཚུགས་ཟེར་ བསམ་འཆར་བཤདཔ་ཨིན་པས།
ད་རིས་ཕྱི་རུའི་ཆུ་ཚོད་༢ ལུ་ འབྲུག་དངུལ་ཁང་དང་ སོ་ནམ་དང་ ནགས་ཚལ་ལྷན་ཁག་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ གཞན་མི་ རྩེད་ཐང་ནང་ མཐུན་ལམ་དང་ ཆེ་མཐོ་ཁྲིམས་འདུན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
བདུན་ཕྲག་ངལ་གསོའི་སྐབས་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་ནི་དང་ བདུན་ཕྲག་གི་སྐབས་ལུ་ ལྟདམོ་བལྟ་མིའི་ སྟབས་བདེ་ཧིང་དང་འཁྲིལ་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
རྩེད་ཐང་འགོ་འབྱེད་འབདཝ་ད་འབྲེལ་ ཨོ་ལིམ་པིག་ཚོགས་པ་དང་ གཞན་མི་ སྡེ་ཚན་དང་མཉམ་ རྩེད་འགྲན་འབད་བའི་བསྒང་། |

བཀྲིས་ཕུན་ཚོགས།
ལེ་ཤ་གི་ཐན་ཐོགས་ཟེར་མི་འདི། ང་གིས་འབདཝ་ཅིན་ལེ་ཤ་གིས་ཕན་ཐོགས་ཟེར་མེན་ན་ལ་དག་ཆ།
ReplyDelete