༢༢/༧/༢༠༡༣ ༉ ཀིངསི་ཀ་ལབ་ཀྱི་རྩེད་འགྲན་འགོ་འབྱེད་འབདཝ་དང་འབྲེལ་ འབྲུག་པའི་རྩེད་འགྲན་སྡེ་ཚན་ ཡིད་འཛིན་གྱིས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ལས་ ལྟདམོ་ལྟ་མི་ སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་མི་ཚུ་ སེམས་དགའ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༠ རེས་གཟའ་ཉི་མའི་ ཆུ་ཚོད་ཕྱེད་དང་༤ ལས་ ལྟདམོ་ལྟ་བར་འོང་མི་དང་ ཕྱི་རྒྱལ་ལས་ བཅའ་མར་གཏོགས་མི་ རྩེད་འགྲན་འབད་མི་ཚུ་ སྤྲོ་བ་སྦོམ་བྱུང་ཐབས་ཀྱི་དོན་ལུ་ འགོ་འདྲེན་འཐབ་མི་ འོད་ཟེར་ལས་སྡེ་གིས་ རང་ལུགས་ཀྱི་ཞབས་བྲོ་དང་ འབྲེལ་བ་ཡོད་པའི་ ཀིངསི་ཀ་ལབ་ལུ་ བསྟོད་པའི་ཞབས་བྲོ་ཚུ་ གསལ་སྟོན་འབད་ཡོདཔ་མ་ཚད་ འབྲུག་པའི་སྙན་ཆའི་སྡེ་ཚན་གྱིས་ སྙན་ཆའི་ལས་རིམ་ཚུ་ཡང་ སྟོན་ཡོདཔ་ཨིན་པས།
དེ་ལས་ ཕྱི་རུའི་ཆུ་ཚོད་༤ ལུ་ ཡིད་འཛིན་སྡེ་ཚན་དང་ བང་ལ་དེཤ་ལས་ ཨ་རཱམ་བཱཌ་ཁྱི་ར་ སང་གཱ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ནིའི་དོན་ལུ་ འབྲུག་དང་ བང་ལ་དེཤ་གི་རྒྱལ་དར་༢ ཀྱི་སྦུག་ལས་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེའི་ རྒྱལ་དར་དང་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་རྒྱལ་དར་ཚུ་ གོ་རིམ་སྒྲིག་སྟེ་ རྩེད་ཐང་སྦུག་ལུ་ གྱལ་སྒྲིག་སྟེ་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེའི་ བརྟན་བཞུགས་སྤྱན་འབུལ་ཞུ་བའི་ཤུལ་ལུ་ རྒྱལ་ཁབ་༢ ཀྱི་ བརྟན་བཞུགས་ཕུལ་ཏེ་ རྩེད་འགྲན་དེ་ ཡ་མཚན་ཆེ་ཏོག་ཏོ་སྦེ་ འགོ་བཙུགས་ཅི།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༣༠ ཚུན་ ཡིད་འཛིན་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་གྱི་ས་ཁོངས་ནང་ བཱོལ་ཕར་ཚུར་སྤྲོད་དེ་ གཱོལ་བཙུགས་ནི་འབད་བའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ གཱོལ་བཙུགས་མ་ཚུགསཔ་ཨིན་རུང་ དུས་ཡུན་སྐར་མ་༣༥ ལངམ་ད་ ཡིད་འཛིན་སྡེ་ཚན་ལས་ བཙན་སྐྱོགས་ཀྱིས་ མགུ་ཏོ་གིས་སྦེ་ གཱོལ་བཙུགས་ཡོདཔ་ཨིན་པས།
བར་མཚམས་ངལ་གསོ་གི་ཤུལ་ལས་འབད་རུང་ ཡིད་འཛིན་གྱིས་ བྱད་ཕྱད་སྡེ་ཚན་ལུ་ གཱོལ་བཙུགས་ནི་སྦེ་ དོ་འགྲན་ག་དེ་ཅིག་འབད་རུང་ བཱོལ་བཟུང་མི་དང་ རྩེད་འགྲན་འབད་མི་ཚུ་གིས་ གཱོལ་བཙུགས་མ་བཅུག་པར་ དོ་འགྲན་འབད་ཡོདཔ་མ་ཚད་ ཡིད་འཛིན་སྡེ་ཚན་ལུ་ཡང་ གཱོལ་བཙུགས་ནི་ལུ་ དོ་འགྲན་འབདཝ་ད་ གཱོལ་བཙུགས་མ་ཚུགས་པར་ དུས་ཡུན་ཚང་སོཔ་ལས་ ཡིད་འཛིན་གྱིས་ སྐུགས་༣ ཐོབ་མི་གིས་ སེམས་དགའ་ཡོདཔ་མ་ཚད་ ལྟདམོ་ལྟ་མི་ཚུ་ཡང་ སྤྲོ་བ་སྦོམ་བྱུང་ཡོདཔ་ཨིན་པས།
སྤྱིར་བཏང་ལྟདམོ་ལྟ་མི་ཚུ་གིས་ ཧོངས་ལས་འབད་རུང་ འབྲུག་པའི་སྡེ་ཚན་རྐྱངམ་གཅིག་ལུ་ རྒྱབ་སྐྱོར་འབདཝ་མེན་པར་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ དབྱེ་བ་མེདཔ་སྦེ་ སྐད་རྐྱབ་ ལགཔ་ཐལ་རྩ་བརྡུངས་ ཕྱིའི་རྩེད་འགྲན་འབད་མི་ཚུ་ལུ་ཡང་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ སྤྲོ་བ་སྦོམ་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ ནེ་པཱལ་རྒྱལ་ཁབ་ལས་ ཐེ་རི་ཨེསི་ཊར་ཨེཕ་སི་སྡེ་ཚན་དང་ རྒྱ་གར་ལས་ ཡུ་ནའི་ཊེཌ་ སི་ཀིམ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བར་མཚམས་ངལ་གསོ་མ་རན་ཚུན་ ཐེ་རི་ཨེསི་ཊར་ཨེཕ་སི་སྡེ་ཚན་གྱིས་ ཡུ་ནའི་ཊེཌ་སི་ཀིམ་གྱི་ཁ་ཐུག་ལུ་ བཱོལ་ཨེབ་སུ་སྦེ་རྩེད་འགྲན་འབད་དེ་ གཱོལ་བཙུགས་ནིའི་དོ་འགྲན་འབད་ཡོདཔ་བཞིན་དུ་ དུས་ཡུན་སྐར་མ་༡༧ མ་འགྱོཝ་ལས་ དོ་དོའོསུ་ ཟི་ཀ་ཀི་གིས་ ཡུ་ནའི་ཊེཌ་སི་ཀིམ་ལུ་ གཱོལ་དང་པ་བཙུགས་ཅི།
གཱོལ་བཙུགས་པའི་ཤུལ་ལས་ ཡུ་ནའི་ཊེཌ་སི་ཀིམ་གྱིས་ བྱང་ཕྱད་སྡེ་ཚན་གྱི་ རྩེད་འགྲན་འབད་མི་ རེ་རེ་བཞིན་དུ་དང་གཅིག་ཁར་ དབྱེ་ཞིབ་འབད་དེ་ གཱོལ་བཙུགས་ནི་ལས་ སྲུང་སྐྱོབ་འབད་ཡོདཔ་བཞིན་དུ་ དུས་ཡུན་སྐར་མ་༤༥ ལངམ་ད་ བི་ཇིན་ཌ་ར་ རའི་གིས་ གཱོལ་བཙུགས་མི་གིས་ གཱོལ་རེ་རེ་འདྲན་འདྲ་བཙུགས་ཚུགས་ཅི།
ཐེ་རི་ཨེསི་ཊར་ཨེཕ་སི་སྡེ་ཚན་གྱི་ འཛིན་སྐྱོང་པ་གིས་ འབད་བ་ཅིན་ སྡེ་ཚན་གྱི་རྩེད་འགྲན་འབད་མི་ཚུ་གིས་ དོ་འགྲན་ལེགས་ཤོམ་འབད་ཡོདཔ་བཞིན་དུ་ དུས་ཡུན་མ་ཚང་པའི་ཧེ་མར་ ད་རུང་ གཱོལ་༡ བཙུགས་ཏེ་ རྒྱལ་ཁ་ཐོབ་ཚུགས་པའི་ རེ་བ་བསྐྱེད་སྡོད་རུང་ བྱང་ཕྱད་ཀྱིས་ཡང་ ལེགས་ཤོམ་སྦེ་ རྩེད་འགྲན་འབདཝ་ལས་ མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིན་པས།
ཐེ་རི་ཨེསི་ཊར་ཨེཕ་སི་སྡེ་ཚན་ལུ་ ཕྱི་རྒྱལ་ལས་ ཁྱད་འཕགས་ཅན་སྦེ་རྩེད་འགྲན་འབད་མི་༢ ཡོདཔ་ལས་ རྩེད་འགྲན་འབད་ཐང་དང་ གཱོལ་བཙུགས་ནིའི་རིག་པ་ གནས་སྐབས་བཏོན་བྱིན་ནི་ཚུ་ཡོདཔ་ལས་ དོ་འགྲན་འབད་མི་ཚུགས་ནི་བཟུམ་མཐོངམ་ཨིན་རུང་ སྡེ་ཚན་གྱིས་ གཱོལ་འདྲན་འདྲ་བཙུགས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ ཡུ་ནའི་ཊེཌ་ སི་ཀིམ་གྱི་ འཛིན་སྐྱོང་པ་གིས་ སླབ་ཨིན་པས།
ལྟདམོ་ལྟ་བར་འོང་མི་ ལ་ལུ་ཅིག་གིས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ དེ་བཟུམ་གྱི་རྩེད་འགྲན་འགོ་འདྲེན་འཐབ་མི་ལུ་ སེམས་ཀྱི་གདིང་ལས་ར་ འགོ་འདྲེན་འཐབ་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིནམ་ད་ ཁོ་གིས་ འབད་བ་ཅིན་ འབྲུག་པའི་རྩེད་འགྲན་པ་དང་ ན་གཞོན་ཕུཊ་བཱོལ་རྩེ་ནི་ལུ་ སྤྲོ་བ་དང་ དང་འདོད་ཡོད་མི་ཚུ་ལུ་ ཁེ་ཕན་སྦོམ་བྱུངམ་མ་ཚད་ མ་འོངས་ འབྲུག་པའི་སྡེ་ཚན་༡ ནང་ བཅའ་མར་གཏོགས་ཏེ་ རྩེད་འགྲན་འབད་ནིའི་ བློ་སྤོབས་དང་ རིག་པ་གསརཔ་ ལེ་ཤ་ཐོབ་ཅི་ཟེར་ བཤདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་པ་ལས་ འགོ་དཔོན་ཅིག་གིས་འབད་བ་ཅིན་ འབྲུག་པའི་རྩེད་འགྲན་པ་སྡེ་ཚན་གྱིས་ དོ་འགྲན་འབདཝ་བཞིན་དུ་ སྐུགས་༣ ཐོབ་མི་དེ་ ལེགས་ཤོམ་ཨིནམ་མ་ཚད་ ད་ལས་ཕར་ རྩེད་འགྲན་ཚུ་ནང་ཡང་ རྒྱལ་ཁ་ཐོབ་པའི་རེ་བ་སྦོམ་བསྐྱེད་ཡོདཔ་ད་ ལྟདམོ་ལྟ་མི་ཚུ་གིས་ ཕྱི་རྒྱལ་གྱི་ རྩེད་འགྲན་འབད་མི་ཚུ་ལུ་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ རྒྱབ་སྐྱོར་འབད་མི་ལུ་ སེམས་དགའ་ཡི་ཟེར་ སླབ་ཨིན་པས།
ད་རིས་ཕྱི་རུའི་ཆུ་ཚོད་༦ ལས་ སྡེ་ཚན་ཀ་པ་ལས་ ཨེན་ཨེམ་བི་ མ་ཆིན་ད་ར་ ཨེཕ་སི་ ནེ་པཱལ་དང་ རྒྱ་གར་མོ་ཧཱན་བ་གཱན་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
ནེ་པཱལ་ལས་ ཐེ་རི་ཨེསི་ཊར་ཨེཕ་སི་དང་ ཡུ་ནའི་ཊེཌ་སི་ཀིམ་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་། |

བཀྲིས་ཕུན་ཚོགས།
No comments:
Post a Comment