གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ ཉི་ལོག་བརྩི་སྲུང་འབད་ནི།

༢/༡/༢༠༡༣   ༉ ཨིང་ལིཤ་གི་ ལོ་ཐོ་ལུ་ ཆ་བཞག་མི་ཚུ་གིས་ དགུན་གྱི་ཉི་ལོག་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ གནམ་དགུན་གྱི་ཉིནམ་དང་པ་སྦེ་ དུས་སྟོན་བརྩི་སྲུང་འབད་ཡོདཔ་བཞིན་དུ་ རང་ལུགས་ནང་པའི་ ཟླ་ཐོ་ལག་ལེན་འཐབ་མི་ཚུ་གིས་ ད་རིས་ ཉི་ལོག་ཕོགཔ་བཞིན་དུ་ འབྲུག་མི་ལ་ལུ་ཅིག་གིས་ ལོ་གསར་སྦེ་ བརྩི་སྲུང་འབདཝ་ཨིན་པས།

མདའ་རྩེད་ཀྱི་ སློབ་སྟོན་འགོ་འདྲེན་འཐབ་ནི།

༢/༡/༢༠༡༣   ༉ འབྲུག་མདའ་རྩེད་ཚོགས་སྡེ་གིས་ གནམ་དགུན་མདའ་རྩེད་སློབ་སྟོན་ལས་རིམ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ སྤྲོ་བ་དང་ དང་འདོད་ཡོད་མི་ འབྲུག་པའི་ན་གཞོན་ བུ་དང་བུམོ་ སྐྱེས་ལོ་༡༦ ལས་༢༣ གྱི་བར་ན་འབད་མི་ཚུ་གིས་ གོ་སྐབས་ལེན་ཚུགས་ནི་ཨིན་པས།

ཆུ་བྱག་རམ་མི་ཚུ་ དུས་ཅི་ གནམ་བྱཱར་མ་ཐོནམ་ལས་ ལོག་རྐྱབ་ནི།

༢/༡/༢༠༡༣   སློབ་ཕྲུག་ཚུ་གི་དོན་ལུ་ ཨོ་མོ་ཆུའི་གུ་ལས་ རྐང་ཟམ་ཅིག་ རྐྱབ་དོ་ཡོད་མི་དེ་ཡང་ བརྟན་ཏོག་ཏོ་ ག་དེ་སྦེ་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
༉ ཕུན་ཚོགས་གླིང་ ཨོ་མོ་ཆུའི་ཉེ་འདབས་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ ན་ཧིང་ སྤྱི་ཟླ་༦ པ་དེ་ཅིག་ཁང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཨོ་མོ་ཆུའི་ གཡས་ཕྱོགས་ལུ་ཡོད་པའི་ ཆུ་བྱག་དེ་ རམ་ཡོད་རུང་ ད་ལྟོའི་བར་ན་ཡང་ གྱང་རྩིག་ལོག་རྐྱབ་མི་ མ་ཐོན་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ གནམ་བྱཱར་གྱི་ཆརཔ་ལུ་བརྟེན་ རམ་སོང་མི་ ཨོ་མོ་ཆུའི་ཆུ་བྱག།

གནས་ཚུལ་མདོར་བསྡུས།

༢/༡/༢༠༡༣ 
སྤྱི་ལོ་༢༠༡༣ གྱི་ ལོ་གསར་བརྩི་སྲུང་གི་དོན་ལུ་ ན་གཞོན་༡༠༠ དེ་ཅིག་གིས་ ཁ་ཙ་ སོར་ཅན་ལས་ ཕུན་ཚོགས་གླིང་ཚུན་ གཞུང་ལམ་བདའ་སྟེ་ ལམ་འགྲུལ་ཐོག་ གཟུགས་ཁམས་འཕྲོད་བསྟེན་དང་ མཐའ་འཁོར་གནས་སྟངས་ཀྱི་ བརྡ་འཕྲིན་སྤེལ་ཡོདཔ་ད་ ལམ་འགྲུལ་ལས་རིམ་དེ་ འབྲུག་ཨི་ཀོམསི་གིས་ ཕུན་ཚོགས་གླིང་ཁྲོམ་སྡེ་དང་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ལུ་ཡོད་མི་ ཚོང་འབྲེལ་ལས་ཁང་ཚུ་དང་ མཉམ་འབྲེལ་ཐོག་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འགོ་འདྲེན་པ་དེ་གིས་ ཁས་བླངས་པ་ཚུ་ལས་ གྲོགས་རམ་ལེན་ཐོག་ལས་  བཙོག་ཡུར་སེལ་ནི་གི་ ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ནིའི་ ལས་འཆར་ཡོདཔ་ཨིན་པའི་གནས་ཚུལ།

ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་མི་ལྷ་ཁང་ ཉམས་བཅོས་འབད་མ་ཚུགས་པར་ཡོདཔ།

༢/༡/༢༠༡༣   ལྷ་ཁང་དེ་གིས་ སྤྱི་འོག་༣ གྱི་ ཁྱིམ་གུང་༤༠༠ དེ་ཅིག་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
 ༉ དར་དཀར་ནང་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་ནང་ སྤང་སེར་བུ་དང་ སྤང་ན་ ཐང་ན་སྤྱི་འོག་གསུམ་གྱི་ ཆོས་འབྲེལ་ལས་སྣ་ཚུ་གི་དོན་ལུ་ ལྟེ་བ་གཙོ་ཅན་ཅིག་ཨིན་མི་ རྒེད་འོག་ནང་ རྙིང་ཤོས་ཅིག་ཨིན་མི་ འབྲུག་རྗེས་སྒང་ལྷ་ཁང་དེ་ སྤྱི་ལོ་༢༠༡༡ ཟླ་༩ པའི་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་རྐྱབ་སྟེ་ ལོ་ལྷག་སོ་རུང་ ད་ལྟོ་ཡང་ ཉམས་བཅོས་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ས་ཡོམ་གྱིས་ གག་འགྲམ་བཏོན་མི་ འབྲུག་རྗེས་སྒང་ལྷ་ཁང་།

ཨམ་སྲུ་ཅིག་གིས་ ཡིག་ཆ་རྫུས་བཟོ་ཐོག་ ས་ཁྲམ་སྤོ་སོར་འབད་ཡོདཔ།

༢/༡/༢༠༡༣   ༉ སྤ་རོ་རྫོང་ཁག་ནང་ སོ་ནམ་གྱི་ ལཱ་འབད་མི་ ཨམ་སྲུ་ཅིག་གིས་ ལོ་༦ གི་ཧེ་མར་ གཡོ་སྒྱུ་དང་ ཡིག་ཆ་རྫུས་བཟོའི་ཐོག་ ཨ་ཁུའི་ས་ཆ་དེ་ མོ་གི་མིང་ཐོག་ཁར་ སྤོ་སོར་འབད་བའི་ཁར་ མོ་སྤུན་ལུ་ སྐལ་བགོ་སྤྲོད་མི་ལུ་བརྟེན་ ཆེ་མཐོའི་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ མོ་ལུ་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།

མོ་ཆུ་ནང་ ཆུ་འཐེན་འཕྲུལ་བཙུགས་མི་དེ་ ལོག་བསྡུ་བཅུག་ཡོདཔ།

༢/༡/༢༠༡༣   ༉ ད་རེས་ནངས་པ་ སྤུ་ན་ཁ་ ལྕང་གཡུས་ལུ་སྡོད་དེ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཞུ་མི་ དད་མོས་ཅན་ཚུ་གི་དོན་ལུ་ སྒེར་གྱི་ལས་སྡེ་ཅིག་གིས་ ཆུ་འཐེན་འཕྲུལ་བཙུགས་ཐོག་ལས་ མོ་ཆུ་ལག་ལེན་འཐབ་བཅུག་མི་དེ་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ གཙང་སྦྲའི་གནད་དོན་ཐོག་ ལོག་བསྡུ་བཅུག་ཡོདཔ་ཨིན་པས།

དབང་བཙོང་ལུས་འབྲེལ་གྱི་དཔའ་བཅམ།

༢/༡/༢༠༡༣   ༉ བསམ་རྩེ་ རྡོ་རོ་ཁ་ལུ་ སྐྱེས་ལོ་༡༣ ལང་མི་ བུཚ་༡ གིས་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་༡ ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ཏེ་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༣༠ ལུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

སློབ་ཕྲུག་བརྡུང་རྫོབ་འབད་བའི་གནད་དོན་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ།

༢/༡༢/༢༠༡༣   ༉ སྤྱི་ཟླ་༡༢ པའི་ཚེས་༢༧ གྱི་ ཉིན་མའི་ཆུ་ཚོད་༢:༡༥ དེ་ཅིག་ཁར་ ཐིམ་ཕུ་ལུ་ སྐྱེས་ལོ་༡༩ ལང་མི་ ཨྱོན་རིག་པའི་འབྱུང་གནས་ཀྱི་ སློབ་རིམ་༡༢ པའི་ སློབ་ཕྲུག་ཅིག་ ཁོ་རའི་ ཆ་རོགས་ཚུ་གིས་ བརྡུང་རྫོབ་འབད་ཡོདཔ་མ་ཚད་ གྱིམ་ཙེ་གིས་ གསོབ་བྱིན་ཡོདཔ་ཨིན་པས།

གཡུ་པ་སྒྲིང་སྒྲིང་བཤེད་དེ་ ལཱ་འབད་དགོ་པའི་བཀའ་སློབ།

༡/༡/༢༠༡༣   ངན་ལྷ་བཀག་སྡོམ་ལྷན་ཚོགས་གཞི་བཙུགས་འབད་དེ་ ལོ་༧ སོང་བའི་ཤུལ་ལུ་ ཁ་ཙ་ གཞི་བཙུགས་ཀྱི་ ཉིནམ་དང་པ་ བརྩི་སྲུང་འབད་ཡི།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་དེ་ སྤྱི་ལོ་༢༠༠༥ ཟླཝ་༡༢ པའི་ཚེས་༣༡ ལུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་གནང་མི་ བཀའ་ཤོག་དང་འཁྲིལ་ གཞི་བཙུགས་འབད་དེ་ ལོ་༧ ལང་པའི་ཤུལ་ལུ་ ཁ་ཙ་ གཞི་བཙུགས་ཀྱི་ཉིནམ་དང་པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱོན་གནང་སྟེ་ ལྷན་ཚོགས་ཀྱི་ ལས་བྱེདཔ་ཚུ་དང་ མཇལ་ཕྲད་མཛད་གནང་ཡི།
རིག་འཛིན་དབང་ཕྱུག།

ཨ་ལུ་བཀོལ་སྤྱོད་དང་ བྱང་སྟོར་ཤོར་མི་ལུ་ བཙོན་ཁྲིམས།

༡/༡/༢༠༡༣     ཆེ་མཐོ་ཁྲིམས་འདུན་ལས་ ཨ་ལུ་ཉོ་བཙོང་འཐབ་མི་ལུ་བརྟེན་ ཕོ་སྐྱེས་༡ ལུ་བཙོན་ཁྲིམས་ལོ་ངོ་༣ བཀལ་ནུག།
༉ ཁ་ཙ་ བསམ་རྩེ་ལས་ སྐྱེས་ལོ་༥༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཨ་ལུ་ཉོ་བཙོང་འཐབ་མིའི་བྱ་ངན་ལུ་བརྟེན་ ཆེ་མཐོའི་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༥ ལུ་ བསམ་རྩེ་ལས་ཨིན་མི་ མགོནམ་རྡོ་རྗེ་དང་ ལམ་སྐྱེད་བཟའ་ཚང་གཉིས་ཀྱིས་ ས་དམར་རྒེད་འོག་ལས་ སྐྱེས་ལོ་༡༠ ལང་མི་ བུམོ་གི་ཕམ་གྱིས་ ནོར་ཤ་ཉོ་བའི་ཤ་རིན་ དངུལ་ཀྲམ་༢,༠༠༠ ཐམ་པ་ སྤྲོད་མ་ཚུགས་མི་ལུ་བརྟེན་ ཤ་རིན་ལས་བཅད་དེ་ ཟླ་ངོ་༦ གི་དོན་ལུ་ འཛོམས་དཔང་བཙུགས་ཏེ་ར་ སྤྱི་ལོ་༢༠༠༧ སྤྱི་ཟླ་༢ པའི་ནང་ བུམོ་དེ་ ལཱ་འབད་ནི་སྦེ་ བཏང་ཡོདཔ་ཨིན་པས།


བཙོན་ཁྲིམས་ཟླཝ་༣ ལས་༡༤ ཚུན་སྨིན་དགོཔ།

༡/༡/༢༠༡༣    ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ ཁ་ཙ་ སྐྱེངས་མཁར་རྒེད་འོག་ གདུང་མཁར་དགོན་པ་ལས་ སྐྱེས་ལོ་༤༥ ལང་མི་ ཁ་འབགཔ་ པདྨ་དབང་གྲགས་ལུ་ ཡིག་ཆ་རྫུས་མ་བཟོ་མི་དང་ གཡོ་སྒྱུ་ དེ་ལས་ ནང་གསུག་གི་འབྲེལ་བ་ལུ་བརྟེན་ ཉེས་ཁྲིམས་ ལོ་༡ དང་ཟླཝ་༢ སྨིན་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།

ཨིན་ཊར་ནེཊ་བེང་ཀིང་རྩིས་ཁྲ་ནང་ལས་ དངུལ་བཏོན་མི་ལུ་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ།

༡/༡/༢༠༡༣   ༉ ཡོངས་འབྲེལ་དངུལ་ཁང་ལས་དོན་ཞབས་ཏོག་ ཨིན་ཊར་ནེཊ་བེང་ཀིང་ཟེར་མིའི་ཐོག་ལས་ ཏི་རུ་བྱང་སྟོར་ཤོར་ཡོད་པའི་རྩོད་དོན་དེ་ ཁ་ཙ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་གནང་སྟེ་ ཡོངས་འབྲེལ་ཞབས་ཏོག་ལག་ལེན་ཐོག་ ཏི་རུ་བཏོན་འབག་མི་ དོགས་ཅན་དེ་ལུ་ བཙོན་ཁྲིམས་ལོ་༥ དང་ ཉམས་རྒུད་པའི་ བྱང་སྟོར་ཤོར་མི་ཏི་རུ་སྐྱེད་དང་སྦྲགས་ཏེ་ དངུལ་ཁང་གིས་ བཏབ་དགོ་པའི་བཀའ་རྒྱ་གནང་ནུག།

ཕུཊ་བཱོལ་གཞི་འགྱམ་གོང་འཕེལ་གཏང་ཐབས་ལུ་ སློབ་སྟོན་འགོ་འདྲེན་འཐབ་ཡོདཔ།

༡/༡/༢༠༡༣    ༉ ཐིམ་ཕུ་ལྕང་གླིང་མི་ཐང་གི་ གྱིབ་ཀྱི་རྩྭ་གདན་ཐང་ནང་སྦེ་ ཐིམ་ཕུ་ནང་འཁོད་ལས་ ན་ཆུང་སྐྱེས་ལོ་༦ ལས་༡༢ ཚུན་འབད་མི་༣༠༠ དེ་ཅིག་ལུ་ ཕུཊ་བཱོལ་རྩེ་ནིའི་ གཞི་འགྱམ་ལེགས་ཤོམ་བཟོ་ནི་དང་ ཤེས་ཡོན་གོང་འཕེལ་གཏང་ཐབས་ཀྱི་ སློབ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་གིས་ ཕན་ཐོགས་བྱུང་ཚུགས་ནི་ཨིན་པས།
གྱིབ་ཀྱི་རྩྭ་གདན་གུ་ལུ་སྦེ་ ན་ཆུང་ཚུ་གིས་ སྦྱོང་བརྡར་འབད་བའི་བསྒང་།

སྤོས་བཟོ་ཁང་ལུ་བརྟེན་ ལཱ་གཡོག་གི་གོ་སྐབས།

༡/༡/༢༠༡༣  ཨིན་རུང་ ཐོན་སྐྱེད་མང་དྲགས་ནི་དེ་གིས་ ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
༉ དགེ་ལེགས་ཕུག་ལུ་ རང་ལུགས་ཀྱི་ སྤོས་བཟོ་ཁང་ཅིག་ཡོད་མི་དེ་གིས་ ལཱ་གཡོག་མེད་མི་ཚུ་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ ཐར་པ་ལ་སྤོས་བཟོ་ཁང་ནང་ དུས་རྒྱུན་གྱི་ ལས་གཡོགཔ་༥༠ དེ་ཅིག་ཡོད་མི་ལས་༡༠ གནམ་དགུན་གྱི་ ངལ་གསོའི་སྐབས་ གནས་སྐབས་ཀྱི་དོན་ལུ་ ལཱ་འབད་མི་ སློབ་ཕྲུག་ཚུ་ཨིན་པས།

སྤོས་བཟོ་འཕྲུལ་ཁང་ནང་ ལས་བྱེདཔ་ཚུ་གིས་ སྤོས་བཟོ་བའི་བསྒང་།
རྒྱ་ནག་ལས་མཁོ་སྒྲུབ་འབད་མི་ སྤོས་བཟོ་འཕྲུལ་ཆས།

བློ་གསར་སློབ་རིམ་གྱི་དོན་ལུ་ ཨ་ལུ་ལོ་༦ ལང་དགོཔ།

/༡/༢༠༡༣   ཨིན་རུང་ སྤྱི་ལོ་༢༠༡༣ གྱི་ སློབ་ཡུན་སྐབས་ འཛུལ་ཞུགས་འབད་མིའི་ ཨ་ལུ་ཉུང་སུ་ཅིག་ལས་ མི་འོང་ནི།
༉ སྤྱི་ལོ་༢༠༡༣ ལོ་ནང་ བུམ་ཐང་རྫོང་ཁག་གི་ ཁྲོམ་སྡེ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་གི་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་མི་གི་ གྱངས་ཁ་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཉུང་སུ་ཅིག་ འོང་ནི་ཨིན་པས།

རྒྱ་གར་བརྒྱུད་དེ་ ལམ་འགྲུལ་འབད་མི་ཚུ་གི་དོན་ལུ་ བཟའ་ཁང་ཕུད་རྡོག་གཅིག་ལས་མེདཔ།

༡/༡/༢༠༡༣   ༉ རྒྱ་གར་ཨ་སམ་མངའ་སྡེའི་ གཞུང་ལམ་བདའ་སྟེ་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ལུ་ཕར་ཚུར་འགྲོ་འགྲུལ་འབད་མི་ ལམ་འགྲུལཔ་ཚུ་གི་དོན་ལུ་ བཟའ་ཁང་༡ ལས་བརྒལ་མེད་མི་དེ་ནང་ ལྟོ་རིན་ཚུ་ དངུལ་ཀྲམ་ནང་ཡང་ ལེན་དོ་ཡོདཔ་ལས་ རུ་པིའི་ཚ་གྱང་ལང་དགོཔ་མེདཔ་ཨིན་པས།
རྒྱ་གར་གྱི་ས་གནས་ཀྱི་ ཧི་མ་ལ་ཡ་ བཟའ་ཁང་ནང་འབྲུག་པའི་འགྲུལ་མི་ཚུ་གིས་ བཞེས་སྒོ་བཟའ་བའི་བསྒང་།