| ཁ་ཙ་ ཐིམ་ཕུ་རྡོ་གདན་ནང་ལུ་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་ཚོང་སྒྱུར་འཐབ་སར་ ཚོང་སྣ་ཚུ་ བཙུགས་ཡོདཔ་མ་ཚད་ ཏི་རུ་བཙུགས་ཐོག་ལས་ ཤོ་གི་རྩེདམོ་ཚུ་ཡང་ འགོ་འདྲེན་འཐབ་ཡོད་པའི་མཐོང་སྣང་། |
གཟིགས་གནང་མི་ལུ་བཀའ་དྲིན་ཆེ།
༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་
ཡོངས་འབྲེལ་འཆར་སྒོ་འདི་ནང་
གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།
We update at the earliest possible for you!རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།
གནས་ཚུལ་མདོར་བསྡུས།
༢༡/༧/༢༠༡༢
འདས་པའི་བཙག་འཐུའི་དྲན་གསལ་དང་ ཤུལ་མའི་བཙག་འཐུ་ནང་ གྲུབ་འབྲས་ལེགས་འཐོན་གྱི་རེ་འདོད།
![]() |
| སྤྱི་ལོ་༢༠༠༨ ལུ་ འོས་འབབ་ཅན་གྱི་འབྲུག་མི་ཚུ་ ཚོགས་རྒྱན་བཙུགས་པའི་བསྒང་། |
ལྷ་ཁང་བསྐྱར་བཞེངས་དོན་ལུ་ མ་དངུལ་མེད་པའི་དཀའ་ངལ།
༢༡/༧/༢༠༡༢ ༉ ཆུ་ཁ་རྫོང་ཁག་ སྤ་སྒར་དགོན་པའི་ལྷ་ཁང་ མེ་མཆོད་བཞེས་ཏེ་ ཟླཝ་༦ དེ་ཅིག་ ལང་ཡོདཔ་ཨིན་རུང་ མ་དངུལ་མེད་པའི་ དཀའ་ངལ་ལུ་བརྟེན་ ལོག་བསྐྱར་བཞེངས་འབད་ནི་གི་ འཆར་གཞི་མེདཔ་ཨིན་པས།
![]() |
| མེ་མཆོད་མ་བཞེས་པའི་སྐབས་ཀྱི་ སྤ་སྒར་ལྷ་ཁང་། |
འཆར་གཞི་༡༠ པའི་ནང་ ཁང་ཚན་༨༠༠ བཟོ་སྐྲུན་འབད་ཚར་དགོཔ།
༢༡/༧/༢༠༡༢ ༉ འབྲུག་རྒྱལ་ཁབ་ནང་ གཞུང་གཡོག་པའི་གྱངས་ཁ་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་མི་དང་བསྟུན་ རྫོང་ཁག་ཚུ་ནང་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ད་ ལོ་༥ འི་ འཆར་གཞི་༡༠ པའི་ནང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ཁང་ཚན་༨༠༠ དེ་ཅིག་ བཟོ་སྐྲུན་འབད་ཚར་དགོཔ་ཨིན་རུང་ ད་ལྟོ་ ཁང་ཚན་༤༨ དེ་ཅིག་ལས་ བཟོ་སྐྲུན་འབད་མ་ཚརཝ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྡེའི་འོག་ལུ་ ཚུད་ཡོད་རུང་ ལེགས་བསྒྱུར་མེདཔ།
༢༡/༧/༢༠༡༢ སྤོས་དཀར་ཤིང་གི་ མི་སེར་ཚུ་གིས་འབད་བ་ཅིན་ ཁང་ཁྲལ་དང་ ས་ཁྲལ་ཚུ་ ཁྲོམ་གཞན་བཟུམ་སྦེ་ར་ བཏབ་དགོཔ་ཨིན་རུང་ གོང་འཕེལ་ལས་སྣ་ཚུ་ འགོ་བཙུག་ནི་མིན་འདུག་ཟེར་ ཉོགས་བཤད་བཀོདཔ་ཨིན་པས།
༉ ལོ་ངོ་༡ དེ་ཅིག་གི་ཧེ་མར་ ཕུན་ཚོགས་གླིང་རྒེད་འོག་གི་འོག་ལུ་ཨིན་མི་ སྤོས་དཀར་ཤིང་གི་ མི་སེར་ཚུ་ལུ་ ཁོང་ཆ་ཁྱབ་ ཕུན་ཚོགས་གླིང་ཁྲོམ་སྡེའི་འོག་ལུ་ ཚུད་ནི་ཨིནམ་ལས་ ཁོང་གི་གཡུས་ཚན་ནང་ གོང་འཕེལ་གྱི་ ལས་སྣ་གསརཔ་དང་ མཐུན་རྐྱེན་ཚུ་ ཐོབ་སྤྱོད་འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ སླབ་མི་ལུ་བརྟེན་ མི་སེར་ཚུ་ སེམས་དགའ་ཡོདཔ་ཨིན་པས།
༉ ལོ་ངོ་༡ དེ་ཅིག་གི་ཧེ་མར་ ཕུན་ཚོགས་གླིང་རྒེད་འོག་གི་འོག་ལུ་ཨིན་མི་ སྤོས་དཀར་ཤིང་གི་ མི་སེར་ཚུ་ལུ་ ཁོང་ཆ་ཁྱབ་ ཕུན་ཚོགས་གླིང་ཁྲོམ་སྡེའི་འོག་ལུ་ ཚུད་ནི་ཨིནམ་ལས་ ཁོང་གི་གཡུས་ཚན་ནང་ གོང་འཕེལ་གྱི་ ལས་སྣ་གསརཔ་དང་ མཐུན་རྐྱེན་ཚུ་ ཐོབ་སྤྱོད་འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ སླབ་མི་ལུ་བརྟེན་ མི་སེར་ཚུ་ སེམས་དགའ་ཡོདཔ་ཨིན་པས།
| ད་ལྟོ་ ཁྲོམ་སྡེའི་མཐུན་རྐྱེན་དང་ གོང་འཕེལ་ལས་སྣ་ག་ཅི་ཡང་ འགོ་མ་བཙུགས་པར་ མཐའ་ཟུར་རྒེད་འོག་གཞན་ཚུ་དང་ དབྱེ་བ་མེདཔ་སྦེ་ ལུས་ཡོད་མི་ སྤོས་དཀར་ཤིང་གཡུས་ཚན། |
དབང་འདུས་རྫོང་གི་ ནང་རྟེན་ཚུ་ འཚོལ་བཞིན་དུ་ཡོདཔ།
ནང་རྟེན་འཚོལ་མི་ སྡེ་ཚན་གྱིས་ སྤྱི་ཟླ་༧ པའི་ཚེས་༤ ལས་ ཁ་ཙ་ཚུན་ཚོད་ སྐུ་རྟེན་བྱིན་ཅན་༥༠ དེ་ཅིག་ འཚོལ་ཐོབ་ནུག།
༉ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ རྒྱལ་རབས་ཅན་གྱི་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་པའི་ཤུལ་ལས་ བསྟན་སྲུང་དམག་མི་༥༠ འབད་མི་ སྡེ་ཚན་ཅིག་གིས་ སྤྱི་ཟླ་༧ པའི་ཚེས་༤ ལས་ མེ་གིས་འཚིགས་པའི་ཤུལ་ཚུ་ནང་ ནང་རྟེན་འཚོལ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཁ་ཙ་ཚུན་ཚོད་ སྐུ་རྟེན་བྱིན་ཅན་༥༠ དེ་ཅིག་ ཐོབ་ཡོདཔ་ཨིན་པས།
![]() |
| རིང་ཚད་ཨིན་ཅི་༥ དེ་ཅིག་འབད་མི་ ནོརབུ་བསི་ལིའི་རྭཝ་གུ་ རྐོ་ཡོད་མི་ ཚེ་རིང་མཆེད་ལྔའི་སྐུ་འདྲ་དང་ རིང་ཚད་ཕིཊ་༡ འབད་མི་ ནང་གཟུངས་བསི་ལི་རྭཝ་གིས་བཞེངས་མི་ ཛམ་བྷ་ལའི་སྐུ། |
རི་དྭགས་སེམས་ཅན་ཚུ་གི་ ཞིབ་འཚོལ་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ ཡར་སེང་འབད་དགོཔ།
༢༠/༧/༢༠༡༢ ༉ འཕྲལ་ཁམས་ཅིག་ལས་ རི་དྭགས་སྲུང་སྐྱོབ་ཀྱི་དོན་ལུ་ ནགས་ཚལ་དང་གླིང་ཁའི་ འགོ་དཔོན་ཚུ་གིས་ རི་དྭགས་སེམས་ཅན་ཚུ་དང་འབྲེལ་བའི་ ཤེས་ཡོན་གྱི་དོན་ལུ་ པར་ཆས་ཀྱི་ ཧིང་བཀལ་ཐོག་ལས་ རི་དྭགས་སེམས་ཅན་དང་ གཅན་གཟན་མང་རབས་ཅིག་གི་ པར་ཚུ་ ཐོབ་ཚུགས་ཡོདཔ་བཞིན་དུ་ དེ་དང་འབྲེལ་བའི་ཞིབ་འཚོལ་འབད་ནི་དེ་ དགོས་མཁོ་སྦོམ་ཡོད་རུང་ མ་དངུལ་གྱི་ རྒྱབ་སྐྱོར་ཆུང་བའི་ དཀའ་ངལ་ཡོདཔ་ཨིན་པས།
ཚོགས་འདུའི་གནས་ཡུན་ སང་ཕོད་སྤྱི་ཟླ་༤ པའི་ནང་ མཇུག་བསྡུ་ནི།
༢༠/༧/༢༠༡༢ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་གི་ ཚེས་གྲངས་གསལ་བསྒྲགས་དེ་ སང་ཕོད་སྤྱི་ཟླ་༢ པ་དེ་ཅིག་ཁར་ གསལ་བསྒྲགས་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པས།
༉ སྤྱི་ཚོགས་༢ པའི་བཙག་འཐུ་རན་དོ་ཡོད་པའི་ཁར་ འབྲུག་གི་སྤྱི་ཚོགས་དང་པའི་ ཚོགས་ཁང་གོང་འོག་༢ ཀྱི་ གནས་ཡུན་ཡང་ ཚང་རནམ་ཨིན་རུང་ ད་ལྟོ་ ཤུལ་མའི་སྤྱི་ཚོགས་༢ པའི་བཙག་འཐུའི་ཚེས་གྲངས་དེ་ གཏན་འཁེལ་མ་ཤེསཔ་མ་ཚད་ སྤྱི་ཚོགས་ཀྱི་ གནས་ཡུན་ནམ་ལས་ཚངམ་ཨིན་ན་ གཏན་འཁེལ་སྦེ་ གསལ་བཀོད་མ་འབདཝ་ཨིན་པས།
༉ སྤྱི་ཚོགས་༢ པའི་བཙག་འཐུ་རན་དོ་ཡོད་པའི་ཁར་ འབྲུག་གི་སྤྱི་ཚོགས་དང་པའི་ ཚོགས་ཁང་གོང་འོག་༢ ཀྱི་ གནས་ཡུན་ཡང་ ཚང་རནམ་ཨིན་རུང་ ད་ལྟོ་ ཤུལ་མའི་སྤྱི་ཚོགས་༢ པའི་བཙག་འཐུའི་ཚེས་གྲངས་དེ་ གཏན་འཁེལ་མ་ཤེསཔ་མ་ཚད་ སྤྱི་ཚོགས་ཀྱི་ གནས་ཡུན་ནམ་ལས་ཚངམ་ཨིན་ན་ གཏན་འཁེལ་སྦེ་ གསལ་བཀོད་མ་འབདཝ་ཨིན་པས།
གནས་ཚུལ་མདོར་བསྡུས།
མེམ་ དྭངས་གླིང་མཚོ་ སྐམ་དོ་ཡོདཔ།
༢༠/༧/༢༠༡༢ བཀྲིས་སྒང་ དྭངས་གླིང་མཚོ་དེ་ སྐམ་འགྱོ་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ མེམ་དྭངས་གླིང་ལུ་ གསོལ་ཁ་ཕུལ་བ་འགྱོ་མི་ མཁའ་གླིང་གི་མི་སེར་ཚུ་དང་ བཀྲིས་སྒང་གྲྭ་ཚང་གི་ དགེ་སློང་ཚུ་ལུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།།
| འདས་པའི་ཟླཝ་ནང་ དགེ་སློང་ཅིག་གིས་ དྭངས་གླིང་མཚོའི་ མེམ་དྭངས་གླིང་ལུ་ གསོལ་ཁ་ཕུལ་བའི་བསྒང་། |
སྣུམ་འཁོར་རྦོབ་རིལ་རྐྱེན་ངན་ནང་ ཁག་འབགཔ་ཅིག་ལུ་ཤི་རྐྱེན།
༢༠/༧/༢༠༡༢ ༉ སྤྱི་ཟླ་༧ པའི་ཚེས་༡༧ གྱི་ཕྱི་རུ་ སྟག་ཏི་ཀོ་ཊི་དང་ མ་ཀའི་བ་རིའི་བར་ན་ སྣུམ་འཁོར་མུ་ཟོ་ཀཱར་ཅིག་ ལམ་འོག་ལས་མར་ ཕིཊ་༣༠ དེ་ཅིག་གི་ས་ཁར་ རྦོབ་རིལ་ཡར་སོཔ་ལས་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྡོ་རྗེ་སློབ་དཔོན་གྱིས་ དགེ་སློང་༢༠༠ ལུ་ དགེ་ཚུལ་གྱི་ སྡོམ་པ་གནང་ཡོདཔ།
༢༠/༢༠༡༢ ༉ ཁ་ཙ་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ལྷ་ཁང་ནང་སྦེ་ གཞུང་གྲྭ་ཚང་ཁག་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་དགེ་སློང་ཞལ་གྲངས་༢༠༠ དེ་ཅིག་ལུ་ དགེ་ཚུལ་གྱི་སྡོམ་པ་གནང་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུ་ རྟ་མགོ་མཐོ་རིམ་བཤད་གྲྭ་དང་ མདོ་སྡེ་བྲག་བཤད་གྲྭ་ བདེ་ཆེན་ཕོ་བྲང་སློབ་གྲྭ་ སྤང་རི་ཟམ་པའི་བཤད་གྲྭ་ སེམས་རྟོགས་ཁ་གྲྭ་ཚང་དང་ སྤུ་ན་ཁ་ ན་ལནྜ་བཤད་གྲྭ་ དེ་ལས་ སྤ་རོ་གསང་ཆོས་འཁོར་བཤད་གྲྭའི་ དགེ་སློང་ཚུ་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུ་ རྟ་མགོ་མཐོ་རིམ་བཤད་གྲྭ་དང་ མདོ་སྡེ་བྲག་བཤད་གྲྭ་ བདེ་ཆེན་ཕོ་བྲང་སློབ་གྲྭ་ སྤང་རི་ཟམ་པའི་བཤད་གྲྭ་ སེམས་རྟོགས་ཁ་གྲྭ་ཚང་དང་ སྤུ་ན་ཁ་ ན་ལནྜ་བཤད་གྲྭ་ དེ་ལས་ སྤ་རོ་གསང་ཆོས་འཁོར་བཤད་གྲྭའི་ དགེ་སློང་ཚུ་ཡོདཔ་ཨིན་པས།
| རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ སྡོམ་པ་གནང་པའི་བསྒང་། |
ས་མཚམས་ལས་ཕར་ འགྲོ་འགྲུལ་འབད་ནི་དེ་ དཀའ་ངལ་ཅན་ཅིག་ཨིནམ།
༢༠/༧/༢༠༡༢ ༉ ཨ་སམ་གྱི་ གཞུང་ལམ་བདའ་སྟེ་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ ངང་ལམ་ དེ་ལས་ དགེ་ལེགས་ཕུག་ལུ་འགྱོ་མི་ འབྲུག་པའི་སྒེར་འཁོར་བཏང་མི་ཚུ་གིས་ འཕྲལ་ཁམས་ཅིག་ལས་ ཁོང་རའི་ སྒེར་འཁོར་བཀོག་བཞག་སྟེ་ གླ་འཁོར་དང་ ཡང་ཅིན་ མི་མང་སྐྱེལ་འདྲེན་བཱསི་ཚུ་ནང་ འཛུལ་འགྱོ་དོ་ཡོདཔ་ཨིན་པས།
དེ་སྦེ་ འགྱོ་དགོ་མི་དེ་ཡང་ ས་མཚམས་ཀྱི་ ཁྲོམ་ཚོགས་ཚུ་ནང་ གཞུང་ལམ་ཚུ་ ཆུ་གིས་ མེདཔ་བཏང་མི་ལུ་བརྟེན་ཏེ་ཨིན་པས།
དེ་སྦེ་ འགྱོ་དགོ་མི་དེ་ཡང་ ས་མཚམས་ཀྱི་ ཁྲོམ་ཚོགས་ཚུ་ནང་ གཞུང་ལམ་ཚུ་ ཆུ་གིས་ མེདཔ་བཏང་མི་ལུ་བརྟེན་ཏེ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ ཚོད་བསྲེ་ཚུ་ ས་མཚམས་ཁྲོམ་སྡེ་ལས་ར་ ཉོ་དོ་ཡོདཔ།
| བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ བཀྲམ་བཞག་མི་ ཚོད་བསྲེ་ཚུ། |
ལྟ་བཤལ་ལས་སྡེའི་གཞུང་ཁྲལ་ཡང་སེང་ལུ་ གྲོས་བཅུད་བྱུང་མ་ཚུགསཔ།
༢༠/༧/༢༠༡༢ ༉ འདས་པའི་བདུན་ཕྲག་ནང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལ་པའི་དུས་ཚོད་སྐབས་ ཉིན་བསྟར་སྤྱོད་ཁྲལ་ ཡུ་ཨེས་ཌོ་ལར་༡༥ དང་ ལྟ་བཤལ་པའི་དུས་ཚོད་མེན་པའི་སྐབས་ སྤྱོད་ཁྲལ་ ཡུ་ཨེས་ཌོ་ལར་༡༠ རེ་ ཡར་སེང་འབད་དགོཔ་སྦེ་ཡོད་མི་ལུ་ ལྟ་བཤལ་པའི་ཚོང་ལཱ་འབད་མི་ཚུ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།
ས་ཚབ་སྤྲོད་ནི་ཨིན་མི་ལུ་ མི་སེར་ལས་ཉོགས་བཤད།
༡༩/༧/༢༠༡༢ ༉ འཕྲལ་ཁམས་ཅིག་ཁར་ སྤ་རོ་ ན་རྒྱ་རྒེད་འོག་ བེ་ཏི་ཁ་གཡུས་ཚན་གྱི་ ཁྱིམ་གུང་༣ ལུ་ ཝ་ན་ཁ་གཡུས་ཚན་ནང་ལས་ ས་ཚབ་སྤྲོད་ནིའི་དཔའ་བཅམ་མི་ལུ་ ཁེ་རྒུད་མ་བཏུབ་པར་ ཝ་ན་ཁ་དང་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ལས་ མི་སེར་གྱི་འཐུས་མི་༡༥ འབད་མི་སྡེ་ཚན་ཅིག་ ཐིམ་ཕུ་ལུ་ མི་དབང་མངའ་ཞབས་མཆོག་གི་ཞབས་སར་ བཅར་བར་ འོང་ཡོདཔ་ཨིན་པས།
ན་གཞོན་ཚུ་གི་ བསམ་སྤྱོད་ལེགས་བཅོས།
༡༩/༧/༢༠༡༢ ༉ གཞུང་གྲྭ་ཚང་དང་ ཤེས་རིག་ལྷན་ཁག་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ དབུ་ཁྲིད་ཐོག་ལས་ ཉིན་གྲངས་༡༠ དེ་ཅིག་གི་རིང་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ སྡེ་ཚན་ཅིག་ལུ་ གནས་སྐོར་དང་འབྲེལ་བའི་ ཆོས་བཤད་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
| གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་དང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ བུམ་ཐང་སྟང་རི་མོ་ཅན་ལུ་ གནས་སྐོར་རྐྱབ་པའི་སྐབས། |
Subscribe to:
Posts (Atom)



