གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་དྭགས་སེམས་ཅན་ཚུ་གི་ ཞིབ་འཚོལ་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ ཡར་སེང་འབད་དགོཔ།

༢༠/༧/༢༠༡༢   ༉ འཕྲལ་ཁམས་ཅིག་ལས་ རི་དྭགས་སྲུང་སྐྱོབ་ཀྱི་དོན་ལུ་ ནགས་ཚལ་དང་གླིང་ཁའི་ འགོ་དཔོན་ཚུ་གིས་ རི་དྭགས་སེམས་ཅན་ཚུ་དང་འབྲེལ་བའི་ ཤེས་ཡོན་གྱི་དོན་ལུ་ པར་ཆས་ཀྱི་ ཧིང་བཀལ་ཐོག་ལས་ རི་དྭགས་སེམས་ཅན་དང་ གཅན་གཟན་མང་རབས་ཅིག་གི་ པར་ཚུ་ ཐོབ་ཚུགས་ཡོདཔ་བཞིན་དུ་ དེ་དང་འབྲེལ་བའི་ཞིབ་འཚོལ་འབད་ནི་དེ་ དགོས་མཁོ་སྦོམ་ཡོད་རུང་ མ་དངུལ་གྱི་ རྒྱབ་སྐྱོར་ཆུང་བའི་ དཀའ་ངལ་ཡོདཔ་ཨིན་པས།


ཞིབ་འཚོལ་བ་ཚུ་གིས་ སླབ་མིའི་ནང་ རི་དྭགས་སྲུང་སྐྱོབ་ཀྱི་དོན་ལུ་ སེམས་ཅན་ཚུ་གི་ གྱངས་ཁའི་ཚོད་རྩིས་ དབྱེ་ཞིབ་འབད་ནི་དང་ སྡོད་གནས་དང་ འཁྱམས་སའི་ས་གོ་ འགྲོ་འགྲུལ་གྱི་ རྒྱུན་ལམ་ཚུ་དང་འབྲེལ་བའི་ ཞིབ་འཚོལ་དང་ བརྡ་དོན་དབྱེ་ཞིབ་འབད་དགོཔ་ཚུ་ སྲུང་སྐྱོབ་ལས་རིམ་གྱི་དོན་ལུ་ ཁག་ཆེཝ་ཨིནམ་ད་ མ་དངུལ་རྒྱབ་སྐྱོར་གྱི་ དཀའ་ངལ་ལས་ ད་ཚུན་ ཞིབ་འཚོལ་མཐིལ་ཕྱིན་ཅིག་ འབད་མ་ཚུགས་པར་ཡོད་ཟེར་ བཤདཔ་ཨིན་པས།
པར་ཆས་ཀྱི་ ཧིང་བཀལ་བཞག་མི་ལས་ ཁྲིམ་ཤིང་ལ་རྒྱལ་ཡོངས་གླིང་ཁའི་ ས་ཁོངས་ནང་ གཅན་གཟན་སྟག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁའི་ནང་ གཅན་གཟན་གཟིག་གི་པར་ དེ་ལས་ ལྷོ་ཁ་ཐུག་ལུ་ཡོད་པའི་ མཱ་ནཱསི་རྒྱལ་ཡོངས་གླིང་ཁ་ནང་ གཟིག་གི་རིགས་ཅིག་ཨིན་མི་ སེམས་ཅན་༨ དེ་ཅིག་གི་པར་ཚུ་ ཐོབ་ཚུགས་མི་དེ་གིས་ རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་ཚུ་གི་ ཞིབ་འཚོལ་གོ་སྐབས་གསརཔ་ཅིག་ ཐོབ་ཡོདཔ་ཨིན་པས།
རི་དྭགས་སེམས་ཅན་དང་འབྲེལ་བའི་ ཞིབ་འཚོལ་འབད་མི་ཚུ་གིས་ སླབ་མའི་ནང་ འབྲུག་ལུ་ རི་དྭགས་དང་འབྲེལ་བའི་ཞིབ་འཚོལ་འབད་ནི་གི་ ལམ་ལུགས་ཅིག་མེད་པའི་ཁར་ ཞིབ་འཚོལ་འབད་མི་ཚུ་ལུ་ཡང་ ངལ་རངས་དང་ཡིད་ཆེས་མེད་པར་ རྒྱབ་སྐྱོར་འབད་མི་ཡང་ དཀོན་སུ་ཅིག་ཨིན་མས་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ ཁོང་གིས་འབད་བ་ཅིན་ གཞུང་ལུ་ཡོད་པའི་མ་དངུལ་དེ་ ནང་འཁོད་ཀྱི་ ལྕོགས་གྲུབ་གོང་འཕེལ་དོན་ལུ་ རི་དྭགས་དང་འབྲེལ་བའི་ ཤེས་ཡོན་རྒྱ་བསྐྱེད་ལུ་ རྒྱབ་སྐྱོར་མ་འབད་བར་ ཕྱིའི་གྲོས་སྟོན་པ་ཚུ་དང་ ཡང་ཅིན་ ནང་འཁོད་ཀྱི་ རི་དྭགས་སྲུང་སྐྱོབ་འགོ་དཔོན་ཚུ་གིས་ འབད་ཚུགས་མི་ ཞིབ་འཚོལ་དེ་ ཕྱིའི་ཞིབ་འཚོལ་བ་ཚུ་འཚོལ་ཏེ་འབད་བཅུག་སྟེ་ མ་དངུལ་འཕྲོ་བརླག་བཏངམ་མས་ཟེར་ཨིན་པས།
ཞིབ་འཚོལ་བ་ཚུ་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ རང་བཞིན་སྲུང་སྐྱོབ་དེ་ དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་ཅིག་ཨིནམ་སྦེ་བཤད་རུང་ སྤྱི་ཚོགས་ཀྱི་ འཚོགས་འདུའི་ནང་ སྣུམ་འཁོར་ལམ་བཏོན་ནི་དང་ ཐ་ན་ རྒྱལ་ཡོངས་གླིང་ཁའི་ ས་ཁོངས་ནང་ལས་ཕར་ཡང་ འཁོར་ལམ་བཏོན་ནི་གི་ ལོ་རྒྱུས་ཚུ་མ་གཏོགས་ སྲུང་སྐྱོབ་དང་འབྲེལ་བའི་ གྲོས་བསྡུར་འབད་ནི་མེདཔ་ལས་ རང་བཞིན་སྲུང་སྐྱོབ་ནང་ རྒྱབ་སྐྱོར་འོས་ལྡན་ཅིག་ ཐོབ་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ ཐོ་བཀོད་གནས་སྡུད་དང་འཁྲིལཝ་ད་ རི་དྭགས་སྲུང་སྐྱོབ་ཀྱི་དོན་ལུ་ འཆར་གཞི་འདི་ནང་ མ་དངུལ་ས་ཡ་༤ གྲོས་འཆར་ཕུལ་མི་ལས་ མ་དངུལ་༥༠༠,༠༠༠ ལས་ མ་ཐོབ་པའི་ཁར་ དེ་གིས་ དུས་ཡུན་ཐུང་ཀུ་ཅིག་གི་ ཞིབ་འཚོལ་ལུ་ཡང་ ལང་མི་ཚུགས་པས་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ དེ་བཟུམ་མའི་ སྲུང་སྐྱོབ་དང་འབྲེལ་བའི་ ཞིབ་འཚོལ་ཚུ་གི་དོན་ལུ་ མ་དངུལ་མང་ཤོས་ར་ ཕྱིའི་རྒྱབ་སྐྱོར་བ་ཚུ་ལུ་ བརྟེན་པའི་ཁར་ ད་ཚུན་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ ལེ་ཤ་ཅིག་གིས་ རྒྱབ་སྐྱོར་ཚུ་ བཤོལ་བཞག་འབད་ནི་ཨིནམ་ལས་ རང་བཞིན་སྲུང་སྐྱོབ་དེ་ དོ་འགྲན་ཅན་གྱི་ གནས་སྟངས་ཅིག་ནང་ ལྷོད་དོ་ཟེར་ཨིན་པས།
དེ་མ་ཚད་ ཕྱིའི་མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཞིབ་འཚོལ་མང་ཤོས་ར་ ཡོངས་གྲགས་ཅན་གྱི་སེམས་ཅན་ སྟག་དང་ གཟིག་ཚུ་གི་དོན་ལུ་རྐྱངམ་གཅིག་ སྤྲོ་བ་བསྐྱེདཔ་མ་ཚད་ ད་ཚུན་ འབྲུག་གི་སེམས་ཅན་སྟག་གི་གྱངས་ཁ་དེ་ སྤྱི་ལོ་༡༩༩༧ དང་༡༩༩༨ ལུ་ འགོ་འདྲེན་འཐབ་ཡོད་མི་ གཅན་གཟན་སྟག་གི་གྱངས་ཁའི་ ཞིབ་འཚོལ་གྲུབ་འབྲས་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ལས་ སེམས་ཅན་དེ་གི་གྱངས་ཁ་ དུས་མཐུན་བཟོ་དགོ་པ་ཅིན་ ད་རུང་ ཕྱིའི་གྲོགས་རམ་ལུ་ བརྟེན་དགོཔ་འོང་ཟེར་ཨིན་པས།
ཞིབ་འཚོལ་བ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕྱིའི་གྲོགས་རམ་འབད་མི་ཚུ་གིས་ མ་དངུལ་གྲོགས་རམ་འབད་ནི་དེ་ ལཱ་འཇམ་ཧིང་ལུ་ལྟ་སྟེ་ གདམ་ཁ་རྐྱབ་མ་གཏོགས་ སེམས་ཅན་ག་ཅི་གི་ ཞིབ་འཚོལ་དེ་ ཁག་ཆེཝ་ཨིན་ན་ དེ་ལུ་གཞི་བཞག་ཐོག་ གྲོགས་རམ་འབད་མི་ དཀོནམ་ཨིན་མས་ཟེར་ཨིན་པས།
རི་དྭགས་སྲུང་སྐྱོབ་ཀྱི་ ཞིབ་འཚོལ་བ་ཚུ་གིས་འབད་བ་ཅིན་ ད་ཚུན་ སེམས་ཅན་དང་ ཤིང་སྣའི་ཞིབ་འཚོལ་འབད་མི་ཚུ་ མང་ཤོས་ར་ འབྲུག་མི་རང་བཞིན་སྲུང་སྐྱོབ་དང་འབྲེལ་བའི་ གཙུག་ལག་ཤེས་ཡོན་སྦྱང་མི་ཚུ་གིས་ སློབ་ཡུན་དང་འབྲེལ་བའི་ ཞིབ་འཚོལ་ལས་རིམ་ཐོག་ འགོ་འདྲེན་འཐབ་ཡོདཔ་མ་གཏོགས་ ལོགས་སུ་སྦེ་ མ་དངུལ་གྱི་ གྲོགས་རམ་ཐོབ་སྟེ་ འབད་འབདཝ་ལེ་ཤ་མེད་ཟེར་ཨིན་པས།
གཞུང་གིས་ རྒྱལ་ཁབ་ནང་གི་ གླིང་ཁ་༦ ཆ་མཉམ་གྱི་ ཟད་འགྲོ་མ་དངུལ་ཚུ་ གནང་དོ་ཡོདཔ་ཨིན་རུང་ ཞིབ་འཚོལ་དང་ལྟ་རྟོག་གི་དོན་ལུ་ མ་དངུལ་དུམ་གྲ་རེ་ མཱ་ནཱསི་རྒྱལ་ཡོངས་གླིང་ཁ་དང་ དབང་ཕྱུག་བརྒྱ་འཁོར་གླིང་ཁ་ འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་ དེ་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་ཚུ་མ་གཏོགས་ གཞན་གྱིས་ མ་ཐོབ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment