གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་མི་ཚུ་ལུ་ ལས་མིའི་གླ་ཆ་མ་སྤྲོད་པའི་རྩོད་གཞི།

 ༢༧/༠༧/༢༠༡༢། ༉ བསམ་གྲུབ་ལྗོངས་མཁར་ཨོ་རོང་རྒེད་འོག་ ཕི་ལུ་མ་གཡུས་ཚན་གྱི་ ཁྱིམ་གུང་༡༦༥ དེ་ཅིག་ མཉམ་རུབ་ཐོག་ལས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ གློག་མེ་ལྷོད་པའི་སྐབས་སུ་ གཡུས་མི་ གློག་མེ་བཀྲམ་སྤེལ་གྱི་ལཱ་ནང་འབྲེལ་གཏོགས་འབད་མི་ཚུ་གིས་ ད་ལྟོའི་བར་ན་ཡང་ ཁག་འབགཔ་གིས་ གླ་ཆ་སྤྲོད་མ་བཏུབ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་ཁྲིམས་འདུན་ནང་ རྩོད་བཤེར་གྱི་མཐོ་གཏུགས་འབད་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ བསམ་གྲུབ་ལྗོངས་མཁར་ དྲང་དཔོན་གནས་སོར་བཏང་ཡོདཔ་ལས་བརྟེན་ རྩོད་གཞི་འཕྲོ་མཐུད་འབད་ནིའི་དོན་ལུ་ དྲང་དཔོན་གསརཔ་ལུ་ བསྒུག་དོ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ གློག་མེ་ཀཝ་དང་ གློག་ཐག་ དེ་ལས་ ཤིང་བཏོག་ནི་གི་ལཱ་ཚུ་འབད་ཡོདཔ་བཞིན་དུ་ གློག་མེ་ཀཝ་ཚུ་ སྣུམ་འཁོར་ལམ་ཁ་ལས་ དུས་ཡུན་ཆུ་ཚོད་༣ གྱི་ས་ཁར་ འབག་སྟེ་སྐྱེལ་ཡོདཔ་ཨིན་པས།
ཁག་འབགཔ་དེ་གིས་ ཕི་ལུ་མ་གཡུས་ཚན་ནང་ལཱ་འབད་མི་ མི་སེར་༡༦༥ ལུ་ གླ་ཆ་ཚུ་མ་སྤྲོདཔ་ཨིནམ་ད་  ལས་མིའི་གླ་ཆ་དེ་ཡང་ ཉིནམ་རེ་ལུ་ དངུལ་ཀྲམ་༡༥༠ རེ་སྤྲོད་ནི་སྦེ་ ཁ་བཟེད་ཡོདཔ་བཞིན་དུ་ ལ་ལུ་ཅིག་གིས་ བདུན་ཕྲག་རེ་ འབད་བའི་ཁར་ ལ་ལུ་ཅིག་གིས་ ཟླཝ་༣ དང་༤ འི་བར་ན་འབད་ཡོདཔ་ལས་ གླ་ཆ་མ་སྤྲོད་མི་གི་ དངུལ་ཡོངས་བསྡོམས་དངུལ་ཀྲམ་༤,༡༥,༠༠༠ གནས་དོ་ཡོདཔ་ཨིན་པས།
གཡུས་ཁའི་མི་སེར་ཚུ་གིས་  སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཁག་འབགཔ་དེ་དང་ ཚར་ལེ་ཤ་ཅིག་ར་ ཁ་སླབ་ཡོད་རུང་ དེ་གིས་་གྲུབ་འབྲས་མཐར་འཁྱོལ་ཅན་ཅིག་ བྱུང་མ་ཚུགས་ཟེར་ཨིན་པས།
སྐྱེས་ལོ་༤༦ ལང་མི་ དཀར་པོ་གིས་ འབད་བ་ཅིན་ ཁོང་གིས་ རྒེད་འོག་དང་ འབྲུག་གློག་མེ་ལས་འཛིན་ནང་ ཉོགས་བཤད་བཀོད་ཡོདཔ་ཨིན་རུང་ ཁོང་གིས་ རྒྱབ་སྐྱོར་སྒྲིང་སྒྲིང་འབད་མ་བཏུབ་མི་ལུ་བརྟེན་ ཁྲིམས་མདུན་ལུ་ རྩོད་གཞི་བཙུག་ནིའི་སེམས་ཐག་བཅད་ཅི་ཟེར་ཨིན་པས།
སྐྱེས་ལོ་༣༥ ལང་མི་ཚང་ལོ་དཔལ་གྱིས་ལཱ་འབད་མིའི་གླ་ཆ་དངུལ་ཀྲམ་༦༠,༠༠༠ དེ་ཅིག་འཐོབ་ནི་ཡོདཔ་བཞིན་དུ་གལ་སྲིད་ཏི་རུ་དེ་འཐོབ་པ་ཅིན་ ཁོ་གིས་གཡུས་ཁ་ལུ་ཁྱིམ་རྐྱབ་ནི་གི་འཆར་གཞི་བརྩམས་ཡི་ཟེར་ཨིན་པས།
ཁག་འབགཔ་ ཚེ་དབང་རྒྱལ་མཚན་གྱིས་འབད་བ་ཅིན་ ཁོ་གིས་ གླ་ཆ་ཚུ་ ལཱ་ཁག་སྦེ་ར་མ་སྤྲོད་པར་བཞག་བཞགཔ་རྩ་ལས་ར་ མེན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁག་འབགཔ་གི་ལཱ་ ཁག་༢ དང་༣ ནང་འབད་ནི་ཡོད་པའི་བསྒང་ལས་ ཏི་རུ་ཅིག་ནང་ལས་ ཐོབ་མི་དེ་ གཞན་མིའི་ནང་ བཏང་དགོཔ་ཐོན་ནི་དེ་གིས་ གཡུས་མི་ཚུ་ལུ་ གླ་ཆ་སྤྲོད་ནིའི་དོན་ལུ་ བསྒུག་གནང་ཟེར་ སླབ་ཅི་ཟེར་ཨིན་པས།
ཨིན་རུང་ གླ་ཆ་ཚུ་ སྤྲོད་ནིའི་དོན་ལུ་ གཞན་ཁ་ལས་ ཏི་རུ་འཚོལ་ཏེ་ གྲ་སྒྲིག་འབདཝ་ཨིན་རུང་ ནམ་སྤྲོད་ཚུགས་ག་ གཏན་འཁེལ་མེདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment