གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམ་ཅན་སྡེ་ཚན་དང་ སྔོ་ལྗང་སྡེ་ཚན་གཉིས་ཀྱིས་ མཐའ་བཅད་འགྲན་བསྡུར་ནང་ལྷོད་ཡོདཔ།

༢༤/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ལྟག་གི་འབའ་སྐྱོར་ནང་ དམ་ཅན་དང་ ཐིམ་ཕུ་ཡུ་ནའི་ཊེཌ་ དེ་ལས་ འོག་གི་འབའ་སྐྱོར་ནང་ སྔོ་ལྗང་སྡེ་ཚན་དང་ གཏེར་སྟོན་སྡེ་ཚན་ཚུ་གི་བར་ན་ མཐའ་བཅད་འོག་མའི་རྩེད་འགྲན་འབདཝ་ད་ དམ་ཅན་དང་ སྔོ་ལྗང་སྡེ་ཚན་གཉིས་ཀྱིས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་ཡོདཔ་ཨིན་པས།
མདའ་རྩེདཔ་ཅིག་གིས་ དགའ་ཚོར་བསྐྱེད་ཐོག་ལས་ མདའ་གི་རྟིང་བདའ་འགྱོ་བའི་བསྒང་།


སྤྱི་ཟླ་༧ པའི་ཚེས་༢༡ ལུ་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ རེས་གཟའ་ཟླ་བ་ལུ་ གཏེར་སྟོན་དང་ སྔོ་ལྗང་སྡེ་ཚན་༢ ཀྱི་བར་ན་ འཕྲོ་མཐུད་རྩེད་འགྲན་འབད་ཡོད་རུང་ དམ་ཅན་སྡེ་ཚན་གྱི་བྱང་ཕྱད་ ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱི་ རྩེད་འགྲན་འབད་མི་ཅིག་གིས་ དྲོ་པའི་ དུས་ཚོད་ཁར་ འོང་མ་བཏུབ་མི་ལུ་བརྟེན་ དམ་ཅན་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་སྦེ་ གསལ་སྟོན་ འབད་ཡོདཔ་ཨིན་པས།
དེ་ཡང་ ཉིནམ་དང་པའི་ནང་ དམ་ཅན་སྡེ་ཚན་གྱིས་ སྐུགས་དང་པ་ཆོད་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༤ ལས་ཐོབ་མ་ཚུགསཔ་ད་ བར་མཚམས་ལས་ ལོག་རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ ཕྱི་རུའི་དུས་ཡུན་ཚང་བའི་སྐབས་ ཐིམ་ཕུ་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་༦ དང་ དམ་ཅན་སྡེ་ཚན་གྱིས་ སྐུགས་༢༤ ཐོབ་ཡོདཔ་ཨིན་པས།
འདྲན་བསྡུར་ཉིནམ་༢ པའི་ནང་ སྔོ་ལྗང་སྡེ་ཚན་གྱིས་ སྐུགས་ཆོད་པའི་སྐབས་ གཏེར་སྟོན་སྡེ་ཚན་གྱིས་ སྐུགས་༡༦ ཐོབ་ཡོདཔ་ད་ གཏེར་སྟོན་སྡེ་ཚན་གྱིས་ སྐུགས་གཉིས་པམ་དེ་ཆོདཔ་ད་ སྡེ་ཚན་གཞན་མི་གིས་ སྐུགས་༡༡ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
སྡེ་ཚན་གཉིས་ཀྱིས་ སྐུགས་རེ་རེ་ འདྲན་འདྲ་ཆོད་དེ་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ དུས་ཚོད་ཚང་སོཔ་ལས་ ཁ་ཙ་འཕྲོ་མཐུད་རྩེད་འགྲན་འབད་ཡི།
གཞུང་གི་ངལ་གསོའི་སྐབས་ ལྟོདམོ་ལྟ་མི་ བརྒྱ་ལས་བཅད་དེ་འཛོམས་མི་ཚུ་ཡང་ སྡེ་ཚན་ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་ མ་ཤེས་པར་ སྤྲོ་བ་ཐེབས་ཅིག་ར་བྱུང་ཡོདཔ་ད་ ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་ སྡེ་ཚན་གཉིས་བཟུམ་སྦེ་ ཧེ་མ་རྩེད་འགྲན་འབད་ས་མ་མཐོང་ཟེར་ཨིནམ་ད་ སྡེ་ཚན་དེ་ག་གིས་ རྒྱལ་ཁ་ཐོབ་རུང་ རང་སོའི་རིག་རྩལ་དང་ལྕོགས་གྲུབ་ཚུ་ དོ་འགྲན་ཅན་སྦེ་སྟོན་མི་ལུ་ སེམས་ཕམ་དགོཔ་རྩ་ལས་ར་མིན་འདུག་ཟེར་ཨིན་པས།
ཁ་ཙ་ རྩེད་འགྲན་འགོ་བཙུགས་ཏེ་ སྡེ་ཚན་གཅིག་གིས་གཅིག་ལུ་ དོ་འགྲན་སྦོམ་འབད་ཐོག་ལས་ སྐུགས་རྩིས་མ་བཅུག་པར་བཞག་ཡོདཔ་ཨིན་རུང་ ཉིནམ་ཅིག་གི་དར་རྒུད་ལུ་བརྟེན་ གཏེར་སྟོན་སྡེ་ཚན་དེ་ དུམ་གྲ་ཅིག་ཁ་བཙན་སུ་སོང་ཡོདཔ་ཨིན་པས།
ཉིན་མའི་ལྟོ་བཟའ་རན་པའི་སྐབས་ལུ་ གཏེར་སྟོན་སྡེ་ཚན་གྱིས་ སྐུགས་༢༤ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༡༨ ལས་བརྒལ་ཐོབ་མ་ཚུགསཔ་ལས་ ལྟདམོ་ལྟ་མི་ཚུ་གིས་ ད་འབདན་གཏེར་སྟོན་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི་ཟེར་སླབ་སྡོད་པའི་བར་ན་ སྔོ་ལྗང་སྡེ་ཚན་གྱིས་ བཀག་རེག་གཅིག་ ཐེབས་ཕོག་སྟེ་ སྐུགས་༢༠ ཐོབ་ཅི།
མཐའན་མཇུག་གི་སྐོར་ཐེངས་ནང་ སྔོ་ལྗང་སྡེ་ཚན་གྱིས་ བཀག་རེག་༣ ཐེབས་རྐྱབ་སྟེ་ སྐུགས་ཆོད་པའི་སྐབས་སུ་ རྩེད་འགྲན་འབད་མི་དང་ ལྟདམོ་ལྟ་མི་ཚུ་ཡང་ ཧ་ལས་དགོཔ་ བྱུང་ཡི།
སྤྱི་ཟླ་༧ པའི་ཚེས་༢༨ ལུ་ དམ་ཅན་སྡེ་ཚན་དང་ སྔོ་ལྗང་སྡེ་ཚན་གཉིས་ཀྱི་བར་ན་ ཁྲི་མངའ་གསོལ་གྱི་མཐའ་བཅད་འགྲན་བསྡུར་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment