གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་བར་ཆུའི་ རོང་ཆུ་བྲེས་ཏེ་ སློབ་ཕྲུག་བུཚ་ཅིག་ འཕྱགས་བདའ་ཡོདཔ།

རོང་ཆུ་གིས་ འཕྱགས་འབག་མི་ ཨ་ལུའི་ཕུངམ་འཚོལ་བའི་བསྒང་།
 ༢༦/༠༧/༢༠༡༢། ༉ ཁ་ཙ་ ཐིམ་ཕུ་རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ ཉེ་འདབས་ལུ་ ཆུ་བར་ཆུ་བྲེས་མི་གིས་ འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བའི་ སློབ་རིམ་༢ པའི་སློབ་ཕྲུག་ སྐྱེས་ལོ་༨ ལང་མི་བུཚ་ཅིག་ འཕྱགས་བདའ་ཡོདཔ་ཨིན་པས།
ད་ལྟོ་ འཚོལ་མ་ཐོབ་པར་ཡོད་མི་ བུཚ་དེ་ ཁོ་རའི་ ཕོ་རྒནམ་དང་ ཆ་རོགས་གཞན་དང་གཅིག་ཁར་ སློབ་གྲྭའི་དུས་ཚོད་མཇུག་བསྡུ་སྟེ་ ཕྱི་རུའི་ཆུ་ཚོད་༤ ལས་༤ དང་སྐར་མ་༣༠ དེ་ཅིག་ཁར་ ཁྱིམ་ནང་འགྱོ་བའི་སྐབས་ ཆུ་བར་ཆུའི་རྐང་ཟམ་ བརྒལ་འགྱོཝ་ད་ རྐྱེན་ངན་བྱུང་ཡོདཔ་ཨིན་པས།

མཐོང་མི་ཅིག་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ སློབ་ཕྲུག་བུཚ་༣ ཆུ་བྲེས་མིའི་ རྐང་ཟམ་གུ་ལས་ འགྱོ་བའི་སྐབས་ རྐྱེན་ངན་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ལུ་ རྐང་ཟམ་གུ་ལས་ མ་འགྱོ་ཟེར་སླབ་ད་ ཉན་མ་བཏུབ་པར་ ཕོ་རྒནམ་དང་ ཆ་རོགས་དེ་  ཆུའི་ཕར་ཁར་ལྷོདཔ་ད་ ནོ་གཅུང་དེ་ རྐང་ཟམ་གུ་ལས་ འགྱེལ་ཏ་རྐྱབ་སྟེ་ ཆུ་གིས་ འཕྱགས་བདའ་ཡི་ཟེར་ཨིན་པས།
ཚེ་འདས་ཀྱི་ ཕོ་རྒནམ་གིས་ སླབ་མིའི་ནང་ ཁོ་གི་ ནོ་གཅུང་དེ་ རྐང་ཟམ་གུ་ལས་མར་ འགྱེལ་ཏ་རྐྱབ་འགྱོཝ་ཅིག་ ཁོ་གིས་ དེ་འཕྲོ་ལས་ ཆུ་ནང་མཆོངས་རུང་ ཁོ་ར་ཡང་ ཆུ་གིས་ འཕྱགས་འབགཔ་ལས་ སྲོག་སྐྱབས་འབད་མ་ཚུགས་ཟེར་ཨིན་པས།
ཚེ་འདས་ཀྱི་ཕུངམ་ འཚོལ་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་༢༠ དང་ ཁས་བླངས་པ་ དེ་ལས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ འཚོལ་ཞིབ་འབད་རུང་ དེ་ཅིག་བར་ན་ གནམ་སྲོཔ་ལས་ ལུས་སོ་ཡི་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཚེ་འདས་ཀྱི་ཨ་པ་དེ་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ནང་ མེ་ཏོག་ལྡུམ་རའི་ ལཱ་འབད་དོ་ཡོདཔ་ད་ ཁོང་༢ ལུ་ ཨ་ལུ་༣ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་ ཌོག་ཊར་སྟོབས་རྒྱས་སློབ་གྲྭ་ཆུང་བ་ལས་ སློབ་རིམ་༤ པའི་ སློབ་ཕྲུག་ཅིག་ གིས་ དུར་ཁྲོད་ཀྱི་ཉེ་འདབས་ལུ་ ཆུ་རྩལ་རྐྱབ་པའི་སྐབས་ཆུ་གིས་ འཕྱགས་འབག་བདའ་ནི་འབད་མི་དེ་ ཁྲིམས་སྲུང་འགག་པ་གིས་ སྲོག་སྐྱབས་འབད་ཚུགས་ཅི་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ དུས་ཚོད་འ་ནེམ་ཅིག་ཁར་ སློབ་ཕྲུག་ཨ་ལུ་ཚུ་ལུ་ ཕམ་སྤུན་ཆ་དང་ སློབ་དཔོན་ཚུ་གིས་ ཁ་བཀོད་དང་ བསླབ་བྱ་བྱིན་ནི་གི་ འགན་ཁུར་སྦོམ་ཕོགཔ་མ་ཚད་ གཞུང་གི་ བདག་དབང་ཡོད་པའི་ གཙུག་སྡེ་དང་ ལས་སྡེ་ཚུ་གིས་ ཉེན་སྲུང་གི་དོན་ལུ་ གློ་བུར་གྱི་ གྲ་སྒྲིག་འབད་དགོཔ་དེ་ གལ་ཆེ་བས་ཟེར་ སླབ་ཨིན་པས།
གནམ་བྱཱར་གྱི་དུས་ཚོད་ལུ་ ཆར་ཆུ་འབོལ་བའི་སྐབས་ ཆུའི་མཐའམ་བདའ་སྟེ་ སྡོད་མི་ཚུ་གིས་ དྲན་ཤེས་བཏོན་དགོཔ་མ་ཚད་ ཁྲིམས་སྲུང་འགག་པ་དང་ འབྲེལ་ཡོད་གཞུང་གི་འགོ་དཔོན་ཚུ་གིས་ གོ་བརྡ་སྤྲོད་དགོཔ་གལ་ཆེ་བས་ཟེར་ མི་སེར་ཚུ་གིས་ བསམ་འཆར་བཤདཔ་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment