གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ཨམ་སྲུ་རྫོང་བདག་ འགོ་དང་པ།


ཨམ་སྲུ་རྫོང་བདག་ འགོ་དང་པ་ ངག་དབང་པདྨ།
 ༢༧/༠༧/༢༠༡༢། ༉ སྐྱེས་ལོ་༤༢ ལང་མི་ ངག་དབང་པདྨ་དེ་ རྒྱལ་ཁབ་ནང་ ཨམ་སྲུ་རྫོང་བདག་ འགོ་དང་པ་ཨིན་པས།
དེ་ཡང་ བཀྲ་ཤིས་སྒང་ བཀང་ལུང་ལས་ཨིན་མི་ ངག་དབང་པདྨ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ ལོ་ངོ་༢༠ མ་ལངམ་ཅིག་ ཕྱག་ཞུ་བའི་ཤུལ་ལས་ ཞི་གཡོག་གི་ ལམ་ལུགས་དང་འཁྲིལ་ཏེ་ རྫོང་བདག་གི་ མི་ངོམ་སྦེ་ གདམ་འཐུ་འབད་བའི་ཤུལ་ལས་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་གནང་ཡོདཔ་ཨིན་པས།

ཨིན་རུང་ ད་ལྟོ་ མི་མངའ་བདག་རིན་པོ་ཆེ་མཆོག་གི་ཕྱག་ལས་ རྫོང་བདག་གི་ བཀྲ་ཤིས་ལེགས་དར་ མ་ཞུ་བར་ཡོདཔ་ཨིན་པས།
མོ་གིས་ སྤྱི་ལོ་༡༩༩༣ ལུ་ ཞི་གཡོག་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཏེ་ གདམ་འཐུ་གྲུབ་པའི་ཤུལ་ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་འོག་ལུ་ སྦྱོང་བརྡར་བའི་འགོ་དཔོན་སྦེ་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
དེ་ལས་ སྐུ་སྒེར་འགོ་དཔོན་སྦེ་ ལོ་ངོ་མང་རབས་ཅིག་ ཕྱག་ཞུ་བའི་ཤུལ་ལས་ མདོ་ཆེན་ལས་རོགས་དང་ མི་སྟོབས་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་ ཞི་གཡོག་སྡེ་རིམ་ པི་༡ གི་གོ་གནས་ལུ་ ཡར་སེང་ཐོབ་དང་གཅིག་ཁར་ སོ་ནམ་ལྷན་ཁག་འོག་ལུ་ མི་སྟོབས་གཙོ་འཛིན་འགོ་དཔོན་སྦེ་ གནས་སོར་གཏང་ནུག།
མོ་གིས་ ཞི་གཡོགཔ་སྦེ་ ཕྱག་ཞུ་བའི་རིང་ལུ་ མང་ཤོས་ར་ མི་སྟོབས་དང་འབྲེལ་བའི་ལས་སྣ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ རྫོང་བདག་གི་ གོ་གནས་ཐོབ་ད་ དགའ་སྤྲོ་དང་ ཚ་གྱང་༢ ཆ་ར་ བྱུངམ་མས་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ མ་གཞི་ རྒྱལ་རབས་དང་ལྡན་པའི་ ཨམ་སྲུ་རྫོང་བདག་ འགོ་དང་པ་སྦེ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ལུ་ སེམས་དགའ་རུང་ འགན་ཁུར་དང་བསྟུན་ ཕྱག་ག་དེ་སྦེ་ ཞུ་ཚུགས་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ ནང་སྲིད་ལྷན་ཁག་དང་ཕྱདཔ་ད་ སོ་ནམ་ལྷན་ཁག་ནང་ མི་སྟོབས་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ལུ་ དོ་འགྲན་སྦོམ་བྱུང་རུང་ དེ་དང་ཕྱདཔ་ད་ ལས་འགན་གྱི་ གནས་སྟངས་མ་འདྲཝ་ནང་ འགན་ཁུར་སྦོམ་ཡོད་ནི་དེ་གིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་ནིའི་ རེ་བ་ཡོད་ཟེར་ཨིན་པས།
ངག་དབང་པདྨ་གིས་ འགོ་དང་པ་ བཀང་ལུང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ མཁའ་གླིང་འཇིགས་མེད་ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་ཆེ་བ་ནང་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་ནུག།
དེ་གི་ཤུལ་ལས་ བཀང་ལུང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ སྤྱིར་བཏང་ ནང་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་ནུག།
ཞི་གཡོགཔ་སྦེ་ འཛུལ་ཞིནམ་ལས་ མོ་གིས་ རྒྱ་གར་ལས་ ལོ་༢ ཀྱི་རིང་ རྒྱ་གར་ལུ་ བདག་སྐྱོང་ཞབས་ཏོག་གི་ སྦྱོང་བརྡར་མཇུག་བསྡུ་ཡོདཔ་ད་ སྤྱི་ལོ་༢༠༠༤ དང་༢༠༠༦ གི་བར་ན་ ཨཱསི་ཊེ་ལི་ཡ་ རྒྱལ་ཡོངས་གཙུག་ལག་སློབ་སྡེ་ནང་ལས་ མི་མང་སྲིད་བྱུས་ཆོས་ཚན་ནང་ལས་ མཱསི་ཊར་གྱི་ ཤེས་ཚད་ཡོདཔ་ཨིན་པས།
མོ་གི་རྨགཔ་དེ་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ནང་ ལཱ་འབད་དོ་ཡོདཔ་ད་ མོ་ལུ་ བུ་༢ དང་ བུམོ་༡ ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ རྫོང་བདག་བཀལ་ནི་ཨིན་པའི་ གནས་ཚུལ་གོཝ་ད་ རྣམ་རྟོག་ལང་དགོ་མི་དེ་ཡང་ འདས་པའི་ལོ་ཚུ་ནང་ ཞི་གཡོག་ལྷན་ཚོགས་ཀྱིས་ ཐེངས་༣ དེ་ཅིག་ མོ་ར་ རྫོང་བདག་གི་མི་ངོམ་སྦེ་ གདམ་འཐུ་འབད་བའི་སྐོར་ལས་ ལོ་རྒྱུས་གོ་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ ཨིན་རུང་ ཧེ་མ་ར་ ནང་སྲིད་ལྷན་ཁག་གི་དྲུང་ཆེན་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ རྨགཔ་དང་ ཨ་ལུ་ དེ་ལས་ ཕམ་སྤུན་ཆ་ཚུ་དང་ འཆམ་མཐུན་ཚུ་ལུ་ འགྲུལ་འཕྲིན་བཏང་ཡི་ཟེར་ཨིན་པས།
ངག་དབང་པདྨ་གིས་ རྩི་རང་རྫོང་བདག་སྦེ་ ཕྱག་ཞུ་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment