གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེའི་བཟོ་རིག་གི་ ཤེས་ཚད་ མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཉུང་སུ།

༢༧/༠༧/༢༠༡༢། ༉ སྐྱེས་ལོ་༢༣ འབད་མི་ མ་ནུ་རུ་པ་ པར་དཱན་གྱིས་ འདས་པའི་ སྤྱི་ཟླ་༦ པའི་ནང་ གློག་མེའི་བཟོ་རིག་ནང་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་ཏེ་ ལཱ་གཡོག་གི་དོན་ལུ་ ཚར་ག་དེ་ཅིག་ གཡོག་གི་ས་སྟོང་ཐོན་མི་ཚུ་ནང་ ཞུ་ཡིག་བཙུགས་ཡོདཔ་ཨིན་ན་ དྲན་ཚོར་འབད་མ་ཚུགས་ཨིན་པས།
མོ་གིས་ གནས་སྐབས་ཀྱི་གཡོག་དག་པ་ཅིག་འབད་བའི་ཁར་ གཡོག་སྦྱོང་ཚར་ལེ་ཤ་ཅིག་འབད་ཡོདཔ་ཨིན་རུང་ ད་ཚུན་ལཱ་གཡོག་ཏན་ཏན་ཅིག་ཐོབ་མ་ཚུགས་པར་ ད་ལྟོའི་བར་ན་ཡང་ གཡོག་འཚོལ་དོ་ཡོདཔ་ཨིན་པས།
མོ་གིས་ ཕུན་ཚོགས་གླིང་ མཁར་པཱན་ཌི་ གློག་མེའི་བཟོ་རིག་ནང་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ ཤོ་ཐེངས་༤ པའི་གྲངས་སུ་ཨིནམ་ད་ ཧེ་མ་མཐར་འཁྱོལ་བྱུང་མི་ སློབ་ཕྲུག་གི་གྱངས་ཁ་ ཉུང་སུ་འབད་ནི་དེ་གིས་ གཡོག་ཐོབ་སྟེ་འབད་རུང་ མོ་གི་སྡེ་ཚན་ནང་ སློབ་ཕྲུག་༥༠ དེ་ཅིག་ཡོད་མི་ལུ་བརྟེན་ མང་ཤོས་ཅིག་གཡོག་མ་ཐོབ་པར་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ ཞི་བའི་བཟོ་རིག་ནང་ ཤེས་ཡོན་མཐར་འཁྱོལ་མི་ཚུ་ག་ར་གིས་ གཡོག་ཐོབ་མི་ལུ་བལྟཝ་ད་ སེམས་ཁར་ བློ་ཕམ་སྦོམ་ར་ བྱུངམ་མས་ཟེར་ཨིན་པས།
གནས་སྟངས་དེ་དང་འཁྲིལཝ་ད་ འབྲུག་ལུ་ གློག་མེ་ལས་འགུལ་ ལེ་ཤ་ཅིག་ནང་ གློག་མེའི་ཐོན་སྐྱེད་རྒྱ་ཆེ་དྲགས་སྦེ་ འབད་དོ་ཡོདཔ་ཨིན་རུང་ གློག་མེའི་བཟོ་རིག་དང་ འཕྲུལ་རིག་ དེ་ལས་ བརྒྱུད་འབྲེལ་བཟོ་རིག་ཚུ་ནང་ ཤེས་ཡོན་མཐར་འཁྱོལ་མི་ཚུ་གི་དོན་ལུ་ གཡོག་གི་གོ་སྐབས་ ལེགས་ཤོམ་ཅིག་ཡོད་པའི་ མཐོང་གསལ་མེདཔ་ཨིན་པས།
ན་ཧིང་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ནང་ལས་ གློག་མེའི་བཟོ་རིག་དང་ འཕྲུལ་རིག་དང་ བརྒྱུད་འབྲེལ་བཟོ་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༦༠ དེ་ཅིག་ཐོན་ཡོདཔ་ཨིན་རུང་ དེ་ཚུ་གི་དོན་ལུ་ གཡོག་གི་ས་སྟོང་༡༢ མ་གཏོགས་མེདཔ་ཨིན་པས།
ལཱ་གཡོག་འཚོལ་ཏེ་ ལོ་༡ དེ་ཅིག་སོང་ཡོད་མི་ སྐྱེས་ལོ་༢༤ ལང་མི་ ཚེ་རིང་དབྱངས་འཛོམས་ཀྱིས་ སླབ་མིའི་ནང་ གློག་མེ་ལས་འགུལ་ཚུ་ནང་ཡང་ ཞི་བའི་བཟོ་རིག་གི་ ས་སྟོང་༡༠ དང་༡༥ རེ་ཐོནམ་ད་ གློག་མེའི་བཟོ་རིག་ནང་ ས་སྟོང་༡ དང་༢ རེ་མ་གཏོགས་ཐོན་ནི་མིན་འདུག་ཟེར་ཨིན་པས།
ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ ལས་བྱེདཔ་ཅིག་གིས་སླབ་མིའི་ནང་ ད་ལྟོ་ གློག་མེ་ལས་འགུལ་ཚུ་ནང་ ཞི་བའི་བཟོ་རིག་གི་ས་སྟོང་ མང་སུ་ཐོན་མི་དེ་ གཙོ་བོ་ར་ ལས་འགུལ་ཚུ་ ད་ལྟོ་ བཟོ་སྐྲུན་ལུ་གཙོ་བོར་སྟོན་པའི་བསྒང་འབད་ནི་དེ་གིས་ཨིནམ་འོང་ནི་མས་ཟེར་ཨིན་པས།
ཨིན་རུང་ ལས་འགུལ་དེ་ཚུ་མཇུག་བསྡུ་བའི་ཤུལ་ལུ་ གཡོག་གི་གོ་སྐབས་དེ་ ཁ་འགྱུར་ཐོག་ལས་ གློག་མེའི་བཟོ་རིག་དང་ འཕྲུལ་རིག་དང་འབྲེལ་བའི་ བཟོ་རིག་ཚུ་གི་དོན་ལུ་ ས་སྟོང་འཐོན་ནི་གི་འོས་འབབ་ཡོད་ཟེར་ཨིན་པས།
དུས་ཅི་ མཐོ་རིམ་སློབ་གྲྭ་དེ་ནང་ལས་ གློག་མེའི་བཟོ་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢༢ ཐོན་ཡོད་མི་ཚུ་གི་གྲས་ལས་ སློབ་གྲྭའི་ས་ཁོངས་ནང་ གཡོག་གི་ གོ་སྐབས་སློབ་ཕྲུག་༣ ལུ་མ་གཏོགས་མེདཔ་ཨིན་པས།
ཞི་བའི་བཟོ་རིག་ནང་ལས་ མཐར་འཁྱོལ་མི་༦༦ ཡོད་མི་ལས་༤༤ གིས་ སློབ་གྲྭའི་ས་ཁོངས་ནང་ལས་ར་ གཡོག་ཐོབ་སྟེ་སོང་ཡི་ཟེར་ སློབ་གྲྭའི་ལས་བྱེདཔ་ཅིག་གིས་ བཤདཔ་ཨིན་པས།
ལས་གཡོག་དང་ མི་སྟོབས་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ འབད་བ་ཅིན་ འདི་བཟུམ་གྱི་གནས་སྟངས་ཡོདཔ་བདེན་པའི་ཁར་ ད་རུང་ བཟོ་རིག་ཤེས་ཡོན་ཅན་གྱི་ མི་སྟོབས་མ་ལང་པའི་དཀའ་ངལ་ཡང་ སྦོམ་སྦེ་ར་ཡོད་ཟེར་ཨིན་པས།
དུས་ཅི་ འཕྲུལ་རིག་དང་ བརྒྱུད་འབྲེལ་བཟོ་རིག་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༣༠ དེ་ཅིག་ གཡོག་འཚོལ་མི་འཐོན་ནི་ཨིན་པའི་ཁར་ ད་ལྟོ་ ཞི་གཡོག་ནང་ཡང་ ས་སྟོང་གི་གནས་སྡུད་ཚུ་བསྡུ་ལེན་འབད་བའི་བསྒང་ཡོདཔ་ལས་ ས་སྟོང་ག་དེ་སྦེ་འཐོན་འོང་ག་ མ་ཤེསཔ་ཨིན་རུང་ ཤུལ་མའི་ཟླཝ་གི་ སྔ་ཆ་ལུ་ ཞི་གཡོག་ས་སྟོང་གི་ གནས་སྟངས་ཤེས་ཚུགས་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment