གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒོ་ནོར་བདག་འཛིན་མེད་མི་ཚུ་ རྩི་རང་ལུ་བསྐྱལ་ནི།

༢༡/༧/༢༠༡༢   ༉ བྱང་ས་ཚེ་ཐར་ཚོགས་པ་གིས་ ཁྲོམ་ཁར་འཁྱམས་སྡོད་མི་ ནོར་༧ དེ་ཅིག་ སྲོག་སྐྱབས་འབད་དེ་ ད་རིས་ རྩི་རང་ལུ་ བསྐྱལ་ནི་ཨིན་པས།
ཇོ་བདག་གིས་ ལེན་པར་མ་འོང་མི་ ནོར་ཚུ།


ཐིམ་ཕུ་ཁྲོམ་སྡེའི་ རང་བཞིན་མཐའ་འཁོར་སྲུང་སྐྱོབ་འགོ་དཔོན་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཕོ་སྐྱེས་༤ དེ་ཅིག་གིས་ ཁྲོམ་ཁར་འཁྱམས་མི་ སྒོ་ནོར་སེམས་ཅན་ཚུ་ བཟུང་ཞིནམ་ལས་ མུ་ཏིག་ཐང་ལུ་ སེམས་ཅན་བཞག་སའི་ ས་ཁོངས་ཅིག་བཟོ་ཡོད་མི་དེ་ནང་ བཞག་པའི་ཤུལ་ལུ་ ཇོ་བདག་ཚུ་གིས་ རང་སོའི་ནོར་ཚུ་ལེན་པར་ མ་འོང་ཚུན་ཚོད་ ས་ཁོངས་དེ་ནང་ར་ བཙུགས་བཞགཔ་ཨིན་ཟེར་ཨིན་པས།
སྒོ་ནོར་སེམས་ཅན་ཚུ་ མང་ཤོས་ར་ བར་སྦིས་སའི་ མགྱོགས་ལམ་བདའ་སྟེ་ འཁྱམས་སྡོད་མི་ཚུ་བཟུང་ཡོདཔ་ད་ ཇོ་བདག་གྱིས་ ནོར་ཚུ་ལེན་པར་འོང་བའི་སྐབས་ ཁྲོམ་སྡེ་ལས་འཛིན་གྱིས་ ཇོ་བདག་ཚུ་ལུ་ ཉེས་ཆད་དངུལ་ཀྲམ་༥༠༠ རེ་བཀལ་དོ་ཡོདཔ་ད་ གལ་སྲིད་ རང་སོའི་ནོར་ཚུ་ ལེན་པར་འོང་ནི་མེད་པ་ཅིན་ བྱང་ས་ཚེ་ཐར་ཚོགས་པ་ལུ་ རྩིས་སྤྲོད་འབད་དོ་ཡོདཔ་ཨིན་པས།
ཁས་བླངས་ཐོག་ལས་ སྒོ་ནོར་སེམས་ཅན་ཚུ་ བདག་འཛིན་འཐབ་མི་ སྐྱེས་ལོ་༣༤ འབད་མི་ བདེ་ཆེན་གྱིས་ སླབ་མིའི་ནང་ ནོར་དེ་ཚུ་ལུ་ གནམ་དགུན་གྱི་ དུས་ཚོད་ལུ་ གསོ་སྐྱོང་འཐབ་དགོཔ་ཨིན་རུང་ གནམ་བྱཱར་ རྩྭ་བྱིན་མི་དགོ་པས་ཟེར་ཨིན་པས།
ཚེ་ཐར་ཚོགས་པའི་ ལས་བྱེདཔ་ཅིག་གིས་སླབ་མིའི་ནང་ དུས་ཅི་ལོའི་སྔ་ཆ་ལུ་ ཚོགས་པ་གིས་ ནོར་༡༢ དེ་ཅིག་ ཀྲོང་གསར་ རུ་ཀུ་སྦྱིས་ལུ་ བསྐྱལ་ཡི་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment