གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་འདུའི་གནས་ཡུན་ སང་ཕོད་སྤྱི་ཟླ་༤ པའི་ནང་ མཇུག་བསྡུ་ནི།

༢༠/༧/༢༠༡༢   སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་གི་ ཚེས་གྲངས་གསལ་བསྒྲགས་དེ་ སང་ཕོད་སྤྱི་ཟླ་༢ པ་དེ་ཅིག་ཁར་ གསལ་བསྒྲགས་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པས།

༉ སྤྱི་ཚོགས་༢ པའི་བཙག་འཐུ་རན་དོ་ཡོད་པའི་ཁར་ འབྲུག་གི་སྤྱི་ཚོགས་དང་པའི་ ཚོགས་ཁང་གོང་འོག་༢ ཀྱི་ གནས་ཡུན་ཡང་ ཚང་རནམ་ཨིན་རུང་ ད་ལྟོ་ ཤུལ་མའི་སྤྱི་ཚོགས་༢ པའི་བཙག་འཐུའི་ཚེས་གྲངས་དེ་ གཏན་འཁེལ་མ་ཤེསཔ་མ་ཚད་ སྤྱི་ཚོགས་ཀྱི་ གནས་ཡུན་ནམ་ལས་ཚངམ་ཨིན་ན་ གཏན་འཁེལ་སྦེ་ གསལ་བཀོད་མ་འབདཝ་ཨིན་པས།


དེ་ནང་ འབྲུག་གི་སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱི་བསམ་འཆར་ལས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ ཚོགས་ཁང་གོང་འོག་གི་ བཅའ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་བ་ཅིན་ ཚོགས་འདུའི་གནས་ཡུན་དེ་ སྤྱི་ལོ་༢༠༡༣ ཟླ་༤ པའི་ཚེས་༢༠ ལུ་ གནས་ཡུན་ཚང་ནི་པའི་ཁར་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་དེ་ སྤྱི་ལོ་༢༠༡༣ གྱི་ཟླཝ་༤ པའི་ཚེས་༢༩ ལུ་གནས་ཡུན་ཚང་ནི་མས་ཟེར་ ཨིན་པས།
བསམ་འཆར་དེ་གི་ཐོག་ལུ་ གྲོས་འདེབས་བཀོད་དེ་ སྤྱི་ཚོགས་ཀྱི་འཐུས་མི་དང་ ལྷན་རྒྱས་གཞུང་ཚོགས་ དེ་ལས་ བཙག་འཐུ་ལྷན་ཚོགས་ཚུ་ལུ་ཡང་ བསམ་ལེན་གྱི་དོན་ལུ་ བདུན་ཕྲག་༡ དེ་ཅིག་གི་ཧེ་མར་ ཕུལ་ཡོདཔ་ད་ དེ་ཡང་ ཁོ་གིས་འབད་བ་ཅིན་ བཙག་འཐུ་འགོ་འདྲེན་གྱི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ལཱ་འབད་ནིའི་ནང་ ལྷན་ཐབས་འབྱུང་ཚུགས་པའི་ འོས་འབབ་ལུ་དམིགས་ཏེ་ ཕུལ་ཡི་ཟེར་ཨིན་པས།
ཚོགས་དཔོན་གྱིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༠ པའི་དོན་ཚན་༢༤ དང་འཁྲིལཝ་ད་ ཚོགས་ཁང་གོང་འོག་༢ ཀྱི་གནས་ཡུན་དེ་ བཙག་འཐུ་གྲུབ་སྟེ་ སྤྱི་ཚོགས་ཀྱི་ཚོགས་འདུ་དང་པ་ འཚོགས་པའི་ ཉིནམ་དང་པ་ལས་འགོ་བཙུགས་ ལོ་༥ གི་རིང་ ཕྱག་ཞུ་དགོཔ་སྦེ་ཡོད་ཟེར་ཨིན་པས།
དོན་ཚན་དེ་དང་འཁྲིལཝ་ད་ ཚོགས་སྡེ་གིས་ གནས་ཡུན་ལོ་ངོ་༥ ཧྲིལ་པོར་ཚང་དགོཔ་ཨིན་རུང་ ཚོགས་འདུའི་གནས་སྟངས་ནང་ གནས་ཡུན་མ་ཚངམ་ལས་ར་ བློན་ཆེན་གྱིས་ མི་དབང་མངའ་བདག་རྒྱལ་པོ་ལུ་ གྲོས་འདེབས་ཕུལ་ཏེ་ མི་དབང་མཆོག་གིས་ ངོས་ལེན་གནང་པ་ཅིན་ གནས་ཡུན་ལོ་༥ མ་ཚང་པའི་ཧེ་མ་ལས་ དགོངས་གྲོལ་གཏང་ནི་ཡོདཔ་མ་ཚད་ ཡང་ཅིན་ གཞུང་ལུ་ཡིད་ཆས་མེད་པའི་ གྲོས་འདེབས་བྱུང་སྟེ་ དེ་ལུ་ ཚོགས་རྒྱན་བཙུགས་པའི་སྐབས་ ཡིད་ཆས་མེད་པའི་ཚོགས་རྒྱན་མང་སོ་པ་ཅིན་ ཚོགས་འདུའི་གནས་ཡུན་མ་ཚངམ་ལས་ དགོངས་འགྲོལ་གཏང་བའི་ཉིནམ་ལས་ ཉིན་གྲངས་༩༠ འི་ནང་འཁོད་ལུ་ སྤྱི་ཚོགས་ཀྱི་ཚོགས་འདུ་གསརཔ་ བཙག་འཐུ་འབད་དགོ་པའི་ ལམ་ལུགས་ཚུ་ ཚུད་དེ་འདུག་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ འབྲུག་གི་སྤྱི་ཚོགས་དང་པའི་ ཚོགས་འདུའི་འཐུས་མི་ཚུ་ བཙག་འཐུ་འགྲུབ་ཞིནམ་ལས་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༡ པ་དེ་ སྤྱི་ལོ་༢༠༠༨ ཟླཝ་༤ པའི་ཚེས་༢༡ ལུ་འཚོགས་ཏེ་ ཚོགས་དཔོན་དང་ ཚོགས་དཔོན་འོག་མ་ཡང་ ཉིནམ་དེ་ཁར་ བཙག་འཐུ་འབད་ཡོདཔ་ལས་ སྤྱི་ཚོགས་དང་པའི་ཚོགས་འདུ་གི་གནས་ཡུན་དེ་ སང་ཕོད་ ཟླ་༤ པའི་ཚེས་༢༠ ལུ་ ཚང་དགོ་ནི་ཨིནམ་ད་ དེ་དང་འཁྲིལ་ ཉིན་གྲངས་༩༠ འི་ནང་འཁོད་ལུ་ བཙག་འཐུ་ འགོ་འདྲེན་འཐབ་དགོ་ནི་མས་ཟེར་ཨིན་པས།
བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ རྒྱས་ཡོངས་ཚོགས་འདུའི་གནས་ཡུན་ཚང་ཞིནམ་ལས་ ཚོགས་འདུའི་བཙག་འཐུ་དེ་ གནས་ཡུན་ཚང་བའི་ཉིནམ་ལས་ ཟླཝ་༣ མམ་ ཉིན་གྲངས་༩༠ འི་ནང་འཁོད་ལུ་ བཙག་འཐུ་འགོ་འདྲེན་འཐབ་སྟེ་ སྤྱི་ཚོགས་གསརཔ་གཞི་བཙུགས་འབད་དགོཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་བཅའ་ཁྲིམས་ནང་ཡང་ ཚོགས་འདུ་གིས་ སྤྱི་ཚོགས་ཀྱི་ ཚོགས་འཛོམས་དང་པ་འཚོགས་པའི་ཉིནམ་ལས་ གནས་ཡུན་ལོ་༥ གི་རིང་ འཕྲོ་མཐུད་གནས་དགོཔ་ད་ གནས་ཡུན་མ་ཚངམ་ལས་ དགོངས་གྲོལ་འབད་དགོ་པ་ཅིན་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་ ལག་ལེན་འཐབ་དགོཔ་ཚུ་ཡང་ ཡོདཔ་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་ རྒྱལ་ཡོངས་ཚོགས་སྡེའི་ བཅའ་ཁྲིམས་ལྟར་དུ་འབད་བ་ཅིན་ ཚོགས་ཐེངས་དང་པ་འཚོགས་པའི་ཉིནམ་ལས་ ལོ་༥ ཕྱག་ཞུ་དགོཔ་འབད་ཡོདཔ་བཞིན་དུ་ ད་རེས་ཀྱི་ སྤྱི་ཚོགས་དང་པའི་ ཚོགས་སྡེ་གི་ཚོགས་ཐེངས་དང་པ་ སྤྱི་ལོ་༢༠༠༨ ཟླཝ་༤ པའི་ཚེས་༢༩ ལུ་འཚོགས་ཏེ་ ཁྲི་འཛིན་དང་ ཁྲི་འཛིན་འོགམ་ཡང་ ཉིནམ་དེ་ཁར་ བཙག་འཐུ་འབད་ཡོདཔ་ལས་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༠ པའི་དོན་ཚན་༢༤ དང་  རྒྱལ་ཡོངས་ཚོགས་སྡེའི་ ལེའུ་༢ པའི་དོན་ཚན་༤༨ པ་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་དེ་ སང་ཕོད་སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཚང་ནི་ཨིན་མས་ཟེར་ བཤདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ ད་ལྟོ་ ཡིག་ཚང་འཆང་མི་ ཚོགས་སྡེའི་གནས་ཡུན་ ཚང་ནི་གི་ཚེས་གྲངས་ལས་ ཉིནམ་གྲངས་༩༠ འི་ཧེ་མར་ བཙག་འཐུ་འབད་དེ་ ཚོགས་སྡེ་རྙིངམ་གི་ གནས་ཡུན་ཚང་པའི་ ནངས་པ་ལས་ར་ སྤྱི་ཚོགས་༢ པའི་དོན་ལུ་ བཙག་འཐུ་གྲུབ་མི་ ཚོགས་སྡེའི་འཐུས་མི་གསརཔ་ཚུ་གིས་ ཚོགས་སྡེའི་གནས་ཡུན་དེ་ འགོ་བཙུགས་དགོཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་ཚེས་གྲངས་གསལ་བསྒྲགས་འབད་ཐངས་ཡང་ བཅའ་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མིའི་ དོན་ཚན་༡༨༨ པ་ནང་གསལ་ལྟར་འབད་བ་ཅིན་ འབྲུག་རྒྱལཔོ་མཆོག་གིས་ དོན་ཚན་༡༨༧ པའི་དགོངས་དོན་ལུ་ བཙག་འཐུ་ལྷན་ཚོགས་ལས་ བཙག་འཐུ་འགོ་འདྲེན་འཐབ་དགོ་པའི་ འགན་འཁྲི་ལྟར་དུ་ བཙག་འཐུའི་འོས་འབབ་རན་པའི་ དགོངས་བཞེད་གནང་ཞིནམ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་འབད་དགོ་པའི་ བཀའ་ཁྱབ་གནང་དགོཔ་ཨིན་པས།
བཙག་འཐུའི་བཅའ་ཁྲིམས་ཀྱི་དོན་ཚན་༡༨༧ པའི་ནང་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་ཚང་བའི་ ཚེས་གྲངས་ལས་ ཉིན་གྲངས་༩༠ འི་ནང་འཁོད་ རྒྱལ་ཡོངས་ཚོགས་འདུ་གསརཔ་ཅིག་ བསྐྱར་འཛུགས་ངེས་བརྟན་འགྲུབ་ཚུགས་ཐབས་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཚེས་གྲངས་གསལ་བསྒྲགས་འབད་དགོ་པའི་ཁར་ འབྲུག་རྒྱལ་པོ་མཆོག་གིས་ བཙག་འཐུའི་བརྡ་འཕྲིན་དང་ བཙག་འཐུའི་བྱ་རིམ་དེ་ འགོ་བཙུགས་དགོ་པའི་ བཀའ་ཁྱབ་གནང་ནི་ཟེར་ བཀོད་ཡོདཔ་ཨིན་པས།
ཚོགས་དཔོན་གྱིས་ གྲོས་འདེབས་དང་ བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༡༨༧ པ་དང་འཁྲིལ་ རྒྱལ་ཡོངས་ཚོགས་འདུའི་གནས་ཡུན་དེ་ སང་ཕོད་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཚང་ནི་ཨིན་པ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུ་གི་ བཙག་འཐུའི་ཚེས་གྲངས་གསལ་བསྒྲགས་དེ་ སང་ཕོད་སྤྱི་ཟླ་༢ པ་དེ་ཅིག་ཁར་ གསལ་བསྒྲགས་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment