གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ སྲིད་འཛིན་༡༣ པའི་རྟེན་འབྲེལ་ ནངས་པ་བརྩི་སྲུང་ཞུ་ནི།

༢༤/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ རྒྱ་གར་གྱི་སྲིད་འཛིན་༡༣ པ་སྦེ་ བཙག་འཐུ་གྲུབ་མི་ པར་ནཱབ་ མུ་ཁར་ཇི་དེ་ ནངས་པ་ སྤྱི་ཚོགས་ཀྱི་ ལྷན་བཞུགས་ཁང་ནང་སྦེ་ སྲིད་འཛིན་གྱི་ གོ་གནས་གསརཔ་བཞེས་པའི་ རྟེན་འབྲེལ་བརྩི་སྲུང་ཞུ་ནི་ཨིན་པས།
སྲིད་འཛིན་སྦེ་ བཙག་འཐུ་གྲུབ་མི་ པར་ནཱབ་ མུ་ཁར་ཇི།
རྒྱ་གར་གྱི་སྲིད་བློན་ ཌོག་ཊར་མཱན་མོ་ཧཱན་སིང་དང་ ཨམ་གྱིས་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་མི་ པར་ནཱབ་ མུ་ཁར་ཇི་ལུ་ བཀྲིས་བདེ་ལེགས་ཞུ་བའི་བསྒང་།


དེ་ཡང་ རྒྱ་གར་གྱི་ཁྲིམས་སྤྱི་ ཨེསི་ཨེཆ་ ཀ་པ་ཌི་ཡ་གིས་ རྒྱ་གར་གྱི་ དྲོ་པའི་ཆུ་ཚོད་༡༡.༣༠ ལུ་ སྲིད་འཛིན་འོག་མ་ ཧ་མིཌ་ ཨཱན་ས་རི་དང་ སྲིད་བློན་ཌོག་ཊར་མཱན་མོ་ཧཱན་སིང་ ཚོགས་ཁང་འོག་མའི་ཚོགས་དཔོན་ མེ་ར་ཀུ་མར་ ཨུ་ཡི་ཨེ་ཀོང་གེ་རེསི་སྤྱི་མཐུན་ཚོགས་པའི་ཁྲི་འཛིན་ ཨམ་སོ་ནི་ཡ་གཱན་དྷི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་གཙོས་པའི་ མངའ་སྡེའི་གཞུང་འཛིན་སྤྱི་ཁྱབ་དང་ གཙོ་འཛིན་བློན་པོ་ དེ་ལས་ ཆེ་མཐོའི་འགོ་དཔོན་མང་རབས་ཅིག་འཛོམས་སར་ སྲིད་འཛིན་གསརཔ་ལུ་ ཁས་བླངས་དམ་བཅའ་གནང་ནི་ཨིན་པས།
སྲིད་འཛིན་གསརཔ་སྦེ་ བཙག་འཐུ་གྲུབ་མི་ པར་ནཱབ་ མུ་ཁར་ཇི་དེ་ ཀོང་གེ་རེསི་ཚོགས་པ་གིས་ འགོ་ཁྲིད་འབད་མི་ ཡུ་པི་ཨེ་གཞུང་སྐྱོང་ཚོགས་པའི་ འདེམས་ངོ་ཨིནམ་ད་ ཁོ་གིས་ ལྡོག་ཕྱོགས་ཚོགས་པ་ བི་ཇེ་པི་དང་ སྲིད་ཚོགས་གཞན་ཚུ་ལས་ རྒྱབ་སྐྱོར་ཡོད་མི་ དོ་འགྲན་པ་ པུར་ནོ་ ཨི་ཇི་ཊོམ་སང་མ་ལས་ རྒྱལ་ཁ་སྦོམ་སྦེ་ ཐོབ་ཡོདཔ་ཨིན་པས།
དགུང་ལོ་༧༦ བཞེས་མི་ པར་ནཱབ་ མུ་ཁར་ཇི་དེ་ རྩ་ཁྲིམས་ཅན་གྱི་ དབུ་འཕང་མཐོ་བའི་ གོ་གནས་འཆང་མི་ བེང་གཱལ་གྱི་ མི་ཁུངས་དང་པ་ཨིནམ་ད་ ཁོ་ར་ རྒྱ་གར་རྒྱལ་ཁམས་གྱི་ ཨམ་སྲུ་དབུ་ཁྲིད་དང་པ་ པར་ཏི་བ་ པ་ཊིལ་གྱི་ཚབ་སྦེ་ བཙག་འཐུ་གྲུབ་ནུག།
སྤྱི་ཟླ་༧ པའི་ཚེས་༡༩ ལུ་ སྲིད་འཛིན་གྱི་ བཙག་འཐུ་མཇུག་བསྡུཝ་ད་ མུ་ཁར་ཇི་གིས་ ཚོགས་རྒྱན་བཙུགས་མི་འབུམ་༡༡ དེ་ཅིག་ ཐོན་མི་ལས་༧༡༣,༧༦༣ ཐོབ་ཡོདཔ་ད་ ཁོ་གི་བྱང་ཕྱད་ སང་མ་གིས་ ཚོགས་རྒྱན་༣༡༥,༩༨༧ མ་གཏོགས་ ཐོབ་མ་ཚུགས་པས།
ཚོགས་རྒྱན་གྱི་སྐབས་ལུ་ སྤྱི་ཚོགས་ཀྱི་འཐུས་མི་༧༤༨ ཀྱིས་ ཚོགས་སྐྱུར་མི་ལས་ མུ་ཁར་ཇི་གིས་ ཚོགས་རྒྱན་༥༢༧ དང་ སང་མ་གིས་༢༠༦ ཐོབ་ནུག།
གཞུང་དང་ སྲིད་དོན་ཚོགས་པའི་ནང་ མི་ལོ་༤༥ གི་རིང་ ཕྱག་ཞུ་མི་ པར་ནཱབ་ མུ་ཁར་ཇི་དེ་ དང་པ་ར་ སྤྱི་ལོ་༡༩༦༩ ལུ་ ར་ཇ་ས་བྷ་ཚོགས་ཁང་གི་ འཐུས་མི་འབད་བའི་ཤུལ་ལུ་ སྤྱི་ལོ་༡༩༧༣ ལུ་ དགུང་ལོ་༣༤ བཞེསཔ་ད་ བཟོ་གྲྭ་གོང་འཕེལ་གྱི་ བློན་པོ་འོག་མའི་ འགན་འཛིན་པའི་ གོ་གནས་འགོ་དང་པ་འཆང་ཡོདཔ་ཨིན་པས།
འདས་པའི་ལོ་ངོ་བཅུ་ཕྲག་༤ གི་རིང་ལུ་ གོ་གནས་རྩ་ཅན་མང་རབས་ཅིག་ནང་ ཕྱག་ཞུ་མིའི་གྲས་ལས་ སྤྱི་ལོ་༢༠༠༤ ལས་༢༠༠༦ ཚུན་ སྲུང་སྐྱོབ་བློན་པོ་དང་ སྤྱི་ལོ་༡༩༩༥-༡༩༩༦ དང་༢༠༠༧-༢༠༠༩ ཚུན་ ཕྱི་འབྲེལ་བློན་པོ་མཛད་ཡོདཔ་ད་ ཕྱི་འབྲེལ་བློན་པོ་སྦེ་ བཞུགས་པའི་སྐབས་ལུ་ འབྲུག་ལུ་ ལན་ཐེངས་༢ དེ་ཅིག་ གཟིགས་སྐོར་ལུ་ བྱོན་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment