གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ རྒྱལ་ས་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ།

༢༨/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ ཐིམ་ཕུ་ལུ་ ཆརཔ་མི་ལི་མི་ཊར་༧༡.༦ རྐྱབ་མི་དེ་ འདས་པའི་ལོ་ངོ་༡༦ གི་རིང་ ཆར་ཤུགས་ཆེ་ཤོས་ཅིག་ཨིན་པས།
མ་གཞི་ སྤྱི་ལོ་༢༠༠༩ ཟླ་༥ པའི་ཚེས་༢༦ ལུ་ཡང་ མི་ལི་མི་ཊར་༧༢.༥ རྐྱབ་ཡོདཔ་ཨིན་རུང་ ཆརཔ་དེ་ རང་བཞིན་གྱི་ ཆར་ཆུའི་གནས་སྟངས་ཐོག་ལུ་མེན་པར་ རྒྱ་གར་གྱི་ བཱེ་ཨོཕི་ བེང་གཱལ་ནང་ རླུང་འཚུབས་འཕུ་ནི་དེ་གིས་ བྱུང་ཡོདཔ་ཨིན་པས།

བསྟན་རྒྱས་ལྷན་ཁག་འོག་གི་ ཆུ་བརྟག་དཔྱད་ཞབས་ཏོག་སྡེ་ཚན་ལས་ གནམ་གཤིས་བརྟག་དཔྱད་མཁས་མཆོག་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་ས་གནས་ཚུ་ནང་ ཆརཔ་རྐྱབ་མིའི་གྲས་ལས་ མཐོ་ཤོས་དེ་ ཐིམ་ཕུ་ལུ་ ཨིན་མས་ཟེར་སླབ་ཅི།
དེ་སྦེ་ ས་གནས་ཆ་མཉམ་ནང་ ཆརཔ་འདྲན་འདྲ་སྦེ་ མ་རྐྱབ་མི་དེ་ཡང་ བར་སྣང་ཁམས་ཀྱི་ གནོན་ཤུགས་ལུ་བརྟེན་ཏེ་ཨིནམ་ད་ རྒྱལ་ཁབ་ཀྱི་ སའི་ཆགས་ཚུལ་ཚུ་ མ་བདེ་ཁག་ཁ་སྦེ་ཡོདཔ་ལས་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ ཆརཔ་ཤུགས་སྦེ་ རྐྱབ་པའི་སྐབས་ ཆུ་རུད་དང་ ས་རུད་ཚུ་ཐོན་པའི་ ཉེན་ཁ་ཡོད་ཟེར་ཨིན་པས།
བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ དེ་ཚེ་ ཆརཔ་ཤུགས་སྦེ་ རྐྱབ་པའི་སྐབས་ ཐིམ་ཕུ་ཁྲོམ་ལམ་བདའ་སྟེ་ ཆུ་ཚུ་ཐོན་པའི་ དཀའ་ངལ་བྱུང་མི་དེ་ ཆུ་གཡུར་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིནམ་ད་ གཞན་ ཆརཔ་དེ་ ཨ་རྟག་དང་མ་འདྲཝ་སྦེ་ མ་རྐྱབ་པས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ ལྷོ་མཚམས་རྫོང་ཁག་ཚུ་ནང་ ཆརཔ་མང་སུ་སྦེ་ རྐྱབ་དོ་ཡོདཔ་ཨིན་རུང་ གཞན་ས་གནས་ཚུ་ནང་ ཚད་ལྡན་སྦེ་ འདུག་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ ཆར་ཆུའི་དུས་ཚོད་ཚུ་ནང་ རྒྱལ་ཁབ་ཀྱི་ ནུབ་ཕྱོགས་ས་གནས་ཚུ་ནང་ ཆརཔ་མང་ཤོས་ཅིག་ར་ ཚད་ལྡན་སྦེ་ རྐྱབ་དོ་ཡོདཔ་ད་ ལྷོ་མཚམས་ས་ཁོངས་ཚུ་ནང་འབད་བ་ཅིན་ ཆརཔ་ཚུ་ ཤུགས་སྦེ་ར་ རྐྱབ་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ ས་གནས་ཚུ་གི་གྲས་ལས་ སྤྱི་ཟླ་༧ པའི་ཚེས་༡༣ གྱི་ཉིན་མར་ གསར་སྤང་བུར་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་ འདས་པའི་ལོ་༤ དེ་ཅིག་གི་རིང་ སྦོམ་ཤོས་ཅིག་ཨིནམ་ད་ སྤྱི་ལོ་༢༠༡༠ ཟླ་༧ པའི་ཚེས་༡༨ ལུ་ མི་ལི་མི་ཊར་༤༢༥ རྐྱབ་ཡོདཔ་ཨིན་པས།
རྒྱ་གར་གྱི་ གནམ་གཤིས་བརྟག་དཔྱད་ཞབས་ཏོག་ལས་ཁུངས་ཀྱིས་ དུས་ཅི་ འབྲུག་ལུ་ སྤྱི་ཟླ་༦ པའི་ཚེས་༥ དེ་ཅིག་ཁར་ ཆརཔ་འགོ་དང་པ་ རྐྱབ་ནི་ཨིན་པའི་ སྔོན་བཤད་འབད་མི་དང་འཁྲིལ་ཏེ་ བསམ་རྩེ་ལུ་ སྤྱི་ཟླ་༦ པའི་ཚེས་༥ ལུ་རྐྱབ་མི་དེ་ དུས་མཐུན་བྱུང་ཡི་ཟེར་ འགོ་དཔོན་ཚུ་གིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།



No comments:

Post a Comment