གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ འཇམ་དབྱངས་ཀྱི་སྐུ་འདྲ་ཚུ་ལུ་ རབ་གནས་གནང་པའི་བསྒང་། |
དབང་ཕྱུག་རྗེས་དྲན་ཚོགས་པའི་ཁ་ཐུག་ལས་སྦེ་ ད་རིས་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་༡༨ རྒྱལ་ཁབ་ནང་གི་ འབྲིང་རིམ་སློབ་གྲྭ་འོག་མ་ཚུ་ནང་ གནང་ནི་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༡ ལུ་ འབྲིང་རིམ་སློབ་གྲྭ་བར་མ་དང་ འབྲིང་རིམ་སློབ་གྲྭ་གོང་མ་ཚུ་ནང་ འཇམ་དབྱངས་ཀྱི་སྐུ་འདྲ་༣༦ གནང་ཡོདཔ་ཨིན་པས།
དབང་ཕྱུག་རྗེས་དྲན་ཚོགས་པའི་ཁྲི་འཛིན་ ཨ་ཞེ་སྐལ་བཟང་དབང་མོ་དང་ ཨ་ཞེ་ བདེ་སྐྱིད་གཡང་འཛོམས་རྣམ་གཉིས་ཀྱིས་སྦེ་ འཇམ་དཔལ་དབྱངས་ཀྱི་སྐུ་ཚུ་ ཤེས་རིག་ལྷན་ཁག་གི་བློན་པོ་ ཋ་ཀུར་སིང་པའུ་ཌེལ་ལུ་ རྩིས་སྤྲོད་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་ལས་ བདག་སྐྱོང་གཙོ་འཛིན་འགོ་དཔོན་ དཀར་ཅུང་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ལོར་ མི་དབང་ཞིང་བཤེགས་དམ་པའི་རྗེས་དྲན་ལུ་ དབང་ཕྱུག་རྗེས་དྲན་ཚོགས་པ་གིས་ འཇམ་དཔལ་དབྱངས་ཀྱི་ སྐུ་འདྲ་ཚུ་ སློབ་གྲྭ་ཚུ་ནང་ཕུལ་དགོ་མི་དེ་ཡང་ གཙོ་བོ་ར་ སློབ་ཕྲུག་ཨ་ལུ་ཚུ་ དཔེ་ཆ་ལྷབ་པའི་སྐབས་ལུ་ རིག་པ་འཕེལ་ཐབས་དང་ སློབ་ཕྲུག་ཚུ་གིས་འབད་རུང་ ཉིན་བསྟར་བཞིན་དུ་ དྲོ་པ་ འཇམ་དཔལ་དབྱངས་ལུ་གསོལ་བ་བཏབ་དོ་ཡོདཔ་ལས་ ལས་འཆར་དེ་གིས་ ཕན་ཐོགས་སྦོམ་ར་བྱུང་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
གཙུག་ལག་སློབ་དཔོན་མཆོག་གིས་ འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་༡༨ དང་ སྟོན་པའི་སྐུ་འདྲ་༩ ལུ་རབ་གནས་གནང་ཡོདཔ་ད་ འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་༡༨ དེ་ སློབ་གྲྭ་ཚུ་ནང་ཕུལ་ནི་ཨིན་པའི་ཁར་ སྟོན་པའི་སྐུ་འདྲ་༩ དེ་ མངོན་མཐོ་ཁྲིམས་ཀྱི་འདུན་སའི་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་མཆོག་གིས་སྦེ་ རྫོང་ཁག་གི་ དྲུང་ཁག་ཁྲིམས་ཀྱི་འདུན་ས་ཚུ་ནང་ གནང་ནི་ཨིན་པས།
དབང་ཕྱུག་རྗེས་དྲན་ཚོགས་པའི་འགོ་འདྲེན་ཐོག་ལས་ དེ་ཁར་འཛོམས་མི་ དད་ཅན་སྐྱ་སེར་ཕོ་མོ་དང་ རྒན་རྒས་ དེ་ལས་ འབྲེལ་གཏོགས་འབད་མི་ཚུ་ལུ་ ལྟོ་ཁ་ཅིག་ཡང་ གནང་ཡོདཔ་ཨིན་པས།
མི་དབང་ཞིང་གཤེགས་དམ་པའི་ གསུང་ཆོག་གནང་ས་ལུ་ ཨ་ཞེ་སྐལ་བཟང་དབང་མོ་དང་ ཨ་ཞེ་བདེ་སྐྱིད་གཡང་འཛོམས་ དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་ བྱོན་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment