ཕུཊ་བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་པའི་བསྒང་། |
དེ་ཡང་ ཁ་ཉིནམ་ ཉིནམ་དང་པའི་ རྩེད་འགྲན་སྐབས་ལུ་ ཁེན་འཇར་ལྗང་ཁུ་གྱོན་མི་ མོང་སྒར་རྫོང་ཁག་གི་ སྡེ་ཚན་དང་ ཁེན་འཇར་སེརཔོ་གྱོན་མི་ རྒྱལ་པོའི་ཞིང་འབྲིང་རིམ་གོང་མའི་བར་ན་ རྩེད་འགྲན་འབད་བའི་སྐབས་ལུ་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་ སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགས་རུང་ མོང་སྒར་རྫོང་ཁག་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ ཉིནམ་༢ པའི་ རྩེད་འགྲན་ནང་ ཀེ་ཨེཆ་པི་སྡེ་ཚན་དང་ མོང་སྒར་ཨེན་ཨཱར་ཌི་སི་ཨཱེལ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ལུ་ ཀེ་ཨེཆ་པི་སྡེ་གིས་ ག་དེམ་ཅིག་ རྩ་འགེངས་ཏེ་ རྩེད་འགྲན་འབད་རུང་ ཨེན་ཨར་ཌི་སི་ཨེལ་སྡེ་ཚན་ལུ་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགས་པའི་བར་ན་ ཨེན་ཨར་ཌི་སི་ཨེལ་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཚུགས་མི་ལུ་བརྟེན་ གཞན་མི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ད་རིས་ ཉིན་མའི་རྩེད་འགྲན་དེ་ ལྕགས་སི་མཁར་སྡེ་ཚན་དང་ ཡ་ལྡི་སྡེ་ཚན་༢ ཀྱི་བར་ན་ འགོ་འདྲེན་འཐབ་ནི་ཨིནམ་ད་ མི་ཚུ་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་གྱི་ རྐང་རྩེད་ཕུཊ་བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་ནི་དེ་ རྒྱལ་པོའི་ཞིང་བཟུམ་ཅིག་གི་ ས་གནས་ས་དྲོད་སའི་ནང་ རྩེད་འགྲན་འགོ་འདྲེན་འཐབ་མི་དེ་ ཚ་དྲོད་ཆེ་རུང་ ལྟོདམོ་ལྟ་མི་ཚུ་གིས་ སྤྲོ་བ་ཐེབས་ཅིག་སྦེ་ར་ བསྐྱེདཔ་མས་ཟེར་ཨིན་པས།
དུས་ཅི་ ཕུཊ་བཱོལ་རྩེད་འདྲེན་གྱི་ མ་དངུལ་རྒྱབ་སྐྱོར་དེ་ཡང་ རྒྱལ་པོའི་ཞིང་ས་གནས་ཀྱི་ མི་སེར་དང་ འབྲུག་ཕུཊ་བཱོལ་ཚོགས་པ་གིས་ འབད་ཡོདཔ་ཨིན་པས།
དུས་ཅི་ གནམ་བྱཱར་གྱི་ ཕུཊ་བཱོལ་རྩེད་འགྲན་ནང་ ཤར་ཕྱོགས་རྫོང་ཁག་༤ ལས་ རྩེད་འགྲན་པ་ སྡེ་ཚན་བསྡོམས་ཀྱིས་༢༡ གིས་བཅའ་མར་གཏོགས་ཡོདཔ་ཨིན་པས།
མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ཡང་ དངུལ་ཀྲམ་༡༠༠,༠༠༠ ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment