གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨྱོ་རྫས་ནང་འདྲེན་འབད་མི་ཚུ་ལུ་ བཙོན་ཁྲིམས་ལོ་༩ ཚུན་བཀལ་ཡོདཔ།

༣༠/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ ཚད་འཛིན་ཅན་གྱི་ སྨྱོ་རྫས་ཚུ་ ནང་འདྲེན་དང་ ཉོ་བཙོང་འཐབ་མི་ ཕོ་སྐྱེས་༦ ལུ་ བཙོན་ཁྲིམས་ལོ་༥ ལས་༩ ཚུན་ བཀལ་བའི་ཁར་ ཨམ་སྲུ་ཅིག་ལུ་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་ཅན་གྱི་མངོན་རྟགས་ བཏོན་མ་ཚུགསཔ་ལས་ ཉེས་གྲོལ་གྱི་ འཁྲུན་ཆོད་བཏོན་གནང་ནུག།
ཁོང་གི་གྲས་ལས་ དབང་འདུས་ཕོ་བྲང་ དགོན་ཁ་ལས་ཨིན་མི་ ཕྲིན་ལས་རྡོ་རྗེ་གིས་ སྨྱོ་རྫས་ཚུ་ ནང་འདྲེན་དང་ ཉོ་བཙོང་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ད་ ཚེ་རིང་རྣམ་རྒྱལ་དང་ པ་སངས་དབང་འདུས་ དོན་གྲུབ་བཀྲིས་ ངག་དབང་ཆོས་འཕེལ་ དེ་ལས་ ཆོས་སྐུ་ཚུ་ལུ་ ཚད་འཛིན་གྱི་སྨྱོ་རྫས་ འཆང་སྤྱོད་འབད་ཡོད་པའི་ཉེས་འཛུགས་ཐོག་ བཙོན་ཁྲིམས་ཟླཝ་༥ རེ་ བཀལ་ཡོདཔ་ཨིན་པས།

ཨིན་རུང་ བསོད་ནམས་དབང་མོ་ལུ་ ཁྲིམས་འགལ་ཐོག་ ཚད་འཛིན་གྱི་ སྨྱོ་རྫས་ཚུ་ ཉོ་བཙོང་འཐབ་ཡོད་པའི་ ཉེས་འཛུགས་དེ་ལུ་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་ཅན་གྱི་ མངོན་རྟགས་བཏོན་མ་ཚུགསཔ་ལས་བརྟེན་ ཉེས་མེད་ཉེས་གྲོལ་ བཏང་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ འཕྲིན་ལས་རྡོ་རྗེ་གིས་ རྒྱ་གར་གྱི་ས་གནས་ ཇའི་སྒང་ལས་ རིན་གོང་དངུལ་ཀྲམ་༤,༢༠༠ སྤྲོད་དེ་ སྨྱོ་རྫས་ཨེསི་པི་༧༢༨ དང་ རི་ལི་པིན་༡༠༠ དེ་ལས་ ཨེན་ཊེན་༡༥༣ ནང་འདྲེན་འབད་དེ་ སྤྱི་ཟླ་༣ པའི་ཚེས་༤ ལུ་ ཐིམ་ཕུ་ལུ་ འབག་འོང་བའི་སྐབས་ ཆུ་འཛོམས་ཀྱི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོ་འཛིན་བཟུང་འབད་བའི་ཤུལ་ལུ་ ཁོ་དང་ འབྲེལ་བ་ཡོད་མི་ཚུ་གི་མིང་ཚུ་ བཏོན་མི་དང་འཁྲིལ་ གཞན་མི་ཆ་རོགས་ཚུ་ཡང་ སྤྱི་ཟླ་༣ པའི་ཚེས་༦ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
བྱ་ངན་འབད་མི་ ཚེ་རིང་རྣམ་རྒྱལ་གྱིས་ སྨྱོ་རྫས་ཚུ་ ཉོ་ནིའི་དོན་ལུ་ འཕྲིན་ལས་རྡོ་རྗེ་གི་ལག་པར་ དངུལ་ཀྲམ་༥༠༠ བསྐྱལ་བཏང་ཡོདཔ་ཨིན་པས།
པ་སངས་དབང་འདུས་དང་ དོན་གྲུབ་བཀྲིས་ ངག་དབང་ཆོས་འཕེལ་ དེ་ལས་ ཆོས་སྐུ་ཚུ་གིས་ སྨྱོ་རྫས་ཚུ་ ནང་འདྲེན་འབད་དེ་ ཉོ་བཙོང་འཐབ་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་རུང་ དེ་ལུ་ སྒྲུབ་བྱེད་ཚུ་ བཏོན་ནི་མེད་མི་ལུ་བརྟེན་ ཉེས་འཛུགས་དེ་ སྨྱོ་རྫས་འཆང་སྤྱོད་འབད་ཡོད་མི་ལུ་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
ཆོས་སྐུ་གི་གནས་ཚང་ བསོད་ནམས་དབང་མོ་ལུ་ཡང་ སྨྱོ་རྫས་ཚུ་ ཁྲིམས་འགལ་ཐོག་ལས་ ཉོ་བཙོང་འཐབ་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་རུང་ དེ་ལུ་ སྒྲུབ་བྱེད་མེད་མི་ལུ་བརྟེན་ སྨྱོ་རྫས་འཆང་བའི་ ཉེས་འཛུགས་གུ་ མར་ཕབ་འབད་ ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།



No comments:

Post a Comment