གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་གཏེར་གོང་འཕེལ་ སྲིད་བྱུས་དེ་ ཚོགས་ཆུང་གིས་ དབྱེ་ཞིབ་འབད་ཡོདཔ།

དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་འོག་གི་ དབྱེ་ཞིབ་ཚོགས་ཆུང་ཅིག་གིས་ འདས་པའི་བདུན་ཕྲག་ནང་ དབྱེ་ཞིབ་འབད་དེ་ གྲུབ་འབྲས་ཚུ་ བདུན་ཕྲག་འདི་གི་ རེས་གཟའ་སྤེན་པ་ལུ་ གསལ་སྟོན་འབད་ནི་གི་རེ་བ་ཡོདཔ་ཨིན་པས། 
 
༢༦/༠༧/༢༠༡༢། ༉ ས་གཏེར་གོང་འཕེལ་སྲིད་བྱུས་དེ་ལུ་ བསྟན་རྒྱས་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་གཉིས་ ཞལ་འཆམ་བྱུང་མ་ཚུགས་པར་ ལོ་༢ དེ་ཅིག་ལུས་པའི་ཤུལ་ལུ་ ད་རེས་འབདཝ་ད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་འོག་གི་ ཚོགས་ཆུང་གིས་ དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་འཁྲིལ་ཏེ་ ཡོད་མེད་ཀྱི་ དབྱེ་ཞིབ་འབད་ཡོདཔ་ཨིན་པས།
དབྱེ་ཞིབ་འབད་མི་ཚོགས་ཆུང་གིས་ འདས་པའི་བདུན་ཕྲག་ནང་ གོང་འཕེལ་སྲིད་བྱུས་ཀྱི་གནད་དོན་སྐོར་ལས་ དབྱེ་ཞིབ་འབད་མིའི་གྲུབ་འབྲས་སྙན་ཞུ་ཚུ་ བདུན་ཕྲག་འདི་གི་ རེས་གཟའ་སྤེན་པ་ལུ་ གསལ་སྟོན་འབད་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
འགོ་དཔོན་ཅིག་གིས་སླབ་མིའི་ནང་ ད་ལྟོ་ གྲུབ་འབྲས་སྙན་ཞུ་ཚུ་ བསྡུ་སྒྲིག་འབད་བའི་བསྒང་ར་ཡོདཔ་ལས་ དེ་ལུ་ རྒྱབ་སྐྱོར་འབད་མི་དང་ མ་འབད་མི་ ཧ་ལམ་འདྲན་འདྲ་ཡོདཔ་ལས་ ས་གཏེར་གོང་འཕེལ་སྲིད་བྱུས་དེ་ ཞིབ་དཔྱད་ཚོགས་ཆུང་སྙན་ཞུ་དང་འཁྲིལ་ ཆ་འཇོག་གྲུབ་ཚུགས་མི་ཚུགས་ ད་ལྟོ་ སླབ་མི་ཤེས་པས་ཟེར་ཨིན་པས།
བསྟན་རྒྱས་ལྷན་ཁག་གིས་ཡང་ སྲིད་བྱུས་དེའི་སྐོར་ལས་ དབྱེ་ཞིབ་ཚུ་འབད་ཡོདཔ་ད་ ལྷན་ཁག་གི་དབྱེ་ཞིབ་ཚོགས་ཆུང་འཐུས་མི་༡༥ གིས་ཡང་ ལམ་ལུགས་དང་འབྲེལ་གནད་ཅན་གྱི་ གནས་ཚད་ལག་ལེན་འཐབ་ཐོག་ལས་ འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་ སྲིད་བྱུས་དབྱེ་ཞིབ་འབད་ནིའི་ནང་ དོན་ཚན་༢༦ བཟོ་ཡོད་མི་དེ་ལུ་ བསྟན་རྒྱས་ལྷན་ཁག་དང་ གཞན་མི་ལས་སྡེ་ཚུ་ལས་ ཉོགས་བཤད་བཀོད་མུ་ལུ་བརྟེན་ དེ་ཚུ་བསྒྱུར་བཅོས་འབད་དེ་ དོན་ཚན་༢༢ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
ས་ཁམས་དང་ ས་གཏེར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་གཡང་ལེགས་ཀྱིས་ སླབ་མིའི་ནང་ ཚོགས་ཆུང་འཐུས་མི་ཚུ་གིས་ ལག་ལེན་དེ་གིས་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་ག་ཅི་ར་ཡོདཔ་ཨིན་ན་ལུ་ གཞི་བཞག་ཐོག་ དབྱེ་ཞིབ་མ་འབདཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་ཆུང་གིས་ ས་གཏེར་གོང་འཕེལ་སྲིད་བྱུས་ལུ་རྐྱངམ་གཅིག་ དབྱེ་ཞིབ་འབད་ནི་མ་གཏོགས་ ས་གཏེར་དང་འབྲེལ་བའི་ལཱ་ཚུ་ལུ་ དབྱེ་ཞིབ་འབད་དགོཔ་མེད་ཟེར་ཨིན་པས།
སྲིད་བྱུས་དང་འཁྲིལཝ་ད་ ས་གཏེར་གྱི་རྒྱུ་རྫས་ཚུ་ བཏོན་ཞིནམ་ལས་ རྒྱལ་སྤྱིའི་གནས་ཚད་ལྟར་དུ་ བྱ་རིམ་དབྱེ་ཁག་༦ གི་ཐོག་ལས་ ཐོན་བསྐྱེད་གོང་འཕེལ་མ་བཏང་པར་ ཕྱིར་བཙོང་འཐབ་མ་ཆོགཔ་ཨིན་པས།
དབང་འཛིན་གསརཔ་དེ་གིས་ སྲིད་བྱུས་དེ་དང་འབྲེལ་བའི་ ལམ་ལུགས་དང་ ཁྲིམས་ལུགས་ཚུ་ ལག་ལེན་འཐབ་ནི་གི་འགན་འཁྲི་ ཧྲིལ་པོར་འབག་ནི་ཨིན་པའི་ཁར་ མི་སྟོབས་ཀྱི་མཁོ་སྒྲུབ་ཡང་ རང་དབང་ཐོག་ལུ་ འབད་ནིའི་ དབང་ཚད་ཚུ་ཡོདཔ་ཨིན་ཟེར་ཨིན་པས།
ས་གཏེར་གོང་འཕེལ་སྲིད་བྱུས་དེ་ ད་རེས་ཀྱི་ཚོགས་ཆུང་དབྱེ་ཞིབ་ལས་ མཐར་འཁྱོལ་ བྱུང་རུང་མ་བྱུང་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ སྤྱི་ཟླ་༡༠ པའི་ནང་ གྲོས་འབུལ་ཕུལ་ནི་ཨིན་ཟེར་ ལྷན་ཚོགས་འོག་གི་ དབྱེ་ཞིབ་ཚོགས་ཆུང་འགོ་དཔོན་ཅིག་གིས་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།



No comments:

Post a Comment