གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་བོ་ཏ་ལ་ལས་ ལམ་ཐལ་ཡོད་རུང་ ལམ་འགྲུལ་འབད་མི་ཚུ་ལུ་ གནོད་ཉེན་ཡོདཔ།

༢༤/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༢༡ ལས་ཚུར་ དགེ་ལེགས་ཕུག་དང་ ཀྲོང་གསར་གྱི་ གཞུང་ལམ་དེ་ ས་གནས་རི་བོ་ཏ་ལ་ལུ་ རྡོ་སྦོམ་ཚུ་དང་ རག་རོ་ཚུ་གིས་ ལམ་བསུབས་མི་ཚུ་ ཁ་ཙ་ཕྱི་རུ་ལས་ བསལ་ཚར་ཡོདཔ་ཨིན་པས།
ས་རྐོ་འཕྲུལ་ཆས་ཀྱིས་ འཁོར་ལམ་བསུབས་མི་ཚུ་ བསལ་བའི་བསྒང་།

རི་བོ་ཏ་ལ་ལུ་ ལམ་མ་ཐལ་བར་ ཁུར་ཆ་འབག་སྟེ་ རྐང་ཐང་འགྱོ་མི་ཚུ།


དེ་ཡང་ གཞལམ་སྒང་ལས་ ཀྲོང་གསར་ཁ་ཐུག་ལུ་ ཀི་ལོ་མི་ཊར་༢༧ གྱི་ས་གནས་ལུ་ ལམ་བསུབས་ཡོད་མི་དེ་ནང་ ལམ་ཕྱོགས་གཉིས་ཆ་ར་ལུ་ ས་རྐོ་འཕྲུལ་ཆས་༢ བཞག་མི་དེ་གིས་ ལམ་ཆ་ཤས་ཅིག་ བསལ་ཡི་ར་ བར་མཚམས་ལུ་ སྣུམ་འཁོར་ཚུ་ བཀག་ཡོདཔ་ཨིན་པས།
ཁ་ཙ་ཕྱི་རུ་ ལམ་བཀག་བསུབས་ཀྱི་ ས་ཁོངས་ནང་ཡོད་མི་ གཞལམ་སྒང་ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆརཔ་རྐྱབ་སྟེ་ར་ཡོདཔ་ལས་ གཞུང་ལམ་དེ་ ལོག་སྟེ་ར་ བསུབ་ནི་གི་ ཉེན་ཁ་འདུག་ཟེར་ཨིནམ་ད་ ལམ་གྱི་ལྟག་ལས་ རྡོ་དང་རག་རོ་ཚུ་ འབུད་སག་ས་སྦེ་ དཔྱངས་ཏེ་ཡོདཔ་ལས་ ཆརཔ་རྐྱབ་ཅིག་ ལམ་བསུབ་མས་ཟེར་ འཁོར་ལམ་ལྟ་རྟོག་པ་ བཀྲིས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྡོ་དེ་ཚུ་ བུད་འོང་དོ་ཡོདཔ་མ་ཚད་ འཁོར་ལམ་ཆ་ཤས་ཅིག་ འཕྱགས་འབག་ཡོདཔ་ལས་ ལམ་འགྲུལ་འབད་ནི་ལུ་ ཉེན་སྲུང་མིན་འདུག་ཟེར་ཨིན་པས།
མ་གཞི་ ཁ་ཙ་ལས་ སྣུམ་འཁོར་༢༠ དེ་ཅིག་ ཐལ་ཡོད་རུང་ སྣུམ་འཁོར་ལ་ལུ་ཅིག་ ལམ་སྦུག་ན་ ཐོགས་ལུས་ཡོདཔ་མ་ཚད་ ས་རུད་འཕྲོ་མཐུད་དེ་ ཆད་མི་ལུ་བརྟེན་ ལམ་འགྲུལཔ་ཚུ་གི་ ཚེ་སྲོག་ལུ་ གནོད་ཉེན་སྦོམ་བྱུང་ཡི་ཟེར་ བཀྲིས་རྡོ་རྗེ་གིས་ སླབ་ཨིན་པས།
ལམ་སེལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་མཇུག་མ་བསྡུ་ཚུན་ཚོད་ འཁོར་ལམ་གྱི་ གནས་སྟངས་དེ་ ལེགས་ཤོམ་མི་འགྱོ་འོང་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment