ད་རེས་ནངས་པ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་བར་ན་ ས་གནས་ཐདམ་ཐད་ཁ་ལས་ཕར་ ས་རུད་ཆད་དེ་ ལམ་བཀག་བསུུབ་འབད་དོ་ཡོདཔ་ཨིན་རུང་ ཌཱན་ཊག་ལས་མི་ཚུ་དང་ ས་རྐོ་འཕྲུལ་ཆས་ཚུ་གིས་ དེ་འཕྲོ་ལས་ ལམ་ཆད་མི་དང་ བསུབས་མི་ཚུ་ བསལ་དོ་ཡོདཔ་ད་ དེ་སྦེ་ བསལ་ཚུགས་མི་དེ་ཡང་ ཁྲིམས་སྲུང་འགག་པ་དང་ ལམ་འགྲུལ་ཉེན་སྲུང་འགོ་དཔོན་ཚུ་གིས་ མཉམ་འབྲེལ་ཕན་ནུས་ཅན་འབད་བ་ལུ་བརྟེན་ཨིན་ཟེར་ ཌཱན་ཊག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས། |
No comments:
Post a Comment