གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་༤ ལས་ སྡེ་ཚན་༨ ཀྱིས་ ནོག་ཨ་འུཊ་རྩེད་འགྲན་ནང་ ལྷོད་ཡོདཔ།

མདའ་རྩེད་འགྲན་བསྡུར་འབད་བའི་བསྒང་།
 ༢༨/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༡༦ ལས་ རྫོང་ཁག་༡༠ ནང་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་ འགོ་བཙུགས་ཏེ་ ད་ཚུན་ རྫོང་ཁག་༤ ལས་ སྡེ་ཚན་༨ ཀྱིས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ འབའ་སྐྱོར་རྩེད་ཐང་ནང་ ནོག་ཨ་འུཊ་རྩེད་འགྲན་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
དེ་ཡང་ བུམ་ཐང་རྫོང་ཁག་ལས་ ལིག་སྐོར་ཐེངས་ནང་ རྩེད་འགྲན་འབད་མི་ སྡེ་ཚན་༡༣ ཡོད་མི་ལས་ འཇའ་ཚོན་སྙན་ངག་དང་སྐྱིདཔ་ལུང་སྡེ་ཚན་གཉིས་ཀྱིས་ སྐུགས་༡༨ འདྲན་འདྲ་ཐོབ་རུང་ འཇའ་ཚོན་སྙན་ངག་སྡེ་ཚན་གྱིས་ སྐུགས་ཡོངས་བསྡོམས་༧༠ ཐོབ་པའི་སྐབས་ སྐྱིདཔ་ལུང་སྡེ་ཚན་གྱིས་ ཡོངས་བསྡོམས་སྐུགས་༦༣ ལས་ ཐོབ་མ་ཚུགསཔ་ལས་ ཨང་༢ པ་ཐོན་ཡོདཔ་ད་ སྡེ་ཚན་༢ ནོག་ཨ་འུཊ་རྩེད་འགྲན་ནང་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་རྫོང་ཁག་ནང་ རྩེད་འགྲན་འབད་མི་ སྡེ་ཚན་༡༧ ཡོད་མི་ལས་ རྩེད་འགྲན་སྡེ་ཚན་ དྲག་ཤོས་དེ་ ལྷུན་གྲུབ་ཨཱར་ ཆ་རོགས་སྡེ་ཚན་གྱིས་ སྐུགས་༡༨ དང་ སྤྱི་མཐུན་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་༡༦ ཐོབ་ཡོདཔ་ལས་ བཙག་འཐུ་འབད་ཡོདཔ་བཞིན་དུ་ ཀྲོང་གསར་རྫོང་ཁག་ནང་ རྩེད་འགྲན་འབད་མི་ སྡེ་ཚན་༡༢ ཡོད་མི་ལས་ མང་སྡེ་སྤྲོ་འཕེལ་དང་ ཚེ་རིང་མཆེད་ལྔ་སྡེ་ཚན་༢ ལུ་ སྐུགས་༡༦ འདྲན་འདྲ་ཡོད་རུང་ ཡོངས་བསྡོམས་སྐུགས་དེ་ མང་སྡེ་སྤྲོ་འཕེལ་སྡེ་ཚན་ལུ་ མཐོ་ནི་དེ་གིས་ ཨང་དང་པ་ཐོན་ཡོད་རུང་ སྡེ་ཚན་༢ ཆ་ར་ ནོག་ཨ་འུཊ་རྩེད་འགྲན་ནང་ ལྷོད་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༧ ལས་ འགོ་བཙུགས་ཏེ་ རྫོང་ཁག་༡༠ ནང་ བཅའ་མར་གཏོགས་མི་ སྡེ་ཚན་༢༥༢ ཚུ་གིས་ ཉིནམ་༡ གི་ ལིག་སྐོར་ཐེངས་རྩེད་འགྲན་འབདཝ་ད་ ད་ཚུན་ བཀག་རེག་ཕོག་མི་ དྲག་ཤོས་༡༠ དེ་ སྤ་རོ་རྫོང་ཁག་ནང་ དཔལ་ལྡན་སྡེ་ཚན་ཚོང་ལས་སྡེ་ཚན་ལས་ ཚེ་དབང་རྡོ་རྗེ་གིས་ བཀག་རེག་༡༩ དང་ དབང་ཕྱུག་སྡེ་ཚན་ལས་ བཀག་རེག་༡༧ ཕོག་མི་ བསོད་ནམས་ཆོས་རྒྱལ་ རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་ལས་ མགོནམ་ཚེ་རིང་གིས་ བཀག་རེག་༡༦ བཏགས་རྡོག་བཀག་རེག་སྡེ་ཚན་ལས་ རྟ་ལོག་རྣམ་རྒྱལ་དབང་ཕྱུག་གིས་ བཀག་རེག་༡༦ ཕོག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཕུན་ཚོགས་གླིང་ལས་ བུ་ལུ་ཀོ་པི་ལྟ་བཤལ་དང་ལ་སྡེ་ལས་ འཇིགས་མེད་ནོར་བུ་གིས་ བཀག་རེག་༡༦ དང་ ཕུན་ཚོགས་གླིང་ལས་ ཀརྨ་དང་སངས་རྒྱས་ཇི་ བུ་ཊེ་ཡ་ དེ་ལས་ མོང་སྒར་ལས་ ཀུན་ལེགས་རྡོ་རྗེ་ཚུ་གིས་ བཀག་རེག་༡༤ རེ་རྐྱབ་སྟེ་ དྲག་ཤོས་༡༠ ནང་ ཚུད་ཡོདཔ་ཨིན་པས།
ལིག་སྐོར་ཐེངས་མཇུག་ར་ སྤྱི་ཟླ་༨ པའི་ཚེས་༩ ལུ་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment