གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་རྦོབ་རིལ་རྐྱེན་ངན་ནང་ ཁག་འབགཔ་ཅིག་ལུ་ཤི་རྐྱེན།

༢༠/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༡༧ གྱི་ཕྱི་རུ་ སྟག་ཏི་ཀོ་ཊི་དང་ མ་ཀའི་བ་རིའི་བར་ན་ སྣུམ་འཁོར་མུ་ཟོ་ཀཱར་ཅིག་ ལམ་འོག་ལས་མར་ ཕིཊ་༣༠ དེ་ཅིག་གི་ས་ཁར་ རྦོབ་རིལ་ཡར་སོཔ་ལས་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


དེ་ཡང་ ཐིམ་ཕུར་སྡོད་མི་ ཚེ་འདས་ཀྱི་ གནས་ཚང་གིས་ རྨགཔ་དང་གཅིག་ཁར་ འགྲུལ་འཕྲིན་མོ་བཱ་ཡེལ་ཐོག་ལས་ འབྲེལ་བ་འཐབ་ད་ བདའ་མ་ཟུན་པའི་ཤུལ་ལུ་ སྤྱི་ཟླ་༧ པའི་ཚེས་༡༨ ཀྱི་ དྲོ་པ་ཆུ་ཚོད་༨.༣༠ དེ་ཅིག་ཁར་ ནང་མི་ཚུ་གིས་ ཚེ་འདས་ཀྱི་ཕུངམ་དེ་ ཐོབ་ཡོདཔ་ཨིན་པས།
ཚེ་འདས་བཀྲིས་ཕུན་ཚོགས་དེ་ ཁག་འབགཔ་ཅིག་ཨིནམ་མ་ཚད་ རྐྱེན་ངན་བྱུངམ་ད་ ཐིམ་ཕུ་ལས་ ཕུན་ཚོགས་གླིང་ལུ་ འགྱོ་བའི་བསྒང་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཁག་འབགཔ་གི་ཕུངམ་དེ་ ནུབམོ་༡ ས་གནས་དེ་ཁར་ ལུས་ཡོདཔ་ལས་ ཁོ་ར་ ཁ་འཐུམ་མར་ ཤི་ཡོདཔ་ཨིན་ན་ གཏན་འཁེལ་བཟོ་མ་ཚུགས་ཟེར་ཨིནམ་ད་ ཁོང་གིས་འབད་བ་ཅིན་ རྐྱེན་ངན་དེ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ བྱུང་ཡོདཔ་འོང་ནི་དང་ དེ་ཡང་ ས་སྨུག་སྤུབས་ཡོད་མི་ལུ་བརྟེན་ མིག་གིས་མ་མཐོང་པར་ རྦོབ་རིལ་སོང་བའི་ དོགས་པ་ཡོད་ཟེར་ཨིན་པས།
ཨིན་རུང་ རྐྱེན་ངན་བྱུང་སའི་ ས་གོའི་སྦོ་ལོགས་ཁར་ ལམ་གྱི་གནས་སྟངས་ལེགས་ཤོམ་ཡོདཔ་ལས་ ཏན་ཏན་སྦེ་ ཧ་གོ་མ་ཚུགས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལས་ཨིན་མི་ ཚེ་འདས་ཀྱིས་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ ཁོ་རའི་གནས་ཚང་ལུ་ ཁོ་ར་ ཝང་ཁ་ལུ་ ཉིན་ལྟོ་བཟའ་སྟེ་ ཕུན་ཚོགས་གླིང་ལུ་ འགྱོ་དོ་ཟེར་ བརྒྱུད་འཕྲིན་བཏང་ཡོད་རུང་ ཆུ་ཚོད་༡ དེ་ཅིག་གི་རྒྱབ་ལས་ གནས་ཚང་གིས་ ཁོ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment