གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་སྐབས་ཅིག་ ཨ་སམ་བརྒྱུད་དེ་ འགྲོ་འགྲུལ་འབད་མ་ཆོགཔ།

 ༢༧/༠༧/༢༠༡༢། ༉ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ཁ་ཐུག་ལུ་ རྒྱུན་འགྲུལ་འཐབ་མི་ འབྲུག་པའི་སྣུམ་འཁོར་ཚུ་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ རྒྱ་གར་ཨ་སམ་དང་ བེང་གཱོལ་མངའ་སྡེའི་ས་མཚམས་ ཤྲི་རམ་པུར་ལུ་ལྷོདཔ་ད་ ཨ་སམ་ལུ་ འཛུལ་ནི་ལས་ བཀག་ཆ་འབད་བའི་ཤུལ་ལུ་ ལོག་སྟེ་ར་ ཕུན་ཚོགས་གླིང་ལུ་ འོང་ཡོདཔ་ཨིན་པས།
ཐོགས་ལུས་མི་ སྣུམ་འཁོར་ཚུ་གི་གྲས་ཁར་ གླ་འཁོར་༡༢ ཡོདཔ་ད་ ཁོང་ ཤྲི་རམ་པུར་ལས་ ས་མཚམས་བརྒལ་ནི་ལུ་ ཀི་ལོ་མི་ཊར་༤༠ དེ་ཅིག་གི་ས་གནས་ བག་ཟིར་ཧཱཏི་ལུ་ལྷོདཔ་ད་ གསང་ལམ་ཅིག་ཡོད་ས་ལས་ འགྱོ་ནུག་ཟེར་ཨིན་པས།
དེ་ལས་ ཨ་སམ་ལུ་ འཛུལཝ་ཅིག་ སྣུམ་འཁོར་ཚུ་ བཀག་འཛིན་འབད་བའི་ཤུལ་ལུ་ རྡོ་རྐྱབ་ཅི་ཟེར་ བསམ་གྲུབ་ལྗོངས་མཁར་བལྟ་འགྱོ་མི་ གླ་འཁོར་ཅིག་གི་ འགྲུལ་པ་ཅིག་གིས་ བཤདཔ་ཨིན་པས།
སྐྱེལ་འདྲེན་བཱསི་དང་ འགྲུལཔ་ཚུ་ ལོག་འོང་ཡོད་རུང་ སྒེར་འཁོར་དག་པ་ཅིག་གིས་ ས་མཚམས་དེ་ བརྒལ་ནི་གི་ དཔའ་བཅམ་འབད་ཡོད་རུང་ གནས་སྟངས་དེ་ ཉེན་ཁ་ཡོད་ནི་དེ་གིས་ ལོག་འོང་ཡི་ཟེར་ སྐྱེས་ལོ་༥༣ ལང་མི་ འགྲུལཔ་ ཏ་པཱན་ཤར་ཀར་གྱིས་ བཤད་ཅི།
སྣུམ་འཁོར་ཚུ་ དེ་སྦེ་ ཨ་སམ་ལུ་ འཛུལ་མ་བཅུག་མི་དེ་ཡང་ ས་གནས་ཀྱི་ མི་སྡེའི་མི་ཚུ་དང་ ཨ་སམ་མངའ་སྡེ་ ཀོ་ཀ་ར་ཇར་རྫོང་ཁག་ནང་སྡོད་མི་ མུསི་ལིམ་ཚུ་གི་བར་ན་ བྲེལ་ཟིང་ལང་མི་ལུ་བརྟེན་ཨིནམ་ད་ བྲེལ་ཟིང་དེ་ རྫོང་ཁག་དེ་ནང་བྱུང་སྟེ་ ལོ་ངོ་མང་རབས་ཅིག་ སོང་ཡོདཔ་ཨིན་པས།
གླ་འཁོར་༡༢ ཀྱི་གྲས་ལས་ དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཨ་སམ་གྱི་ གསང་ལམ་ཁར་ལྷོདཔ་ད་ ས་མཚམས་བརྒལ་ནིའི་དཔའ་བཅམ་མི་ རྒྱ་གར་གྱི་སྣུམ་འཁོར་ཚུ་ མེ་བཏང་བའི་ཁར་ འགྲུལ་པ་ཚུ་ བརྡུང་རྫོབ་འབད་བའི་ ལོ་རྒྱུས་གོ་བའི་ཤུལ་ལུ་ ལོག་སྟེ་ར་ ཕུན་ཚོགས་གླིང་ལུ་ འོང་ཡི་ཟེར་ཨིན་པས།
གནས་སྟངས་དེ་ འཇིགས་སྣང་ཅན་ཅིག་འབདཝ་ལས་ ད་རུང་ བདུན་ཕྲག་ཅིག་གི་རིང་ ཨ་སམ་གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་ནི་གི་ མནོ་བསམ་ཡང་ བཏང་མི་ཚུགས་པས་ཟེར་ དེད་གཡོགཔ་པ་སངས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གླ་འཁོར་དང་ སྒེར་འཁོར་ལ་ལུ་ཅིག་ལུ་ རྡོ་རྐྱབ་པའི་སྐབས་ ཤེལ་དང་ གདོང་ཁའི་གྱིབ་ཚུ་ཡང་ བཅག་དཀྲུམ་འབད་ཡི་ཟེར་ཨིན་པས།
དེ་འབདཝ་ད་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལས་ ཕུན་ཚོགས་གླིང་བལྟ་འགྱོ་མི་ སྣུམ་འཁོར་ཚུ་ རྒྱ་གར་གྱི་དམག་མི་ཚུ་གིས་ སྲུང་སྐྱོབ་འབད་དེ་ ས་མཚམས་བརྒལ་ཚུགས་ནི་དེ་གིས་ ཉེན་སྲུང་དང་ལྡནམ་སྦེ་ ཕུན་ཚོགས་གླིང་ལུ་ ལྷོད་ཚུགས་ནུག།
བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ ཀུན་དགའ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་ལྟོ་ གནས་སྐབས་ཀྱི་དོན་ལུ་ སྐྱེལ་འདྲེན་བཱསི་ཚུ་ ཨ་སམ་བརྒྱུད་དེ་ འགྲོ་འགྲུལ་འབད་ནི་ལས་ བཀག་ཆ་འབད་ཡོད་ཟེར་ཨིནམ་ད་ ཨིན་རུང་ གླ་འཁོར་ཚུ་གི་ཐད་ལུ་ ལས་བཤོལ་དུས་ཡུན་ཚུ་ཡོདན་ བསམ་གྲུབ་ལྫོངས་མཁར་བགེགས་སྲུང་སྒོ་ར་ཁ་ལས་ འགྱོ་མ་ཆོག་པར་ བཀག་བཞགཔ་ཨིན་རུང་ གནད་དོན་གཞན་ལུ་བརྟེན་ཏེ་ རྒྱུན་འགྲུལ་འཐབ་ནི་ལུ་ བཀག་ཆ་འབད་མི་ཚུགས་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment