གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་གིས་འཚིགས་ཡོདཔ།

 ཡངས་བཱ་རི་གཡུས་ཚན་ནང་ མེ་རྐྱེན་གྱིས་ 
ཐལ་བར་བརླགས་བཏང་་མི་ རང་ལུགས་ཀྱི་ཁྱིམ།
༣༠/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༨ ཀྱི་ནུབ་མོ་ མོང་སྒར་རྫོང་ཁག་ ལྕགས་སི་མཁར་རྒེད་འོག་ ཡངས་བཱ་རི་གཡུས་ཚན་ནང་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ རྩ་བ་ལས་ མེ་གིས་འཚིགས་མི་ལུ་བརྟེན་ ནང་མི་བཟའ་ཚང་༥ སྡོད་ས་མེདཔ་བཟོ་ཡོདཔ་མ་ཚད་ ཁྱིམ་ནང་གི་ ཅ་ཆས་ཚུ་ཡང་ ཐོབ་མ་ཚུགསཔ་ཨིན་པས།
རྐྱེན་ངན་དེ་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ལུ་ བྱུང་བྱུངམ་བཟུམ་ཅིག་ཨིནམ་ད་ དེ་བསྒང་ ཁྱིམ་ནང་ ག་ཡང་མེདཔ་ད་ ཁྱིམ་གྱི་ཇོ་བདག་ སྐྱེས་ལོ་༣༡ ལང་མི་ རྡོ་རྗེ་དང་ ཁོ་རའི་གནས་ཚང་ སྐྱེས་ལོ་༢༣ ལང་མི་ ཆོས་སྐྱེད་དབང་མོ་གིས་ སྐྱེས་ལོ་༣ ལང་མི་ ཁོང་རའི་ ཨ་ལུ་ཁྱིད་དེ་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་བསྲུང་པར་ སོང་ནུག་ཟེར་ ལྕགས་སི་མཁར་རྒཔོ་ པདྨ་རྡོ་རྗེ་གིས་ སླབ་ཨིན་པས།
དེ་ཚེ་ནུབ་མོ་ ལྕགས་སི་མཁར་གཡུས་ཚན་ནང་ ཆརཔ་དུམ་གྲ་ཅིག་ རྐྱབ་ཡོདཔ་མ་ཚད་ ས་སྨུག་སྤུབས་མི་ལུ་བརྟེན་ མེ་རྐྱེན་གྱི་སྐོར་ལས་ ཁྱིམ་ཚང་ཚུ་གིས་ཡང་ མ་ཤེས་པས་ཟེར་ཨིནམ་ད་ ཨིན་རུང་ ནུབ་མོ་ ཁྱིམ་གྱི་ཇོ་བདག་གིས་ ཞིང་སྐོར་ར་རྐྱབ་སྟེ་ ལྟ་བའི་སྐབས་ ཁོང་རའི་ཁྱིམ་དེ་ མེ་འབར་སར་མཐོང་སྟེ་ དེ་འཕྲོ་ལས་ ཁྱིམ་ཚང་ཚུ་འབོ་ཞིནམ་ལས་ མེ་བསད་པར་སོང་རུང་ མེ་ཤུགས་སྦེ་ འབར་ཚར་མི་ལུ་བརྟེན་ ག་ཅི་ཡང་ ཐོབ་མ་ཚུགས་པས་ཟེར་ ཁོ་གིས་ སླབ་ཨིན་པས།
མེ་རྐྱེན་ཤོར་མི་ཁྱིམ་དེ་ ན་ཧིང་ རྐྱབ་ཚརཝ་ཅིག་ཨིནམ་ད་ རྒཔོ་གིས་ སླབ་མིའི་ནང་ རྒྱུ་དངོས་ཚུ་ ག་ཅི་ཡང་ ཐོབ་མ་ཚུགསཔ་ལས་ ཁྱིམ་ནང་ཡོད་མི་ ཏི་རུ་སྟོང་ཕྲག་དག་པ་ཅིག་དང་ ཅ་ཆས་ཚུ་རྩིས་ཏེ་ དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་གནས་པའི་ རྒྱུ་དངོས་ཚུ་ ཐལ་བར་བརླགས་བཏང་ནུག་ཟེར་ཨིན་པས།
བཟའ་ཚང་ཚུ་ལུ་ རྫོང་ཁག་གི་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ ཉེར་མཁོའི་མཐུན་རྐྱེན་ ཆར་ལེབ་ལ་སོགས་པ་ཚུ་ བྱིན་ཡོདཔ་མ་ཚད་ རྒེད་འོག་བདག་སྐྱོང་གིས་ བཟའ་འཐུང་དང་ བཀབ་གོ་ལ་ཚུ་ གྲོགས་རམ་འབད་ཡོདཔ་ཨིན་པས།
ཁྱིམ་ཚང་ཅིག་གིས་ སླབ་མིའི་ནང་ མེ་ཤུགས་སྦེ་ འབར་ནི་དེ་གིས་ ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
ཡངས་བཱ་རི་གཡུས་ཚན་དེ་ ཡ་ལྡི་ཁྲོམ་ལས་ ཀི་ལོ་མི་ཊར་༤ དེ་ཅིག་ལུ་ཨིནམ་ད་ དེ་ནང་ ཁྱིམ་གུང་༩ ཡོདཔ་ཨིན་པས།
མེ་རྐྱེན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཁ་གསལ་སྦེ་ མ་ཤེས་མི་ལུ་བརྟེན་ ད་ལྟོ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ ཡོད་པའི་གནས་ཚུལ། 

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment