གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སེམས་རྟོགས་ཁ་རྫོང་ནང་ སྨོན་ལམ་ཆེན་མོ་ འགོ་བཙུགས་ཡོདཔ།

སེམས་རྟོགས་ཁ་བཤད་གྲྭའི་ དགེ་སློང་ཚུ་གིས་ སྨོན་ལམ་ཆེན་མོ་ འཚོགས་གནང་པའི་བསྒང་།
 ༢༧/༠༧/༢༠༡༢། ༉ ཁ་ཙ་ལས་ སེམས་རྟོགས་ཁ་རྫོང་ནང་ འགོ་བཙུགས་མི་ སྨོན་ལམ་ཆེན་མོ་དེ་ རང་ཟླ་༦ པའི་ཚེས་༡༥ ལུ་ མཇུག་བསྡུ་ནི་ཨིན་པས།
དེ་ཡང་ གཞུང་གྲྭ་ཚང་གི་ སློབ་དཔོན་༥ པོ་གིས་ སྐོར་རྒྱབ་ཐོག་ལས་ དབུ་བཞུགས་གནང་སྟེ་ སེམས་རྟོགས་ཁ་བཤད་གྲྭའི་ དགེ་སློང་ཚུ་གིས་ སྨོན་ལམ་ཆེན་མོ་ འཚོགས་གནང་ནི་ཨིན་པས།

སེམས་རྟོགས་ཁ་བཤད་གྲྭའི་ དབུ་འཛིན་ཚེ་རིང་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སེམས་རྟོགས་ཁ་རྫོང་ནང་ སྨོན་ལམ་ཆེན་མོ་གནང་ནི་ གཞི་བཙུགས་འབད་དེ་ དུས་ཅི་རྩིསཝ་ད་ ལོ་༣ ལང་ཡོདཔ་ད་ འདི་གི་ཧེ་མར་ ཐིམ་ཕུ་དགོངས་རྫོགས་མཆོད་རྟེན་ནང་ ལོ་བསྟར་བཞིན་དུ་ སེམས་རྟོགས་ཁ་བཤད་གྲྭ་གིས་ འགོ་འདྲེན་ཐོག་ལས་ སྨོན་ལམ་ཆེན་མོ་འཚོགས་ཏེ་ ལོ་ལེ་ཤ་ སོང་ནུག་ཟེར་ཨིན་པས།
ཐིམ་ཕུ་དགོངས་རྫོགས་མཆོད་རྟེན་ནང་ ལོ་བསྟར་བཞིན་དུ་གནང་མི་ སྨོན་ལམ་ཆེན་མོ་དེ་ དུས་ཅི་ལས་ སེམས་རྟོགས་ཁ་རྫོང་ནང་  གནང་དགོ་པའི་དམིགས་ཡུལ་གཙོ་བོ་ར་ སྤྱི་ལོ་༡༦༡༦ ལུ་ ཆོས་སྲིད་ལུགས་གཉིས་འཁོར་ལོ་བསྒྱུར་བའི་དབུ་ཁྲིདཔ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ བཞེངས་གནང་མི་ བྱིན་རླབས་ཁྱད་པར་དུ་འཕགས་པའི་ སེམས་རྟོགས་ཁ་རྫོང་ནང་ སྐུ་རྟེན་གསུང་རྟེན་ རྩ་ཅན་ལེ་ཤ་ཡོདཔ་ལས་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དབུ་འཛིན་ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ སྨོན་ལམ་ཆེན་མོ་ གནང་དགོ་པའི་དམིགས་ཡུལ་དེ་ སྤྱིར་འགྲོ་བ་རིགས་དྲུག་གི་ སེམས་ཅན་ཐམས་ཅད་ ཁམས་གསུམ་འཁོར་བའི་ སྡུག་བསྔལ་ལས་འགྲོལ་ཏེ་ ཐར་པ་སངས་རྒྱས་ཀྱི་གོ་འཕང་ འཐོབ་ནིའི་དོན་ལུ་ཨིནམ་ད་ དམིགས་བསལ་དུ་ འབྲུག་རྒྱལ་ཁབ་ནང་ དུས་རྒྱུན་དུ་ ཞི་བདེ་དང་ དགའ་སྐྱིད་འབྱུང་ཐབས་ལུ་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་རང་རང་སོ་སོའི་ རྐྱེན་ངན་བར་ཆད་སེལ་ཐབས་དང་ དད་ཅན་མི་སེར་ཚུ་གིས་ སྨོན་ལམ་འདི་ མཚམས་སྦྱར་ནི་གི་ གོ་སྐབས་སྤྲོད་ཐབས་ལུ་ སེམས་རྟོགས་ཁ་བཤད་གྲྭའི་ཁ་ཐུག་ལས་ འགོ་འདྲེན་འཐབ་ཨིན་ཟེར་ བཤདཔ་ཨིན་པས།
སྨོན་ལམ་ཆེན་མོ་དེ་ གཞུང་གྲྭ་ཚང་གི་ སློབ་དཔོན་བཞིཔོ་དང་ རྟ་མགོ་མཐོ་རིམ་བཤད་གྲྭ་ལས་ སྤྲུལ་སྐུ་ཚུ་གིས་ དབུ་བཞུགས་ཐོག་ལས་ སེམས་རྟོགས་ཁ་བཤད་གྲྭའི་ དགེ་སློབ་ཞལ་གྲངས་༡༥༠ དེ་ཅིག་གིས་ དྲོ་པ་ གནས་བརྟན་བཅུ་དྲུག་གི་ ཚོགས་འཁོར་བསྐོར་ནི་དང་ ཉིན་མ་ བཟང་སྤྱོད་སྨོན་ལམ་བསགས་གནང་ནི་ དེ་ལས་ ཕྱི་རུ་ དྲག་དམར་གྱི་ཚོགས་འཁོར་དང་ མགོནམ་ལྕམ་དྲལ་གྱི་གསོལ་ཁ་ཚུ་ ཕུལ་གནང་ནི་ཨིན་པས།
དབུ་འཛིན་ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ སྤྱིར་འཛམ་གླིང་དང་ ཁྱད་པར་དུ་ འབྲུག་རྒྱལ་ཁབ་ཀྱི་ སྐུ་རིམ་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་ཚུ་གིས་ ཉིན་གྲངས་༧ གྱི་རིང་ མ་ཎི་དང་ བཛྲ་གུ་རུ་བགྱང་ནི་ དེ་ལས་ སྨོན་ལམ་བཏང་ནིའི་དོན་ལུ་ འོང་པ་ཅིན་ ཕན་ཐོགས་སྦོམ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment