གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟ་བཤལ་ལས་སྡེའི་གཞུང་ཁྲལ་ཡང་སེང་ལུ་ གྲོས་བཅུད་བྱུང་མ་ཚུགསཔ།

༢༠/༧/༢༠༡༢   ༉ འདས་པའི་བདུན་ཕྲག་ནང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལ་པའི་དུས་ཚོད་སྐབས་ ཉིན་བསྟར་སྤྱོད་ཁྲལ་ ཡུ་ཨེས་ཌོ་ལར་༡༥ དང་ ལྟ་བཤལ་པའི་དུས་ཚོད་མེན་པའི་སྐབས་ སྤྱོད་ཁྲལ་ ཡུ་ཨེས་ཌོ་ལར་༡༠ རེ་ ཡར་སེང་འབད་དགོཔ་སྦེ་ཡོད་མི་ལུ་ ལྟ་བཤལ་པའི་ཚོང་ལཱ་འབད་མི་ཚུ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།


དེ་ལས་ ལྟ་བཤལ་པའི་ཚོང་ལཱ་འབད་མི་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ ཁོང་གི་འོང་འབབ་ནང་ལས་ སྤྱོད་ཁྲལ་ཡར་སེང་འབད་དགོཔ་སྦེ་ བཀོད་མི་དེ་ འོས་འབབ་དང་མི་ལྡན་མས་ཟེར་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ འབྲུག་ལྟ་བཤལ་ཚོགས་སྡེའི་ བཀོད་ཚོགས་ཞལ་འཛོམས་འཚོགས་པའི་སྐབས་ལུ་ གདམ་ཁ་ཅན་གྱི་གྲོས་འཆར་༢ བཙུགས་མི་དེ་ཡང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལཱ་འབད་ཚུགས་ཐབས་ལུ་སྤྱོད་ཁྲལ་ཡོངས་བསྡོམས་ལས་ བརྒྱ་ཆ་༢༥ བཞག་ནི་དང་ ཡང་ཅིན་ ལྟ་བཤལ་པའི་དུས་ཚོད་ལུ་ སྤྱོད་ཁྲལ་ ཡུ་ཨེསི་ཌོ་ལར་༦༥ ལས་༨༠ ལུ་ ཡར་སེང་འབད་དགོཔ་སྦེ་ ཨིན་པས།
ཕྱི་མི་ལྟ་བཤལཔ་ཚུ་གི་ ཉིན་བསྟར་སྤྱོད་ཁྲལ་ ཡུ་ཨེས་ཌོ་ལར་༢༥༠ དང་༢༠༠ རེ་འབད་མི་དེ་ སྔར་བཞིན་བཞག་ཐོག་ལས་ གཞུང་ཁྲལ་ ཡུ་ཨེསི་ཌོ་ལར་༡༥ དང་༡༠ ཡར་སེང་འབད་ནི་ཨིན་མི་དེ་ ལྟ་བཤལ་པའི་ལས་སྡེ་ཚུ་ལུ་ བཀལ་ནིའི་གྲོས་འཆར་ཡོདཔ་ཨིན་པས།
ལྟ་བཤལ་པའི་ སྤྱོད་ཁྲལ་ཡུ་ཨེསི་ཌོ་ལར་༢༥༠ དང་༢༠༠ རེ་འབད་མི་དེ་ ཐད་ཀར་དུ་ འབྲུག་དངུལ་ཁང་གི་ འབྲུག་ལྟ་བཤལ་ཚོགས་སྡེའི་ རྩིས་ཁྲ་ནང་བཙུགས་དོ་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་ ལོག་འགྱོ་བའི་ཤུལ་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཉིན་བསྟར་གྱི་ སྤྱོད་ཁྲལ་ཡུ་ཨེསི་ཌོ་ལར་༦༥ པོ་དེ་ བཏོག་བཞག་པའི་ཤུལ་ལུ་ ལྷག་ལུས་ ཡུ་ཨེསི་ཌོ་ལར་༡༣༥ ལྟ་བཤལ་ལས་སྡེ་གི་ རྩིས་ཁྲ་ནང་བཙུགསཔ་ཨིན་པས།
ལྟ་བཤལ་ལས་སྡེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་ཁོང་གིས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ར་བཟོ་དོ་བཟུམ་མའི་མཐོང་གསལ་བྱུང་རུང་ སྤྱོད་ཁྲལ་དང་ ཁྲལ་རིགས་གཞན་ཚུ་རྩིསཝ་ད་ གཞུང་ལུ་འོང་འབབ་སྦོམ་སྦེ་ར་ ཐོབ་སྟེ་ཡོད་ཟེར་ཨིན་པས།
ལྟ་བཤལ་སྙན་ཞུ་དང་འཁྲིལ་བ་ཅིན་ ལྟ་བཤལཔ་ལུ་བརྟེན་ འོང་འབབ་ཡུ་ཨེས་ཌོ་ལར་ ས་ཡ་༤༧.༦༨ ཐོབ་མི་ལས་ གཞུང་ལུ་སྤྱོད་ཁྲལ་ ཡུ་ཨེས་ཌོ་ལར་ས་ཡ་༡༤.༨༩ སྤྲོད་ཡོདཔ་ཨིན་པས།
ན་ཧིང་ལོ་ལུ་ གཞུང་ཁྲལ་ལས་ བརྒྱ་ཆ་༢༥ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ བཙུགས་པ་ཅིན་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ ཡུ་ཨེསི་ཌོ་ལར་ ས་ཡ་༣.༧༣ འཐོབ་ནི་ཨིན་མས་ཟེར་ཨིན་པས།
སྤྱོད་ཁྲལ་ཡར་སེང་འབད་ནི་ལུ་ ལས་སྡེའི་ཁ་ཐུག་ལས་རྒྱབ་སྐྱོར་མེདཔ་ལས་ གྲོས་བསྟུན་འབད་མི་དེ་གིས་ གྲོས་བཅུད་ལེགས་ཤོམ་བྱུང་མ་ཚུགསཔ་ཨིན་པས།
གྲོས་འཆར་བཙུགས་མི་དེ་ ཆ་འཇོག་འབད་བ་ཅིན་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༡ ལས་འགོ་བཙུགས་ ལག་ལེན་འཐབ་ནིའི་གྲོས་འཆར་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment