ལྕང་ཟམ་ཏོག་སྡེ་ཚན་གྱིས་ ཨི་སི་ཨར་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་། |
ལྕང་ཟམ་ཏོག་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་ སྐར་མ་༤ འི་ནང་འཁོད་ལུ་ གཱོལ་གཅིག་བཙུགས་ཡོདཔ་ད་ གཞན་མི་སྡེ་ཚན་གྱིས་ རྩ་འགེངས་ཏེ་ གཱོལ་བཙུག་ནིའི་ དོ་འགྲན་ ག་དེ་ཅི་འབད་རུང་ ཚག་ཁ་ཚུད་མ་ཚུགས་པར་སྡོད་པའི་བར་ན་ར་ ད་རུང་ ལྕང་ཟམ་ཏོག་སྡེ་ཚན་གྱིས་ གཱོལ་གཉིས་པམ་དེ་བཙུགས་ཏེ་ དུས་ཕྱད་བར་མཚམས་ངལ་གསོ་བཏང་ཡི།
བར་མཚམས་ལས་ ལོག་རྩེད་འགྲན་འབདཝ་ད་ དུས་ཡུན་སྐར་མ་༢༠ འི་ ནང་ ལྕང་ཟམ་ཏོག་སྡེ་ཚན་གྱིས་ གཱོལ་བཙུགས་ཅི།
རྩེད་འགྲན་ནང་ སྤྲོ་བ་ཡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ ཡར་རྒྱས་གོང་འཕེལ་གྱི་ གྱུར་བ་དང་བསྟུན་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ རྩེད་འགྲན་ཚུ་ རིག་རྩལ་དང་ལྡནམ་སྦེ་ རྩེ་མི་ལུ་བལྟ་བ་ཅིན་ ངལ་རངས་དང་ ཡིད་ཆས་བསྐྱེད་དགོཔ་འདུག་ཟེར་ཨིན་པས།
ད་རིས་ཀྱི་ རྩེད་འགྲན་ནང་ དབྱེ་ཁག་ཀ་པ་ལས་ བར་སྦིས་ས་དང་ བདེ་ཆེན་ཆོས་གླིང་སྡེ་ཚན་གཉིས་ཀྱི་ བར་ན་ རྩེད་འགྲན་འབད་ནི་དང་ དབྱེ་ཁག་ང་པའི་ནང་ ཊཱནསི་པོཊ་ཡུ་ཎའི་ཊེཌ་དང་ གཟི་ལུང་ཁ་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment