དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ འབྲུག་སྐྱབས་ཆ་བཟོ་སྐྲུན་གྱིས་ དབང་ཕྱུག་མདའ་རྩེད་སྡེ་ཚན་ལས་ རྒྱལ་ཁ་ཐོབ་པའི་ཁར་ ཁྱུང་སྡེ་ཚན་གྱིས་ ལྷ་དབང་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ མཐའ་བཅད་འོག་མའི་ནང་ ལྷོད་ཡོདཔ་ཨིན་པས།
རེས་གཟའ་ཉིམ་ལུ་ དབྱེ་སྡེ་ ཁ་པའི་ནང་ དངུལ་རྩི་ལྷན་ཁག་དང་ ལུང་བསྟན་ཨོ་ཊོ་མོ་བཱ་ཡེལ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ དངུལ་རྩིས་ལྷན་ཁག་གིས་ སྐུགས་༢ སྦྱེལཝ་སྦྱེལ་ས་ར་ཆོད་དེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
མཐའ་བཅད་འགྲན་བསྡུར་འོག་མ་དེ་ དངུལ་རྩི་ལྷན་ཁག་དང་ འབྲུག་གློག་མེ་ལས་འཛིན་སྡེ་ཚན་གཉིས་ཀྱི་ བར་ན་ རེས་གཟའ་ཕུར་པ་ལུ་ རྩེད་འགྲན་འབད་ནི་ཨིན་པས།
འབྲུག་མདའ་རྩེད་ཚོགས་སྡེ་ལས་ འགོ་འདྲེན་པ་ཅིག་གིས་སླབ་མིའི་ནང་ མཐའ་བཅད་འགྲན་བསྡུར་དེ་ ནམ་འགོ་འདྲེན་འཐབ་ནི་ཨིན་ན་ གཏན་འཁེལ་མེད་རུང་ འཕྲལ་མགྱོགས་རང་ གསལ་བསྒྲགས་འབད་ནི་ཟེར་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment