འབྲུག་ཨིསི་ཊར་གྱི་ གཱོལ་ཀི་པར་གྱིས་ བཱོལ་བཟུང་བའི་བསྒང་། |
དེ་ཡང་ ཁ་ཙ་ བློ་གསལ་གླིང་དང་ བདེ་ཆེན་ཆོས་གླིང་སྡེ་ཚན་༢ ཀྱི་ བར་ན་ རྩེད་འགྲན་འབདཝ་ད་ བློ་གསལ་གླིང་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
བློ་གསལ་གླིང་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༢༠ འི་ནང་འཁོད་ གཱོལ་གཅིག་བཙུགས་པའི་ཤུལ་ལུ་ གཞན་མི་སྡེ་ཚན་གྱིས་ རིག་རྩལ་དང་ ལྕོགས་གྲུབ་ཚུ་སྟོན་སྟེ་དོ་འགྲན་སྦོམ་འབད་རུང་ གཱོལ་བཙུགས་ནིའི་གོ་སྐབས་ཐོབ་མ་ཚུགས་པའི་བར་ན་ ད་རུང་ གཱོལ་གཅིག་བཙུགས་དཔ་ཨིན་པས།
བར་མཚམས་ངལ་གསོ་ལས་ ལོག་རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༨༠ འི་ནང་ བློ་གསལ་གླིང་སྡེ་ཚན་གྱིས་ གཱོལ་གཅིག་བཙུགསཔ་ད་ བསྡོམས་ཀྱིས་ གཱོལ་༣ བཙུགས་ཡོད་རུང་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་གཅིག་ཡང་ བཙུག་མ་ཚུགསཔ་ལས་ ཕམ་སོ་ནུག།
འབྲུག་ཨིསི་ཊར་གྱིས་ གཟི་གླིང་ཁ་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་ཤུལ་ལུ་ བློ་གསལ་གླིང་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ འགོ་འདྲེན་པ་ཅིག་གིས་ སླབ་མིའི་ནང་ ཨང་དང་པ་ཐོན་མིའི་སྡེ་ཚན་ལུ་ རྒྱལ་རྟགས་ཀྱི་དངུལ་རྐྱང་གསོལ་རས་ དངུལ་ཀྲམ་༢༠,༠༠༠ དང་ ཨང་གཉིས་པ་ལུ་ དངུལ་ཀྲམ་༡༠,༠༠༠ དང་སྦྲགས་ ངོ་རྐྱང་གི་རྟགས་མ་ཚུ་ཡང་ བྱིན་ནི་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment