བློ་གསལ་གླིང་སྡེ་ཚན་(ཁེན་འཇར་ཧོནམོ་)དང་ ཝིཌ་ཟཱིན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་། |
ལྟདམོ་བལྟ་མི་ཚུ་གི་ མཐོང་སྣང་ལུ་འབད་བ་ཅིན་ བློ་གསལ་གླིང་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་ ཝིཌ་ཟཱིན་སྡེ་ཚན་དང་ཕྱདཔ་ད་ ཆུང་ཀུ་ཡོདཔ་ལས་ རྩེད་འགྲན་འགོ་མ་བཙུག་པའི་ཧེ་མར་ ཝིཌ་ཟཱིན་སྡེ་ཚན་གྱིས་ རྒྱལ་ཁ་འཐོབ་ནི་མས་ཟེར་ སྔོན་བཤད་འབད་ཡོདཔ་ཨིན་མས།
ཨིན་རུང་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བློ་གསལ་གླིང་སྡེ་ཚན་གྱིས་ སྒྱུ་རྩལ་དང་ རིག་རྩལ་ གནས་སྐབས་ དེ་ལས་ མཁས་རིག་ཚུ་སྟོན་ཐོག་ལས་ རྩེད་འགྲན་འབདཝ་ད་ བར་མཚམས་ངལ་གསོའི་ཧེ་མར་ གཱོལ་༡ བཙུགས་ཅི།
བར་མཚམས་ལས་ ལོག་རྩེད་འགྲན་འབདཝ་ད་ དུས་ཡུན་སྐར་མ་༡༥ འི་ནང་འཁོད་ལུ་ བློ་གསལ་གླིང་སྡེ་ཚན་གྱིས་ གཱོལ་༡ བཙུགས་པའི་ཁར་ དུས་ཡུན་ཚང་རནམ་ད་ ད་རུང་ གཱོལ་གཅིག་བཙུགས་ཡོདཔ་ལས་ སྡེ་ཚན་དེ་གིས་ གཱོལ་༣-༠ སྦེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ད་རིས་ དབྱེ་ཁག་ ཀ་པའི་ནང་ལས་ ལྕང་ཟམ་ཏོག་དང་ ཨི་སི་ཨར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ དུས་ཅི་ འབྲུག་ཕུཊ་བཱོལ་རྩེད་འགྲན་ནང་ བཅའ་མར་གཏོགས་མི་ སྡེ་ཚན་༡༣ ཡོདཔ་ད་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༤ པའི་ཚེས་༢༤ ལུ་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ
བཀྲིས་ཕུན་ཚོགས།
No comments:
Post a Comment