Add caption |
དགེ་ལེགས་ཕུག་གནམ་ཐང་གི་དོན་ལུ་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ མགོནམ་རྡོ་རྗེ་གིས་ སླབ་མིའི་ནང་ བཟོ་སྐྲུན་གྱི་ལཱ་དེ་ ཞག་དུས་ལུ་ མཇུག་བསྡུ་མ་ཚུགས་མི་དེ་ཡང་ དང་པ་ར་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ལུ་བརྟེན་ གནམ་ཐང་གི་ རྒྱུག་ལམ་གུ་གཏང་ནི་ཨིན་མི་ རྩི་ནག་མཁོ་སྒྲུབ་འབད་མ་ཚུགས་པར་ ཟླ་ངོ་༡ ཡུན་འགྱངས་ལུས་སོ་ཡི་ཟེར་ཨིནམ་ད་ གནམ་ཐང་གི་ རྒྱུག་ལམ་བཟོ་སྐྲུན་ལཱ་དེ་ སྤྱི་ཟླ་༢ པའི་བདུན་ཕྲག་མཇུག་ལུ་ར་ འབད་ཚར་ཡོདཔ་ཨིན་པས།
དེ་ལས་ རྩི་ནག་མཁོ་སྒྲུབ་འབད་དེ་ རྒྱུག་ལམ་གུ་ རྩི་ནག་གཏང་ནི་ འགོ་བཙུགས་པའི་ཤུལ་ལུ་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་ནི་དེ་གིས་ ལྷག་པར་དུ་ ལཱ་ལུ་ བར་ཆད་རྐྱབ་ཅི་ཟེར་ ཁོ་གིས་ སླབ་ཨིན་པས།
ཆརཔ་རྐྱབ་པའི་སྐབས་ ལཱ་ཆ་མཉམ་བཞག་སྟེ་ གནམ་གཤིས་གནས་སྟངས་ལེགས་ཤོམ་མ་འགྱོ་ཚུན་ཚོད་ སྒུག་སྡོད་དགོ་པས་ཟེར་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ད་ཚུན་གྱི་བར་ན་ རིང་ཐུང་མི་ཊར་༡,༥༠༠ འབད་མི་ རྒྱུག་ལམ་ལུ་ རིམ་པ་རེ་ལུ་ སྟུག་ཚད་ཨེམ་ཨེམ་༥༠ རེ་འབད་མི་ རིམ་པ་གཉིས་ ཌི་བི་ཨེམ་ཟེར་མི་ རྩི་ནག་བཏང་ཚར་ཡོདཔ་ད་ ཁ་ཙ་ལས་ ཌི་ཨེ་སི་ཟེར་མི་ རྩི་ནག་རིམ་པ་༢ གཏང་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།
No comments:
Post a Comment