མི་ཚུ་གིས་ མདོས་ནང་བཀོག་མི་ གོ་ལ་ཚུ་ ག་ཐོབ་རྐྱབ་སྟེ་ འཐུ་འབག་འགྱོ་བའི་བསྒང་། དགེ་སློང་ཚུ་གིས་ མདོས་འཕང་པའི་བསྒང་། |
རྒྱ་ནག་སྤྱི་མདོས་ཀྱི་ སྐུ་རིམ་དེ་ མོང་སྒར་རབ་སྡེའི་ བླམ་གནས་བརྟན་དང་ སྐྱིད་བདེ་མཁར་བཤད་གྲྭའི་ དབུ་འཛིན་གྱིས་གཙོས་པའི་ དགེ་སློང་ཚུ་གིས་གནང་ཡི།
ད་རུང་ ཁ་ཙ་ལས་ འགོ་བཙུགས་ཏེ་ ཞབས་དྲུང་སྐུ་མཆོད་ཚུན་ རྒྱལ་ཁབ་ཀྱི་ ཞི་བདེ་ལུ་དམིགས་ཏེ་ འཇིག་རྟེན་དབང་ཕྱུག་འབུམ་ བསག་གནང་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཆོས་ཕྱོགས་ཀྱི་ ལས་རིམ་དེ་ མོང་སྒར་རྫོང་ཁག་གི་ ཆོས་མཐུན་ཚོགས་པ་དང་ ཁྲོམ་ཁའི་ཚོགས་པ་ དེ་ལས་ དད་ཅན་ཚུ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།བདེ་ཆེན་ཚེ་རིང་།
No comments:
Post a Comment