གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྟང་རྒེད་འོག་ལས་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ཚུ་ ལགཔ་སྟོངམ་སྦེ་ལོག་ཡོདཔ།

བདུན་ཕྲག་ལས་བཅད་དེ་ དྲོ་པ་ལས་ ཕྱི་རུ་ཚུན་ དབྱར་རྩྭ་དགུན་འབུབ་འཐུ་ནི་ལུ་ སེམས་ཤུགས་བསྐྱེད་རུང་ མཐའན་མཇུག་ཁར་ དབྱར་རྩྭ་དགུན་འབུབ་ ཕུད་རྡོག་༡ ཡང་ ཐོབ་མ་ཚུགས་པར་ ལོག་འོང་དགོཔ་བྱུང་ནུག།

བདུན་ཕྲག་ལས་བཅད་དེ་ དྲོ་པ་ལས་ ཕྱི་རུ་ཚུན་ དབྱར་རྩྭ་དགུན་འབུབ་འཐུ་ནི་ལུ་ སེམས་ཤུགས་བསྐྱེད་རུང་ མཐའན་མཇུག་ཁར་ དབྱར་རྩྭ་དགུན་འབུབ་ ཕུད་རྡོག་༡ ཡང་ ཐོབ་མ་ཚུགས་པར་ ལོག་འོང་དགོཔ་བྱུང་ནུག།
༢༦/༠༦/༢༠༡༢   ༉ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནི་གི་ ལམ་ལུགས་འགོ་བཙུགས་པའི་ཤུལ་ལས་ ད་ལྟོ་ཚུན་ ས་ཁ་མཐོ་སར་སྡོད་མི་ མི་སེར་ཚུ་ལུ་ འོང་འབབ་ལེགས་ཤོམ་བཟོ་ནི་གི་ ཕན་ཐོགས་བྱུང་ཡོདཔ་ཨིན་རུང་ དུས་ཅི་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་བར་འགྱོ་མི་ མང་ཤོས་ར་ ལགཔ་སྟོངམ་སྦེ་ ལོག་དགོཔ་བྱུང་ཡོདཔ་ཨིན་པས།


དེ་ཡང་ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ལས་ དུས་ཅི་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ ཕོ་སྐྱེས་སྡེ་ཚན་ཅིག་གིས་ བདུན་ཕྲག་སྦེ་ ལ་བདའ་སྟེ་ དྲོ་པ་ལས་ ཕྱི་རུ་ཚུན་ དབྱར་རྩྭ་དགུན་འབུབ་འཐུ་ནི་ལུ་ སེམས་ཤུགས་བསྐྱེད་རུང་ མཐའན་མཇུག་ཁར་ དབྱར་རྩྭ་དགུན་འབུབ་ ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགས་པར་ ལོག་འོང་དགོཔ་བྱུང་ཡོདཔ་ཨིན་པས།
སྟང་རྒེད་འོག་ སྦས་ཟུར་ཚོགས་པ་ ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་གཡུས་ཚན་ནང་ལས་ ཕོ་སྐྱེས་༩ འབད་མི་ སྡེ་ཚན་ཅིག་གིས་ སྤྱི་ཟླ་༤ པའི་ཚེས་༣ ལས་༡༢ ཚུན་ ཉིན་གྲངས་༩ གི་རིང་ བུམ་ཐང་གི་ རི་མགུ་བདའ་སྟེ་ དབྱར་རྩྭ་དགུན་འབུབ་འཐུ་བར་ སོང་ཡོདཔ་ཨིན་རུང་ དཀའཝ་སྤྱད་པའི་མཐའ་མར་ གྲུབ་འབྲས་ཅིག་ ལེགས་ཐོན་བྱུང་མ་ཚུགསཔ་ལས་ དབུགས་འགམ་སྟེ་ ལགཔ་སྟོངམ་སྦེ་ ལོག་འོང་ཡི་ཟེར་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་ཆ་ཁྱབ་ ཉིན་གྲངས་༩ གི་རིང་ ལ་བཤལ་རྐྱབ་སྟེ་ དབྱར་རྩྭ་དགུན་འབུབ་འཚོལ་རུང་ ག་གིས་ཡང་ ཐ་ན་ ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགསཔ་ལས་ ལོག་གཡུས་ཁར་ ལོག་དགོཔ་བྱུང་ཡི་ཟེར་ཨིནམ་ད་ ལོ་༤ གི་ཧེ་མ་འབད་བ་ཅིན་ ད་ལྟོ་ ཁོང་ཆ་ཁྱབ་འགྱོ་སའི་ ལ་ཚུ་བདའ་སྟེ་ དབྱར་རྩྭ་དགུན་འབུབ་ཚུ་ བསྡུ་བསྒྱོམ་འབདཝ་ད་ ལེ་ཤ་ཐོབ་ཚུགསཔ་ཨིན་རུང་ ད་རེས་འབདཝ་ད་ འབུབ་ཚུ་ རྫོགས་སོ་ནུག་ཟེར་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ དུས་ཅི་ འགོ་དང་པ་ ཉམས་མྱོང་ཡོད་མི་ཚུ་དང་གཅིག་ཁར་ དབྱར་རྩྭ་དགུན་འབུབ་འཐུ་བར་ སོང་ཡོདཔ་ཨིན་རུང་ ཁོང་གིས་ཡང་ རྩ་ལས་ར་ ཐོབ་མ་ཚུགསཔ་ལས་ དབུགས་འགམ་སྟེ་ ལོག་འོང་ཡི་ཟེར་ སླབ་ཡོདཔ་ད་ སྟང་པ་ཚུ་གིས་ རྒེད་འོག་ལས་ ཉིན་གྲངས་༢ ཀྱི་ས་ཁར་ ལམ་འགྱོ་དགོ་པའི་ས་གནས་ ན་ཐང་ཟེར་ས་ལུ་ སོང་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་འཐུ་མི་ སྐྱེས་ལོ་༢༦ ལང་མི་ ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ལོ་༤ གི་ཧེ་མར་ ན་ཐང་ལུ་ དབྱར་རྩྭ་དགུན་འབུབ་འཐུ་བར་ འགྱོ་བའི་སྐབས་ དུས་ཡུན་ཟླཝ་༡ ནང་ འབུབ་༡,༠༠༠ ལྷགཔ་ཅིག་ ཐོབ་ཅི་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ འབུབ་ཕུད་རྡོག་༡ ཡང་ ཐོབ་མ་ཚུགས་པའི་ཁར་ གཡུས་ཁར་ བྱཱ་བརྔ་ནིའི་ ལཱ་བཀོག་བཞག་སྟེ་ དབྱར་རྩྭ་དགུན་འབུབ་འཐུ་བར་ སོང་མི་དེ་ དུས་ཚོད་འཕྲོ་བརླག་བཏང་དོ་བཟུམ་ཅིག་ ཨིན་མས་ཟེར་ ཁོ་གིས་ སླབ་ཨིན་པས།
སྟང་རྒེད་འོག་ ཕོམ་རོང་གཡུས་ཚན་ལས་ སྐྱེས་ལོ་༣༢ ལང་མི་ འཕྲིན་ལས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ན་ཧིང་གི་ལོ་ནང་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་མི་ལུ་བརྟེན་ ཉམས་མྱོང་ཐོབ་ཡོདཔ་ཨིན་རུང་ དུས་ཅི་འབདཝ་ད་ ཐ་ན་ འབུབ་ཕུད་རྡོག་༡ ཡང་ ཐོབ་མ་ཚུགསཔ་ལས་ ཁོ་ར་ ལ་ཁར་འགྱོ་ནིའི་དོན་ལུ་ དངུལ་ཀྲམ་སྟོང་ཕྲག་ལས་བཅད་དེ་ ཟད་འགྲོ་བཏངམ་ལས་ གྱོང་རྒུད་ཕོག་ཅི་ཟེར་ཨིན་པས།
དབྱར་རྩྭ་དགུན་འབུབ་ འཐུ་བར་འགྱོ་མི་ཚུ་གིས་ ལྟོ་རྒྱགས་ཀྱི་དོན་ལུ་ དཀར་ཕྱེ་དང་ ཆུམ་ མར་ཁུ་ དེ་ལས་ གཞན་ཁ་ཟས་ཀྱི་རིགས་ཚུ་ འབག་འགྱོ་དོ་ཡོདཔ་ད་ བསྟན་འཛིན་རབ་རྒྱས་བཟུམ་ཅིག་འབད་བ་ཅིན་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་དེ་ འགོ་དང་པ་ཨིནམ་ལས་ ཆ་རོགས་ཚུ་དང་གཅིག་ཁར་ ལ་བཤལ་རྐྱབ་ཚུགས་ཡོད་རུང་ འབུབ་མིག་གིས་མ་མཐོང་པར་ ལོག་དགོཔ་བྱུང་ཡོདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཧེ་མ་ དབྱར་རྩྭ་དགུན་འབུབ་ མཐོང་མ་མྱོངམ་ལས་ བཟོ་རྣམ་ག་དེ་སྦེ་ཡོདཔ་ཨིན་ན་ མ་ཤེས་པའི་ཁར་ ལ་མཐོ་ས་ལུ་ ཞག་གྲངས་༩ སྡོད་མི་དེ་ཡང་ ཉམས་མྱོང་འགོ་དང་པ་ ཐོབ་ཅི་ཟེར་ཨིན་པས།
ཚོགས་པ་ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་ རྒེད་འོག་གཞན་ཚུ་ནང་ཡང་ འགྱོ་ཆོགཔ་ལས་ སྟབས་བདེ་ཏོག་ཏོ་ཡོད་ཟེར་ཨིནམ་ད་ བུམ་ཐང་ལུ་འབད་བ་ཅིན་ ཆོས་འཁོར་རྒེད་འོག་གི་ ལ་བདའ་སྟེ་ དབྱར་རྩྭ་དགུན་འབུབ་ མང་སུ་འཐོབ་ནི་ཡོད་ཟེར་ཨིན་པས།
ཧེ་མའི་ ལམ་ལུགས་དེ་ ལོག་འགོ་བཙུག་པ་ཅིན་ དབྱར་རྩྭ་དགུན་འབུབ་འཐུ་མི་ ཆ་མཉམ་ལུ་ར་ ཁེ་རྒུད་མཉམ་ནི་མས་ཟེར་ཨིནམ་ད་ དེ་ཡང་ སྟང་རྒེད་འོག་གི་ ལ་བདའ་སྟེ་ དབྱར་རྩྭ་དགུན་འབུབ་ དཀོན་ནི་དེ་གིས་ཨིན་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment