གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ དབང་འདུས་ཆ་འོག་ སྦྱེད་ནག་རྒེད་འོག་ལས་ སྐྱེས་ལོ་༥༦ ལང་མི་ སྐྱབས་རྗེ་མཆོག་གི་ གཟིམ་དཔོན་ཨོ་རྒྱན་བསྟན་འཛིན་(གཡོན་ཁ་ཐུག་)དང་ སྤུ་ན་ཁ་ མགུ་མ་རྒེད་འོག་ལས་ སྐྱེས་ལོ་༥༤ ལང་མི་ དྲུང་ཆེན་རིག་འཛིན་ལུ་ ཐུགས་བརྩེའི་གཟེངས་རྟགས་ སྟོད་རྒྱན་འཇིམ་གྱི་གོ་གནས་ གནང་ཡོད་པའི་གནས་ཚུལ།

རྒྱ་གར་གཞུང་གིས་ འབྲུག་ལུ་ ནང་ཁྲལ་དངུལ་ཀྲམ་དུར་ཕྱུར་༤ ལྷགཔ་ཅིག་ ལོག་བྱིན་ནི།

འོང་འབབ་དང་ཅ་དམ་མདོ་ཆེན་ ཆོས་བཟང་བསྟན་འཛིན་དང་ 
རྒྱ་གར་གྱི་ཡོངས་ཁྱབ་མདོ་ཆེན་ ཤིར་མ་ཏི་གི་བར་ན་ 
མཚན་རྟགས་བཀོད་མི་ ཆིངས་ཡིག་བརྗེ་སོར་འབད་བའི་བསྒང་།
༉ རྒྱ་གར་གཞུང་གིས་ ནང་ཁྲལ་དངུལ་ཀྲམ་དུང་ཕྱུར་༤ ལྷགཔ་ཅིག་ ལོག་བྱིན་ནི་སྦེ་ ཁ་བཟེད་ཡོདཔ་ད་ དེའི་དོན་ལུ་ ཁ་ཙ་ རྒྱལ་ས་ལུ་སྦེ་ རྒྱ་འབྲུག་༢ ཀྱི་བར་ན་ ཆིངས་ཡིག་ཅིག་གུ་ ཚན་རྟགས་བཀོད་ཅི།
ཁྲལ་ལོག་ཐོབ་ཀྱི་ མ་དངུལ་དེ་ ལོ་༢ ཀྱི་རྩིས་བཏོན་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༠ གྱི་དོན་ལུ་ དངུལ་ཀྲམ་དུར་ཕྱུར་༡ ལྷགཔ་ཅིག་དང་ སྤྱི་ལོ་༢༠༡༡ གི་དོན་ལུ་ དངུལ་ཀྲམ་དུང་ཕྱུར་༢ དེ་ཅིག་འབདཝ་ད་ བསྡོམས་ཀྱིས་དངུལ་ཀྲམ་དུང་ཕྱུར་༤ དེ་ཅིག་ ལོག་འཐོབ་ནི་ཨིནམ་ད་ མ་དངུལ་དེ་ འབྲུག་གིས་ རྒྱ་གར་ལས་ ཅ་ཆས་ནང་འདྲེན་འབད་མི་ལུ་ ཁྲལ་བཀལ་མི་ཨིན་པས།


གནས་ཚུལ་ཐོབ་དབང་ཁྲིམས་ལུགས་ འོས་འབབ་འདུག་ག?

འབྲུག་རྒྱལ་ཁབ་འདི་ གནས་ཚུལ་ཐོབ་དབང་ཁྲིམས་ལུགས་མེད་པའི་ རྒྱལ་ཁབ་གཞན་བཟུམ་སྦེ་ བཞག་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།

གནས་ཚུལ་ཐོབ་དབང་ཁྲིམས་ལུགས་ཀྱི་ གྲོས་བསྡུར་འབད་བའི་བསྒང་།
༉ ཁ་ཙ་ ཐིམ་ཕུ་ གཏེར་མ་གླིང་ཀ་ལུ་སྦེ་འཚོགས་མི་ ཉིན་གྲངས་༢ ཀྱི་ གནས་ཚུལ་ཐོབ་དབང་གི་ གོ་བརྡའི་ཞལ་འཛོམས་ནང་ སྤྱི་ཚོགས་ཀྱི་ འཐུས་མི་དག་པ་ཅིག་དང་ ཞི་གཡོགཔ་ དེ་ལས་ ལས་སྡེ་ཁག་གི་ གནས་ཚུལ་མགྲིན་ཚབ་ཚུ་གིས་ ལུང་ཕྱོགས་ཀྱི་ མཁས་མཆོག་ཚུ་ལུ་ གནས་ཚུལ་ཐོབ་དབང་གི་སྐོར་ལས་ དྲི་བཀོད་འབད་ཡི།

ཐིམ་ཕུ་རྟེན་འབྲེལ་ཐང་ནང་ ལོ་བསྟར་ཞི་བའི་སྦྱིན་སྲེག་གནང་དོ་ཡོདཔ།

༉ ལོ་བསྟར་གྱི་ བདེ་མཆོག་ཞི་བའི་སྦྱིན་སྲེག་གནང་སྲོལ་ཡོད་མི་དེ་ རང་ཟླ་༤ པའི་ཚེས་༨ ལས་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ སྒྲ་པའི་སློབ་དཔོན་རྡོ་རྗེ་རིན་ཆེན་མཆོག་གིས་ དབུ་བཞུགས་ཐོག་ལས་ འཕགས་པའི་དགེ་འདུནམ་ཞལ་གྲངས་༥༠ གིས་ གནང་དོ་ཡོདཔ་ཨིན་པས། 

གནས་ཚུལ་མདོར་བསྡུས།

ཐིམ་ཕུ་ བདེ་ཆེན་ཆོས་གླིང་ཟམ་གྱི་ སྦོ་ལོགས་ཁར་ གཙང་ཆུའི་མཐའ་མར་ རྦོབ་རིལ་མི་ སྣུམ་འཁོར་ཊི་པར་ཊཱག།

རྒྱ་གར་གྱི་ལས་མི་མང་སུ་ཡོད་མི་ལུ་བརྟེན་ རུ་པི་དང་ ལཱ་གཡོག་གི་དཀའ་ངལ།

༉ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ལས་གཡོག་དང་ མི་སྟོབས་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་གསལ་བཀོད་འབད་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ལས་མི་ཚུ་ལུ་ ལོ་བསྟར་གླ་ཆ་ རུ་པི་དུང་ཕྱུང་༧ དེ་རེ་ སྤྲོད་དོ་ཟེར་ཨིན་པས།

ནང་སྐྱོད་ཆོག་ཐམ་ རྫུས་བཟོའི་སྐོར་ལས་དྲི་བཀོད།

༉ འཕྲལ་ཁམས་ཅིག་ཁར་ ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་སྟེ་ སྤ་རོ་གནམ་ཐང་ནང་ ལྟ་བཤལཔ་༣ ལྷོད་ཡོད་པའི་ འབྲེལ་གནད་ལུ་བརྟེན་ ཡོངས་འབྲེལ་ཐོག་གི་ ནང་སྐྱོད་ཆོག་ཐམ་ལམ་ལུགས་དེ་ ཉེན་སྲུང་དང་ལྡནམ་ ག་དེ་སྦེ་ཡོདཔ་ཨིན་ན་དང་ ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་སྟེ་འོང་རུང་ འབྲུག་མཁའ་འགྲུལ་གྱིས་ གནམ་གྲུའི་ཤོག་འཛིན་ཚུ་ ག་དེ་སྦེ་ སྤྲོད་ཡོདཔ་ཨིན་ནའི་སྐོར་ལས་ དྲི་བཀོད་འབད་དོ་ཡོདཔ་ཨིན་པས།

ཆ་གླིང་གཡུས་ཚན་གྱི་ ལོ་བསྟར་མཁར་ཕུལ་གསོལ་མཆོད་ མར་ཉམས་འགྱོ་དོ་ཡོདཔ།

མཁར་ཕུལ་སྐབས་ལུ་ བྲོ་པ་ཟེར་ གསོལ་མཆོད་ཀྱི་ཚིག་དང་འཁྲིལ་ཏེ་ ལེའུ་སྒྱུར་བའི་བསྒང་།
༉ སྐྱེས་ལོ་༣༦ ལང་མི་ ཕུར་པ་གིས་ ལོ་དག་པ་ཅིག་གི་ཧེ་མ་ལས་ མོང་སྒར་སྟག་ཆུ་གཡུས་ཚན་ནང་ གཉེན་རྐྱབ་སྟེ་ སོང་ཞིནམ་ལས་ ཆ་གླིང་ལུ་ ཁོ་རའི་ སྐྱེས་བའི་ཕམ་གྱི་སྒོ་ཁར་ སོ་ནམ་གྱི་ལཱ་ ཕྱམ་ཕྱིམ་རེ་འབད་ནི་ཡོད་རུང་ རྩ་ལས་ར་ ལྷོད་མ་ཚུགས་མི་དེ་ཡང་ ལམ་ཐག་རིང་ནི་དེ་གིས་ཨིནམ་ད་ ཨིན་རུང་ ལོ་བསྟར་བཞིན་དུ་ རང་ཟླ་༤ པའི་ཚེས་༨ ལུ་ བྱ་ཐབས་མེད་པར་ ཆ་གླིང་ལུ་ འགྱོ་དགོ་མི་དེ་ཡང་ དུས་ཚོད་འ་ནེམ་ཅིག་ཁར་ མཁར་ཕུལ་ཟེར་ བོན་ལྷ་ལུ་ གསོལ་མཆོད་ཕུལ་དགོ་ནི་དེ་གིས་ཨིན་པས།
བོན་པ་ ཨ་རྒས་ཀརྨ་གིས་ བོན་ལྷ་ལུ་ གསོལ་མཆོད་ཕུལ་བའི་བསྒང་།

སྨྱོ་རྫས་ནག་ཚོང་འཐབ་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༢ བཀལ་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༧ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་འགལ་ཐོག་ལས་ ཚད་འཛིན་ཅན་གྱི་སྨྱོ་རྫས་ ནག་ཚོང་འཐབ་མི་ སྐྱེས་ལོ་༢༥ ལང་མི་ ཉེས་འཛུགས་ཅན་ ཤཱཀྱ་སྟོབས་རྒྱས་ལུ་ བཙོན་ཁྲིམས་ལོ་༢ བཀལ་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

བུམ་ཐང་ བྱམས་པ་ལྷ་ཁང་ནང་ ལོ་བསྟར་བཞིན་དུ་ ཉིན་གྲངས་༡༠ གྱི་རིང་ འགོ་འདྲེན་འཐབ་སྲོལ་ཡོད་མི་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དེ་ ཁ་ཙ་ རབ་འབྱམས་རིན་པོ་ཆེ་གིས་ མི་མང་ལུ་ ཚེ་དབང་གནང་ཐོག་ལས་ གྲོལ་ཡོད་པའི་གནས་ཚུལ།

རུ་པིའི་དཀའ་ངལ་མ་བསལ་ཚུན་ སྣུམ་འཁོར་ནང་འདྲེན་འབད་མི་ཚུགས་ནི།

ཟླ་རིམ་བཞིན་དུ་ མར་ཁུ་རྐྱངམ་གཅིག་ལུ་ར་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༦ དང་ ལོ་རེ་ནང་ དངུལ་ཀྲམ་དུར་ཕྱུར་༡ དེ་རེ་ གནསཔ་མས་ཟེར་ཨིན་པས།

༉ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་འགོ་བཙུགས་ཞིནམ་ལས་ཚུར་ སྣུམ་འཁོར་ནང་འདྲེན་བཀག་ཆ་འབད་མི་དེ་ རུ་པིའི་དཀའ་ངལ་བསལ་མ་ཚུགས་ཚུན་ཚོད་ འཕྲོ་མཐུད་དེ་ར་ གནས་འོང་ཟེར་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ ཐིམ་ཕུ་ལུ་ གཞུང་དང་ རྫོང་ཁག་༢༠ གི་ ཚོང་པའི་འཐུས་མི་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་གསུངས་ཡི།

ཚོང་འབྲེལ་ཡར་དྲག་གཏང་ནིའི་ཆིངས་ཡིག།

༉ ཁ་ཙ་ རྒྱལ་ས་ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ བང་ལ་དེཤ་ཚོང་དང་བཟོ་གྲྭ་ཚོགས་སྡེའི་བར་ན་ ཚོང་འབྲེལ་གྱི་ ཆིངས་ཅིག་གུ་ མཚན་རྟགས་བཀོད་མི་དེ་གིས་ ད་ལས་ཕར་ དཔལ་འབྱོར་དང་ ཚོང་འབྲེལ་མཐུན་འབྲེལ་ཚུ་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

ཆོས་ལོངས་སྤྲུལ་༣ གྱི་ དུང་སྒྲུབ་བསག་དོ་ཡོདཔ།

ཐིམ་ཕུ་ ལྕང་གླིང་མི་ཐང་གི་ཉེ་འདབས་ལུ་ དད་ཅན་སྐྱ་སེར་ཚུ་གིས་ 
ཟངས་མདོག་དཔལ་རི་ལྷ་ཁང་བསྐོར་ར་རྐྱབ་སྟེ་ དུང་སྒྲུབ་བསག་པའི་བསྒང་།
༉ ཐིམ་ཕུ་ཟངས་མདོག་དཔལ་རི་ལྷ་ཁང་ནང་ བཀྲིས་གཡང་རྩེ་རྫོང་ཁག་ལས་ སྒོམ་པ་སྤྲུལ་སྐུ་ དབུ་བཞུགས་ཐོག་ལས་ སྔ་འགྱུར་སྒོམ་སྡེའི་ དགེ་སློང་ཞལ་གྲངས་༥༠ དང་ དད་ཅན་༥༠༠ ལྷགཔ་ཅིག་གིས་ ཉིན་གྲངས་༩ གི་རིང་ ཆོས་ལོངས་སྤྲུལ་༣ གྱི་ དུང་སྒྲུབ་བསགས་པའི་ཤུལ་ལུ་ ད་རིས་ལས་ མ་ཎི་དུང་སྒྲུབ་གསག་ནི་ཨིན་པས།

གནས་ཚུལ་མདོར་བསྡུས།

འབྲུག་གི་ བཙག་འཐུ་ལྷན་ཚོགས་དང་ ཨཱསི་ཊེ་ལི་ཡའི་ བཙག་འཐུ་ལྷན་ཚོགས་ཀྱི་བར་ན་ བཙག་འཐུ་དང་འབྲེལ་བའི་ བདག་སྐྱོང་གི་གནད་དོན་ནང་ མཉམ་འབྲེལ་དང་མཐུན་ལམ་ གཞི་བཙུག་འབད་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ བཙག་ཐུའི་ལྷན་འཛིན་སྤྱི་ཁྱབ་ དྲོགས་ཀུན་བཟང་དབང་འདུས་དང་ བཙག་འཐུའི་ལྷན་འཛིན་འོག་མ་ ཊཱོམ་ རོ་གརསི་གིས་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོད་པའི་གནས་ཚུལ།

ལྟེ་བ་གཞི་བཙུགས་འབད་རུང་ ཞབས་ཏོག་སྤྱོད་མི་གངམ་མེདཔ།

ན་གཞོན་ཚུ་ ལྟེ་བ་ནང་འོང་པ་ཅིན་ མི་ཚུ་གིས་ བརྡ་བྱང་ལུ་བལྟ་སྟེ་ ཁོང་གི་གནས་སྟངས་སྐོར་ལས་ ཤེས་ཚུགས་ནི་མས་ཟེར་བའི་ རྣམ་རྟོག་བསྐྱེད་དེ་ འོང་མི་བཏུབ་པས་ཟེར་ཨིན་པས།

༉ ན་གཞོན་གོང་འཕེལ་མ་དངུལ་གྱིས་ བུམ་ཐང་ལུ་ གཞི་བཙུགས་འབད་མི་ སྨྱོ་རྫས་དང་ཆང་གི་བསླབ་སྟོན་ལྟེ་བ་དེ་ རྫོང་ཁག་ནང་ ཆང་དང་སྨྱོ་རྫས་ ཤུགས་ཐལ་མི་ཚུ་ལུ་ གྲོགས་རམ་དང་བསླབ་སྟོན་ཚུ་ བྱིན་ནིའི་དོན་ལུ་ཨིན་རུང་ དང་འདོད་བསྐྱེད་དེ་ ངོས་ལེན་འབད་མི་ དག་པ་ཅིག་ལས་ མི་ཐོན་དོ་ཡོདཔ་ཨིན་པས།

ནང་འཁོད་མཁའ་འགྲུལ་ཞབས་ཏོག་ གནས་སྐབས་ཅིག་ མཚམས་འཇོག་འབད་ནིའི་གྲོས་འཆར།

༉ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་བློན་པོ་ ནཱན་ད་ལཱལ་ རའི་གིས་བཤད་མིའི་ནང་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ གནས་སྐབས་ཅིག་གི་དོན་ལུ་ ནང་འཁོད་མཁའ་འགྲུལ་ཞབས་ཏོག་ མཚམས་འཇོག་འབད་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབྱེ་ཞིབ་ཚུ་ འབད་དོ་ཟེར་ཨིན་པས།

ཨུ་རའི་ལུང་གཤོང་ནང་ ཕྱགས་བདར་ལས་རིམ།

ཨུ་རཔ་ཚུ་ ཁོང་རའི་ས་གནས་ནང་ ཕྱགས་སྙིགས་རག་རོ་ཚུ་ བསྡུ་བསྒྱོམ་འབད་བའི་བསྒང་།
༉ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ བུམ་ཐང་ཨུ་ར་འབྲིང་རིམ་སློབ་གྲྭ་བར་མ་དང་ གཡུས་མི་ཚུ་རྩིས་ཏེ་ མི་གྲངས་༤༥༠ ལྷགཔ་ཅིག་གིས་ ཨུ་རའི་ལུང་གཤོང་ ཕྱགས་བདར་རྐྱབ་སྟེ་ ཧིང་སངས་ས་ བཟོ་ཡོདཔ་ཨིན་པས།
དེ་བསྒང་ ཕྱགས་སྙིགས་སྣུམ་འཁོར་ཊཱག་གི་ དོས་༡ དེ་ཅིག་ བསྡུ་བསྒྱོམ་འབད་ཡོདཔ་ད་ ཕྱགས་བདར་ལས་རིམ་དེ་ཡང་ ཨུ་ར་ལུ་ གཞུང་མིན་ལས་ཚོགས་ རིཌ་ བུ་ཊཱན་གྱིས་ སྤྱི་ལོ་༢༠༡༠ ལུ་ རིཌ་ལྟེ་བ་དང་པ་ གཞི་བཙུགས་འབད་དེ་ ལོ་༢ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།


རྩི་ས་བུ་ལོན་ཐོག་ལུ་བཙོང་བའི་ དངུལ་འབོར་ས་ཡ་༣༩.༩༥༩ ཡོདཔ།

ལས་འཛིན་ཚུ་གི་གྲས་ལས་ དཔལ་ལྡན་རྩི་ས་དབང་འཛིན་ནང་ ཚུལ་མཐུན་ལག་ལེན་མེད་པའི་ དངུལ་ཀྲམ་ས་ཡ་༥༧.༤ རྩིས་སྒྲིག་མ་འབད་བར་ ལུས་མི་དེ་ དངུལ་འབོར་མཐོ་ཤོས་ཅིག་ཨིན་མས།


༉ བསམ་རྩེ་སྒོམ་ཀྲུ་ལུ་ཡོད་མི་ དཔལ་ལྡན་རྩི་ས་དབང་འཛིན་གྱིས་ ནིའུ་ལྡི་ལི་ལུ་ རྒྱལ་ཡོངས་གློག་མེ་ལས་འཛིན་ ཨེན་ཨེཆ་པི་སི་ཨེལ་ལུ་ རྩི་ས་ཚུ་ བུ་ལོན་ཐོག་ལུ་བཙོང་པའི་ རིན་དངུལ་ས་ཡ་༣༩.༩༥༩ བསྡུ་ལེན་མ་འབད་བར་ ལུས་མི་དེ་གིས་ རྩིས་སྒྲིག་མ་འབད་བའི་ དངུལ་འབོར་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༥༧.༤༠༢ ཐོན་མི་དེ་ ལས་འཛིན་དང་ དངུལ་འབྲེལ་ལས་ཁང་ གཞུང་མིན་ལས་ཚོགས་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིནམ་སྦེ་ སྤྱི་ལོ་༢༠༡༡ གི་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ནང་ གསལ་བཀོད་འབད་ནུག།


ཡིག་ཆ་རྫུས་བཟོ་འབད་བའི་བཙོན་ཁྲིམས།

༉ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཡིག་ཆ་རྫུས་བཟོ་འབད་བའི་ རྩོད་དོན་ཐོག་ལུ་ འཁྲུན་ཆོད་ཅིག་བཏོན་མིའི་ནང་ བསམ་འཕེལ་བཟོ་སྐྲུན་ལས་སྡེའི་ཇོ་བདག་ ཕན་ཅུང་ལུ་ བཙོན་ཁྲིམས་ལོ་༣ དང་ ཁོ་གི་བུ་ ང་རྒྱལ་དབང་འདུས་ལུ་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༦ བཀལ་ཡོདཔ་ཨིན་པས།

གསུག་འབུལ་དང་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འབད་བའི་ཉེས་འཛུགས།

གསོ་བའི་འགོ་དཔོན་༤ གི་ རྩོད་བཤེར་འགོ་བཙུགས་ཡོད་རུང་ གཞན་མི་༢ ཀྱི་བཤེར་ཡིག་ཕྱིར་བཏོན།

༉ ཁ་ཙ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ གསོ་བའི་མཁོ་སྒྲུབ་ནང་ ལྟ་སྐོར་དང་འབྲེལ་བའི་ གསུག་འབུལ་དང་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འབད་བའི་ ཉེས་འཛུགས་ཚུ་གི་ སྟ་གོན་སྙན་གསན་འབདཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གསོ་བའི་འགོ་དཔོན་༦ ལས་༢ ཀྱི་ བཤེར་ཡིག་ཕྱིར་བཏོན་འབད་ཡི།

སློབ་ཕྲུག་བརྡུངས་རྫོབ་འབད་མི་ སློབ་དཔོན་ཅིག་ དོ་དམ་འོག་ལུ་བཙུགས་ཡོདཔ།


༉ བསམ་གྲུབ་ལྗོངས་མཁར་ ངང་ལམ་བདེ་ཆོས་གླིང་རྒེད་འོག་ རེ་ཛི་མོ་སློབ་གྲྭ་ཆུང་བའི་ སློབ་དཔོན་ཅིག་གིས་ བརྡུངས་རྫོབ་འབད་མི་ སློབ་རིམ་༣ པའི་ སློབ་ཕྲུག་བུམོ་༡ ངང་ལམ་གཞི་རྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་རུང་ བརྟག་དཔྱད་འཕྲུལ་ཆས་ མེད་མི་ལུ་བརྟེན་ རྒྱ་གར་ཨ་སམ་ལུ་ པར་ཤ་ལ་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།

མི་སེར་སོ་ནམ་པའི་དོན་ལུ་ དམིགས་བསལ་གྱི་ དངུལ་ཁང་ཅིག་ སྒོ་ཕྱེ་ནི།

ཁ་ཙ་ འབྲུག་ལྟ་བཤལ་ཚོགས་སྡེའི་ཁྲི་འཛིན་ ཀརྨ་བློ་གྲོས་ཀྱིས་ རྒྱལ་ཁབ་ནང་ 
རུ་པི་མང་སུ་ འོང་བཅུག་ནིའི་དོན་ལུ་ རྒྱ་གར་གྱི་ 
ལྟ་བཤལཔ་ཚུ་ལུ་ཡང་ ཁྲལ་བཀལ་དགོ་པའི་ ཞུ་བ་ཕུལ་བའི་བསྒང་།

༉ ད་ལས་ཕར་ མི་སེར་སོ་ནམ་པ་ཚུ་ལུ་ སྐྱིན་འགྲུལ་གྱི་ཞབས་ཏོག་བྱིན་ནིའི་དོན་ལུ་ དངུལ་ཁང་གསརཔ་ཅིག་ སྒོ་ཕྱེ་ནིའི་འཆར་གཞི་རྩམ་དོ་ཟེར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁ་ཙ་ ཐིམ་ཕུ་ན་གཞོན་དཔལ་རིའི་  ཞལ་འཛོམས་ཁང་ནང་སྦེ་ རྫོང་ཁག་༢༠ འི་ ཚོང་པའི་འཐུས་མི་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ལུ་གསུངས་ཡི།

འཛམ་གླིང་གསོ་བའི་ཞལ་འཛོམས་ མཇུག་བསྡུ་ཡོདཔ།

༉ སུ་ཡི་ཛར་ལེནཌི་གི་རྒྱལ་ས་ ཇི་ནི་བ་ལུ་སྦེ་ འགོ་འདྲེན་འཐབ་མི་ འཛམ་གླིང་གསོ་བའི་ཞལ་འཛོམས་ ཐེངས་༦༥ པ་དེ་ གསོ་བ་དང་འབྲེལ་བའི་ གནད་དོན་མང་རབས་ཅིག་གི་སྐོར་ལས་ གྲོས་ཐག་བཅད་ཐོག་ལས་ འདས་པའི་བདུན་མཐའི་ རེས་གཟའ་ཉི་མ་ལུ་ མཇུག་བསྡུ་ཡོདཔ་ཨིན་པས།

དབང་བཙོང་ ལུས་འབྲེལ་ལུ་བརྟེན་ ཕོ་སྐྱེས་༡ དོ་དམ་འོག་ལུ་ བཙུགས་ཡོདཔ།


༉ དར་དཀར་ནང་ འབྲུག་རྗེས་སྒང་ལུ་ སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༦ ལང་མི་བུམོ་༡ ལུ་ དབང་བཙོང་གི་ ལུས་འབྲེལ་འབད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

མཐོང་གསལ་ཅན་གྱི་གནས་ཚུལ།

ཕྱགས་སྙིགས་བཀོ་སའི་ ལྕགས་ཀྱི་དྲྭ་མིག་ནང་འཛུལ་མི་ རོ་ཁྱི་ཅིག་ ཕྱི་ཁར་ཐོན་མ་ཚུགས་པར་ ཐོགས་ལུས་པའི་མཐོང་སྣང་།

འབྲུག་ལུ་ ཁ་སྐད་ངོ་མ་༡༦ ཡོད་པའི་ཤེས་རྟོགས།

ཌོག་ཊར་ཀརྨ་ཕུན་ཚོགས་ཀྱིས་འབད་བ་ཅིན་ ཡན་ལག་ཁ་སྐད་ཚུ་མ་བརྩིས་བར་ འབྲུག་ལུ་ ལག་ལེན་འཐབ་སྲོལ་ཡོད་པའི་ ཁ་སྐད་༢༣ ཡོད་པའི་གྲས་ལས་༡༦ ནང་འཁོད་ཀྱི་ ཁ་སྐད་ངོ་མ་ཨིན་ཟེར་ བཤདཔ་ཨིན་པས།

༉ འབྲུག་མི་མཁས་དབང་ཚུ་གི་གྲས་ལས་ གཅིག་ཨིན་པའི་ཁར་ ཨིང་ལེནཌི་ ཀེམ་བི་རེཇི་ གཙུག་ལག་སློབ་སྡེའི་ ཞིབ་འཚོལ་མཁས་མཆོག་ཅིག་ཨིན་མི་ ཌོག་ཊར་ ཀརྨ་ཕུན་ཚོགས་ཀྱིས་འབད་བ་ཅིན་ འབྲུག་ལུ་ ཁ་སྐད་མ་འདྲཝ་བསྡོམས་༢༣ ཡོད་པའི་གྲས་ལས་༡༦ འབྲུག་ནང་འཁོད་ཀྱི་ ཁ་སྐད་ངོ་མ་ཨིན་ཟེར་ བཤདཔ་ཨིན་པས།

འབྲུག་མི་ཚུ་གིས་ རུ་པི་གསོག་འཇོག་འབད་དོ་ཡོདཔ།


༉ རྒྱལ་ཁབ་ནང་ རུ་པི་མ་ཐོབ་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ འབྲུག་མི་ཚུ་གིས་ རུ་པི་ཕར་སྤྲོད་ནི་ལས་ འཛེམ་དོ་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༢༧ ལང་མི་ པདྨ་ཆོས་སྒྲོན་གྱིས་ སྐྱ་སྨན་ཉོ་བར་འགྱོ་བའི་སྐབས་ ཚོང་པ་གིས་ སྐྱ་སྨན་ལུ་ གོང་ཚད་དངུལ་ཀྲམ་༡༥༠ ཨིན་ཟེར་སླབ་ད་ མོ་གིས་ དངུལ་ཁུག་ནང་ལས་ ཏི་རུ་བཏོན་པའི་སྐབས་ དངུལ་ཀྲམ་༡༣༠ དང་ རུ་པི་༢༠ གཅིག་ཁར་བཏོནམ་ད་ རུ་པི་དེ་ བཞག་ཞིནམ་ལས་ དངུལ་ཀྲམ་འཚོལ་ཏེ་ སྤྲོད་ཡོདཔ་ཨིན་པས།

འཁྱམས་སྡོད་མི་གླང་ལུ་ ནད་གཞི་ཐོབ་རུང་ ལྟ་མི་མེད་པའི་དཀའ་ངལ།

བདག་འཛིན་འཐབ་མི་མེད་པར་ འཁྱམས་སྡོད་མི་གླང་།

༉ ཕུན་ཚོགས་གླིང་ ཀབ་རེ་ཊར་གྱི་ ས་ཁོངས་ནང་ འཁྱམས་སྡོད་མི་གླང་དེ་ ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ ཚེ་ཐར་གྱི་གླང་ཨིན་ཟེར་ སླབ་དོ་ཡོདཔ་ད་ གླང་དེ་གི་ རྐངམ་ཅིག་སྦོ་སྟེ་ ལམ་འགྱོ་མ་ཚུགས་པའི་ཁར་ ཁོ་ལུ་ ཇོ་བདག་ཟེརཝ་ ག་ཡང་མེདཔ་ཨིན་པས།

བུ་ཊཱན་ ཝི་སིཊ་ལྟ་བཤལ་ལས་སྡེ་ལུ་ ཉེས་བྱ་དངུལ་ཀྲམ་༣༠,༠༠༠ བཀལ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ལྟ་བཤལཔ་༣ གྱིས་ ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་ཐོག་ལས་ སྤ་རོ་གནམ་ཐང་ནང་ལྷོད་པའི་ ཁྲིམས་འགལ་གནད་དོན་དེ་ ད་ལྟོ་ ཤེས་རྟོགས་བྱུང་མ་ཚུགས་པར་ ཡོདཔ་ཨིན་པས།
ནེ་པཱལ་ལུ་ཡོད་པའི་ ཧི་མ་ལ་ཡཱན་ རཱོག་ཊཱེག་དང་ ཨེགསི་པེ་ཌི་ཤཱན་ ལྟ་བཤལ་ལས་སྡེའི་མདོ་ཆེན་ ར་མ་ནི་གིས་ བརྒྱུད་འཕྲིན་ཐོག་ལས་ དྲི་བཀོད་འབད་བའི་སྐབས་ སླབ་དོ་བཟུམ་འབད་བ་ཅིན་ དཀའ་ངལ་ཐོནམ་ད་ ཁོ་ར་ འབྲུག་ལུ་སྡོད་ཡོདཔ་བཞིན་དུ་ ནེ་པཱལ་ལུ་ ཁོ་རའི་ཡིག་ཚང་ནང་ ལཱ་ཚུ་ འཛིན་སྐྱོང་པ་གིས་འབད་དེ་ སྡོད་ཡོདཔ་ལས་ བྱུང་རྐྱེན་གྱི་སྐོར་ལས་ ཧིང་སངས་ས་སྦེ་ མི་ཤེས་པས་ཟེར་ཨིན་པས།

འབྲུག་ཨིས་ཊར་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

འབྲུག་ཨིས་ཊར་(ཁེན་འཇར་ཧོནམ) དང་ མུ་ཏིག་ཐང་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

༉ ཁ་ཙ་ ཐིམ་ཕུ་ལྕང་ཇི་ཇི་གི་ ཕུཊ་བཱོལ་རྩེད་ཐང་ནང་ འབྲུག་ཨིས་ཊར་དང་ མུ་ཏིག་ཐང་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་ཨིསི་ཊར་གིས་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།

གནས་ཚུལ་མདོར་བསྡུས།

སྤྱི་ལོ་༢༠༡༢ ཀྱི་ གཟུགས་སྟོབས་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ སྐྱེས་ལོ་༣༥ ལང་མི་ རྟ་མགྲིན་དབང་ཆེན།

རྩོད་དོན་ཁག་༥ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་བཏང་ཡོདཔ།

ཕྱི་འབྲེལ་ལྷན་ཁག་གི་ ཚུལ་ལྡན་ལག་ལེན་མེད་མི་ དངུལ་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༩༠ དེ་ཅིག་ བེང་ཀོག་གི་ གཞུང་ཚབ་ལས་ཁང་ལས་ཐོན་ཡོདཔ།

༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༡ གི་རྩིས་ཞིབ་སྙན་ཞུའི་ནང་ ཕྱི་འབྲེལ་ལྷན་ཁག་གི་འོག་ལུ་ ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་པའི་ མ་དངུལ་ཚུ་ རྩིས་སྒྲིག་མ་འབད་བར་ དངུལ་ཀྲམ་ས་ཡ་༢༠༢.༧༢༠ ལུས་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༡༩༥ དེ་ཅིག་ བེང་ཀོག་ལུ་ཡོད་མི་ འབྲུག་གི་ གཞུང་ཚབ་ལས་ཁང་ལས་ ཐོན་ཡོདཔ་ལས་ ངན་ལྷད་དང་འབྲེལ་བའི་ རྩོད་དོན་༤ ཞིབ་དཔྱད་ཀྱི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་ཨིན་པས།

རྫོང་ཁ་ལུ་ སྤྲོ་བ་བསྐྱེད་རུང་ གོ་སྐབས་ལེགས་ཤོམ་མེད་པའི་ངོས་འཛིན།

༉ མི་མང་ཤོས་ཅིག་གིས་ རྒྱལ་སྤྱིའི་ཁ་སྐད་ ཨིང་ལིཤ་ལུ་ གཙོ་བོར་བཏོན་ནི་དེ་གིས་ གཞུང་སྐད་རྫོང་ཁ་ ཉམས་ནི་མས་ཟེར་ མནོ་བསམ་བཏང་མི་དེ་ མ་བདེན་མི་དེ་ཡང་ སྤྱི་ལོ་༢༠༡༠ དང་༢༠༡༡ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སློབ་གྲྭ་ཁག་ཚུ་ནང་ རྫོང་ཁའི་སྐད་ཡིག་གི་སྐོར་ལས་ ཞིབ་འཚོལ་འབད་བའི་ སྙན་ཞུ་དང་འཁྲིལཝ་ད་ རྫོང་ཁ་ལུ་ ངོས་ལེན་ལེགས་ཤོམ་ཡོད་པའི་ གསལ་སྟོན་བྱུང་ནུག།

གནས་ཚུལ་མདོར་བསྡུས།

༉ ཁ་ཙ་ ཐིམ་ཕུ་ལྕང་ཇི་ཇི་གི་ ཕུཊ་བཱོལ་རྩེད་ཐང་ནང་ ཊཱནསི་པོཊ་ཡུ་ནའི་ཊེཌ་དང་ ར་བཱན་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཊཱནསི་པོཊ་ཡུ་ནའི་ཊེཌ་གིས་ གཱོལ་༢ བཙུགས་ཏེ རྒྱལ ཁ་ཐོབ་ཡོདཔ་ཨིན་པས།
ད་རེས་ཀྱི་ རྩེད་འགྲན་འདི་ འབྲུག་ཨིསི་ཊར་དང་ མུ་ཏིག་ཐང་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་ད་ འབྲུག་ཨིསི་ཊར་སྡེ་ཚན་གྱིས་ ད་ཚུན་ སྡེ་ཚན་༢ ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པའི་གནས་ཚུལ།




མི་སྡེའི་བརྡ་བརྒྱུད་དང་ ཡོངས་འབྲེལ་ཤེས་ཡོན་སྦྱོང་བརྡར་ ཁ་ཙ་ བཇུག་བསྡུ་ཡོདཔ།

སློབ་གྲྭའི་སློབ་དཔོན་ཚུ་ མི་སྡེའི་བརྡ་བརྒྱུད་དང་ 
ཡོངས་འབྲེལ་ཤེས་ཡོན་གྱི་ སྦྱོང་བརྡར་འབད་བའི་བསྒང་།
༉ ཡོངས་འབྲེལ་གྱི་ཞབས་ཏོག་ རྒྱ་ཁྱབ་ཅན་འབད་ ལག་ལེན་འཐབ་དོ་ཡོད་མི་ མི་སྡེའི་ཡོངས་འབྲེལ་འཆར་སྒོ་ ཕེསི་བུག་ཟེར་མི་དེ་ ད་རེས་ནངས་པར་ ན་གཞོན་སློབ་ཕྲུག་ཚུ་ལས་འགོ་བཙུགས་ ཆེ་མཐོ་ཚུན་ག་ར་གིས་ ལག་ལེན་འཐབ་དོ་ཡོད་རུང་ རང་སོའི་སྐོར་ལས་ བརྡ་དོན་བཙུགས་དགོཔ་ཡོད་མི་ཚུ་ དེ་ནང་ ཉེན་སྲུང་དང་ ལྡནམ་སྦེ་མིན་འདུག་ཟེར་ སློབ་གྲྭའི་སློབ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ཉམས་ཉེན་ཅན་གྱི་ སྔོ་སྨན་རིགས་སྣའི་ཞལ་འཛོམས་ མཇུག་བསྡུ་ཡོདཔ།

༉ ཐིམ་ཕུ་ལུ་སྦེ་ ཉིནམ་༣ གྱི་རིང་ ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་༨ ཀྱིས་ ལུང་ཕྱོགས་ནང་འཁོད་ཀྱི་ སྔོ་སྨན་དང་འབྲེལ་བའི་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མི་དེ་ འདས་པའི་བདུན་མཐའི་ རེས་གཟའ་ཉི་མ་ལུ་ མཇུག་བསྡུ་ཡི།

པ་ཝར་ཅཱེན་གྱི་ ལག་ལེན་སྦྱོང་བརྡར།

ཤིང་དྲ་ནིའི་འཕྲུལ་ཆས་ པ་ཝར་ཅཱེན་གྱི་ ལག་ལེན་སྦྱོང་བརྡར་འབད་བའི་བསྒང་།
༉ སྐྱེས་ལོ་༤༢ ལང་མི་ མི་འགྱུར་གྱི་ རེ་འདོད་ལས་འབད་བ་ཅིན་ ད་རེས་ནངས་པ་ དུས་ཚོད་དང་འཁྲིལ་ཏེ་ ཤིང་ལཱ་ཆེ་ཆུང་ག་ཅི་བཟུམ་འབད་དགོ་རུང་ ཤིང་དྲ་ནིའི་འཕྲུལ་ཆས་ པ་ཝར་ཅཱེན་ཡོད་པ་ཅིན་ མི་གནགཔ་ཚུ་ལུ་ སྟབས་བདེ་དྲགས་བྱུང་དོ་ཡོདཔ་མ་ཚད་ འོང་འབབ་ཡང་ བཟོ་ཚུགས་མི་ལུ་བརྟེན་ རང་གི་ ཚེ་སྲོག་ལུ་ ཉེན་ཁ་ག་དེ་སྦེ་ཡོད་རུང་ སྣང་དག་མི་བསྐྱེད་དོ་བཟུམ་ མཐོངམ་མས་ཟེར་ སླབ་ཨིན་པས།

འབྲུག་གིས་ ཨ་ལུའི་རྩུབ་སྤྱོད་བརྟག་ཞིབ་ནང་ འབྲེལ་གཏོགས་འབད་ནི།

༉ ཤྲི་ལངྐའི་རྒྱལ་ས་ ཀོ་ལོམ་བོ་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ལྷོ་ཕྱོགས་ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ ཨ་ལུ་ཚུ་ལུ་ རྩུབ་སྤྱོད་བརྟག་ཞིབ་ཀྱི་ འཕྲོ་མཐུད་གྲོས་བསྟུན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་པའི་སློབ་ཕྲུག་ཨ་ལུ་༢ སོང་ཡོདཔ་ཨིན་པས།

གནས་སྟངས་དང་བསྟུན་ འགུལ་བརྙན་བཟོ་ནི་དེ་ གནད་འགག་ཅན།

ཐིམ་ཕུ་ཨ་ཐང་སྦྱོང་བརྡར་སྤེལ་ཁང་ནང་སྦེ་ 
འགུལ་བརྙན་གྱི་ སྦྱོང་བརྡར་འབད་བའི་བསྒང་།
༉ ད་ལས་ཕར་ འགུལ་བརྙན་ཟེར་མི་ སྲོག་དང་མ་ལྡན་མི་ ཅ་ཆས་ལུ་ སྲོག་མེད་རུང་ གློག་རིག་ཀམ་པུས་ཊར་ཐོག་ལས་ སྲོག་ཡོདཔ་བཟུམ་སྦེ་ རྫུས་མ་བཟོ་བཀོད་འབད་ཚུགས་ནི་ཨིན་པས།
དེ་ཡང་ བརྒྱུད་འབྲེལ་ལྷན་ཁག་གི་ བརྡ་དོན་དང་བརྡ་བརྒྱུད་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ ཐིམ་ཕུ་ཨ་ཐང་སྦྱོང་བརྡར་སྤེལ་ཁང་ནང་སྦེ་ འགུལ་བརྙན་བཟོ་ནིའི་དོན་ལུ་ ཉིན་གྲངས་༥ འབད་མི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།


བྱེམ་གྱི་གོང་ཚད་ ཡར་སེང་འགྱོ་བའི་དཀའ་ངལ།

༉ འབྲུག་གི་ བཟོ་སྐྲུན་གྱི་ལཱ་ནང་ རྩི་ས་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ བསལ་ཚུགས་རུང་ ད་རེས་ནངས་པ་ བྱེམ་གྱི་གོང་ཚད་ ཡར་སེང་སོང་བའི་དཀའ་ངལ་བྱུང་དོ་ཟེར་ ཐིམ་ཕུའི་ཁག་འབགཔ་ཚུ་གིས་ བཤདཔ་ཨིན་པས།

དོམ་གྱིས་རྨུར་མི་ ཕོ་སྐྱེས་ཅིག་ དྲག་དོ་ཡོདཔ།

༉ དོམ་གྱིས་རྨུར་བའི་ཤུལ་ལས་ བུམ་ཐང་དབང་འདུས་ཆོས་གླིང་སྨན་ཁང་ནང་བསྐྱལ་མི་ སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་ཅིག་ ལེགས་ཤོམ་སྦེ་ དྲག་པའི་བསྒང་ཡོདཔ་ཨིན་པས།

གསོ་བའི་གཞི་རྟེན་སྦྱོང་བརྡར།

མོང་སྒར་གླིང་མེད་ཐང་ལུ་ གྲོང་གཡུས་སྨན་པ་གསརཔ་ཚུ་ལུ་ 
གསོ་བའི་གཞི་རྟེན་སྦྱོར་བརྡར་ འགོ་འདྲེན་འཐབ་པའི་བསྒང་། 
༉ མོང་སྒར་གླིང་མེད་ཐང་ལུ་ བདུན་ཕྲག་༡ གི་རིང་ གྲོང་གཡུས་སྨན་པ་གསརཔ་ཚུ་ལུ་ གསོ་བའི་གཞི་རྟེན་སྦྱོར་བརྡར་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་སྒོའི་མི་ཚུ་ ན་ཚ་རེ་བྱུངམ་ད་ སྨན་ཁང་ཐག་རིང་ནི་དེ་གིས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ ལམ་འགྱོ་དགོཔ་ལས་ དཀའ་ངལ་སྦོམ་ཡོད་ཟེར་ཨིན་པས།


ཕོ་སྐྱེས་༢ མཐའ་བཅད་སྙན་གསན་ལུ་ སྒུག་སྟེ་ཡོདཔ།

༉ ཐིམ་ཕུ་ཁྲིམས་སྲུང་འགག་པ་གིས་ འདས་པའི་ལོ་ནང་ ཨམ་སྲུ་༤ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ཁར་ ཨམ་སྲུ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་ནིའི་ དཔའ་བཅམ་མི་ དོགས་ཅན་ཕོ་སྐྱེས་༢ འཛིན་བཟུང་འབད་དེ་ ཧ་ལམ་ ཟླཝ་༡༠ དེ་ཅིག་ ལང་ཡོདཔ་བཞིན་དུ་ ད་ལྟོ་ མཐའ་བཅད་སྙན་གསན་ལུ་ སྒུག་སྟེ་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུ་ ནོར་འཛིན་ལམ་ཁར་ ཆུ་བར་ཆུ་གི་ ཉེ་འདབས་ལུ་ སྣུམ་འཁོར་མ་རུ་ཏི་ཀཱར་ཅིག་ རང་ལུགས་ཀྱི་ གྱོན་ཆས་དང་ ཅ་ཆས་ཚུ་བཙོང་སའི་ ས་ཁོངས་ནང་ རྐྱེན་ངན་བྱུང་བའི་མཐོང་སྣང་།

ཚུལ་མཐུན་ལག་ལེན་མེད་པའི་ དངུལ་འབོར་ཚུ་ ངེས་བདེན་མེན་པའི་མངོན་གསལ།


སྣུམ་འཁོར་༡,༢༡༢ དེ་ཅིག་གི་ ཡིག་ཆ་ཚུ་ ལོ་ངོ་༥ ལས་༢༠ ཚུན་ བསྐྱར་གསོ་མ་འབད་བར་ ལུས་མི་ལུ་བརྟེན་ དངུལ་ཀྲམ་ས་ཡ་༥༡.༦ ལྷགཔ་ཅིག་ ཆད་ཐོན་ཡོདཔ་ཨིན་པས།


༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྤྱི་ལོ་༢༠༡༡ ལོའི་ རྩིས་ཞིབ་སྙན་ཞུའི་ནང་ གཞུང་གི་ལྷན་ཁག་ཚུ་གི་གྲས་ལས་ ཚུལ་མཐུན་ལག་ལེན་མ་འཐབ་པའི་ དངུལ་འབོར་མཐོ་ཤོས་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་ཨིནམ་སྦེ་ གསལ་བཀོད་འབད་མི་དེ་ ཚུལ་ལྡན་མེན་པས་ཟེར་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འག་དཔོན་ཚུ་གིས་འབད་བ་ཅིན་ དངུལ་འབོར་གྱི་ གྱངས་ཁ་ཚུ་ ཐབས་ལམ་མགུ་རྙོགས་དྲགས་སྦེ་ གསལ་བཀོད་འབད་ནི་དེ་གིས་ ཚུལ་མིན་ལག་ལེན་རྒྱ་ཆེར་དང་ དངུལ་གྱི་འབོར་ཚད་ཡང་ མཐོ་སུ་སྦེ་ གསལ་སྟོན་འབདཝ་ལས་ སྤྱིར་བཏང་གི་ སྣང་བ་ལུ་ དཀའ་ངལ་སྦོམ་སྦེ་ མཐོངམ་མས་ཟེར་ཨིན་པས།


གནས་ཚུལ་ མདོར་བསྡུས།

ཌོག་ཊར་ཚུ་གི་ སྟ་གོན་སྙན་གསན།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གསོ་བའི་མཁོ་སྒྲུབ་ནང་ གཡོ་སྒྱུ་ལག་ལེན་དང་ ནང་གསུག་དང་འབྲེལ་བའི་ ཉེས་འཛུགས་འབད་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་ཀྱི་འདུན་སར་བསྐྱལ་མི་ གསོ་བའི་ལྷན་ཁག་གི་ ཌོག་ཊར་༣ དང་ གསོ་བའི་འགོ་དཔོན་དག་པ་ཅིག་ཡོད་མིའི་ སྟ་གོན་སྙན་གསན་དེ་ རེས་གཟའ་མིག་དམར་ལུ་ འགོ་བཙུག་ནི་ཨིན་པས།
དེ་ཡང་ ཌོག་ཊར་དང་ གསོ་བའི་འགོ་དཔོན་ཚུ་ སྤྱི་ལོ་༢༠༠༩ ལུ་ རྒྱ་གར་གྱི་ བཀྲམ་སྤེལ་བ་ཅིག་གིས་ ཟད་འགྲོ་བཏང་ཐོག་ལས་ གསོ་བའི་མཁོ་ཆས་ཚུ་ བལྟ་ཞིབ་འབད་ནིའི་དོན་ལུ་ ཇར་མ་ནི་དང་ རྒྱ་ནག་ལུ་ ལྟ་སྐོར་འབད་བར་ སོང་ཡོདཔ་ད་ ལྟ་སྐོར་གཉིས་ཆ་རའི་ནང་ བཀྲམ་སྤེལ་བ་ བི་ཀཱསི་གིས་ བཞེས་སྒོ་དང་ སྡོད་གནས་ཀྱི་ ཟད་འགྲོ་བཏང་ཡོདཔ་མ་ཚད་ ཇར་མ་ནི་ལུ་སོང་མི་ འཐུས་མི་རེ་ལུ་ ཉིན་གྲངས་༡༠ གྱི་ ཉིན་འཐུས་རྩིས་རྐྱབ་སྟེ་ ཡུ་རོ་༡,༥༠༠ རེ་ སྤྲོད་ཡོདཔ་མ་ཚད་ རྒྱ་ནག་གི་སྡེ་ཚན་ལུ་ ཌོ་ལར་༡,༥༠༠ རེ་ སྤྲོད་ཡོདཔ་ཨིན་པས།
ལྟ་སྐོར་ལུ་བརྟེན་ བི་ཀཱསི་ལས་སྡེ་ལུ་ བཀྲམ་སྤེལ་གྱི་ མཁོ་མངགས་མངམ་བྱིན་ནུག་ཟེར་ཨིནམ་ད་ བཀྲམ་སྤེལ་བ་དེ་ཡང་ ཉེས་འཛུགས་འབད་དེ་ཡོདཔ་ཨིན་པས།
བདུན་ཕྲག་འདི་ནང་ གསོ་བའི་ལྷན་ཁག་གི་ གསོལ་ཞུ་འབད་མི་དང་ མི་མང་གི་ མཐའ་དོན་ལུ་ གཞི་བཞག་སྟེ་ རྩ་ཁམས་དྲུང་འཚོ་དང་ སྒལ་ཚིག་དྲུང་འཚོ་༢ ཁྲིམས་བཤེར་སྐབས་ ལཱ་གཡོག་ནང་ལས་ དགོངས་ཕོག་མི་བཏོན་ནི་སྦེ་ ཐག་བཅད་ཡོད་རུང་ སོའི་དྲུང་འཚོ་གི་ཐད་ལུ་ ངོས་ལེན་མ་འབདཝ་ཨིན་པའི་གནས་ཚུལ།

སྣུམ་འཁོར་ནག་ཚོང་འཐབ་མི་༢ འཛིན་བཟུང་།

༉ འཕྲལ་ཁམས་ཅིག་ཁར་ སྣུམ་འཁོར་ནག་ཚོང་འཐབ་མི་ དོགས་པ་ཅན་༢ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ནག་ཚོང་འཐབ་མིའི་ནང་ གྱོས་དཔོན་ཨིན་པའི་ དོགས་པ་ཡོད་མི་ བཀྲིས་གཡང་རྩེ་ལས་ཨིན་མི་ ངག་དབང་རྡོ་རྗེ་དེ་  ཟླཝ་༢ དེ་ཅིག་གི་ཧེ་མར་ རྒྱ་གར་ནུབ་བེང་གཱལ་གྱི་ས་གནས་ ཧང་ཤི་མ་ར་ལས་ འཛིན་བཟུང་འབད་བའི་ཤུལ་ལུ་ འཕྲལ་ཁམས་ཅིག་ཁར་ དོགས་པ་ཅན་ སྐལ་བཟང་བསྟན་འཛིན་དེ་ སྤ་རོ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོང་༢ ཀྱིས་ ནང་སྲིད་ལྷན་ཁག་ནང་ ལཱ་འབད་མི་ འགོ་དཔོན་ཅིག་གི་ སཱན་ཏ་ཕི་སྣུམ་འཁོར་ཅིག་ གླ་ཁར་ལེན་པའི་ཤུལ་ལས་ རྒྱ་གར་ན་གཱ་ལེན་ལུ་ བཙོང་ཡོདཔ་སྦེ་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འཛིན་དབང་འཛིན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ ཐོ་བཀོད་འབད་མི་ སྣུམ་འཁོར་༡,༢༡༢ གར་སོང་མེད་པར་ བྱང་སྟོར་ཤོར་མི་ལས་ ནང་འདྲེན་འབད་མི་ སྣུམ་འཁོར་ཊོ་ཡོ་ཊ་ལེ་ཤ་ཅིག་ར་ རྒྱ་གར་གྱི་བྱང་ཤར་མངའ་སྡེ་ མེ་ག་ལ་ཡ་དང་ ཤི་ལོང་ ན་གཱ་ལེན་ཚུ་ནང་ བཙོང་ནུག་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

མཚན་མ་གཅིག་པའི་ལུས་འབྲེལ་གྱིས་ ཨེཆི་ཨའེ་བི་ནད་འབུབ་ འཐོབ་ནིའི་ཉེན་ཁ།

མཚན་མ་གཅིག་པའི་ གནད་དོན་ཐོག་ལུ་ 
གྲོས་བསྡུར་འབད་བའི་བསྒང་།
༉ ཁ་ཙ་ སྤ་རོ་ལུ་སྦེ་ ཨེཆི་ཨའེ་བི་ནད་འབུབ་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚེ་རིང་དབང་ཕྱུག་གིས་ མི་མང་གསོ་བའི་ཐབས་ལམ་གྱིས་ ནད་གཞི་དེ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནི་ལུ་ ཕན་ཁྱད་ཅན་བྱུང་སྟེ་ཡོདཔ་ཨིན་རུང་ ཁྲིམས་མཐུན་ཐོག་ལས་ འབྲེལ་བ་འཐབ་ནིའི་ནང་ དྲང་ཁྲིམས་ལྷན་སྡེ་ལུ་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་སྦེ་སླབ་ཅི།

རྫོང་ཁག་༢༠ གི་ ཚོད་བསྲེ་ཚོང་པ་ཚུ་དང་གཅིག་ཁར་ གྲོས་འཛོམས་གནང་ཡོདཔ།

ཏཱ་ར་ཡ་ནའི་ ཞལ་འཛོམས་ཁང་ནང་ 
ཚོད་བསྲེའི་གནད་དོན་དང་འབྲལ་བའི་ གསུང་གྲོས་གནང་པའི་བསྒང་།

༉ ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་གཙོས་པའི་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་རྩིས་ལྷན་ཁག་ དེ་ལས་ སོ་ནམ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ རྫོང་ཁག་༢༠ འི་ནང་གི་ ཚོད་བསྲེ་ཚོང་པ་ཚུ་དང་གཅིག་ཁར་ གྲོས་བསྡུར་ཞལ་འཛོམས་ཅིག་འཚོགས་པའི་སྐབས་ ཚོང་པ་ལ་ལུ་ཅིག་གིས་ ནང་འཁོད་ལས་ ཐོན་ནི་མེད་པའི་ ཚོད་བསྲེ་ཚུ་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་མེན་པར་ ཁོང་ར་གིས་ ནང་འདྲེན་འབད་ཐབས་ཡོད་པ་ཅིན་ཟེར་བའི་ གསལ་ཞུ་འབད་ཡི།

སྔོ་སྨན་གྱི་ ཚོང་འབྲེལ་ཚུལ་མཐུན་བཟོ་ནི།

སྔོ་སྨན་ཚོང་འབྲེལ་གྱི་ གོ་བསྡུར་ཞལ་འཛོམས་འཚོག་པའི་བསྒང་།
༉ ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་༨ ཀྱིས་ ལུང་ཕྱོགས་ནང་འཁོད་ཀྱི་ སྔོ་སྨན་དང་འབྲེལ་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་མི་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པས།
གོ་བསྡུར་ཞལ་འཛོམས་དེ་ སྤྱི་ལོ་༢༠༡༡ ཟླ་༡ པའི་ནང་འཚོགས་མི་ གོ་བསྡུར་ཞལ་འཛོམས་ཀྱི་ འཕྲོ་མཐུད་ཨིནམ་ད་ ཞལ་འཛོམས་ཀྱི་ དམིགས་ཡུལ་གཙོ་བོ་ར་ ད་རེས་ནངས་པ་ མི་མང་ཤོས་ཀྱིས་ སྣང་མེད་སྦེ་བཞག་མི་ སྔོ་སྨན་གྱི་ ཚོང་འབྲེལ་ཚུལ་མཐུན་བཟོ་ནིའི་ དོན་ལུ་ཨིན་པས།


རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་ནང་ ཆོས་ཚན་གསར་པའི་སློབ་སྦྱོང་བྱིན་ནི།

༉ དུས་ཅི་ སྤྱི་ཟླ་༧ པའི་ནང་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭའི་མདོ་ཆེན་ རྡོ་རྗེ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་གིས་ སླབ་ཕྲུག་ཚུ་ལུ་ རང་བཞིན་དང་ གསོ་བ་ འཛིན་སྐྱོང་ དེ་ལས་ མི་སྡེའི་ཚན་རིག་ཚུ་ ག་ར་ཚངམ་སྦེ་ སློབ་སྟོན་འབད་ནི་ཨིན་ཟེར་ཨིན་པས།

རྒྱལ་ཁབ་༡༢ ཀྱི་གཞུང་ཚབ་ཚུ་ ལྟ་སྐོར་ནང་ལྷོད་ཡོདཔ།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ གཞུང་ཚབ་ཚུ།
༉ འབྲུག་གི་ཕྱི་འབྲེལ་མཐུན་ལམ་ རྩ་བརྟན་བཞག་ནིའི་དོན་ལུ་ ཁ་ཙ་ རྒྱལ་ཁབ་༡༢ ཀྱི་ གཞུང་ཚབ་ཚུ་ ཉིན་གྲངས་༤ གི་ ལྟ་སྐོར་དོན་ལུ་ རྒྱལ་ཁབ་ནང་ལྷོད་ཅི།

ཁྲོམ་སྡེའི་འཆར་གཞི་ཚུ་ བཟོ་ཚར་ཞིནམ་ལས་ གཞུང་ས་གླ་ཁར་གཏང་ནི།


མ་གཞི་ བཟོ་གྲྭའི་དོན་ལུ་ གཞུང་ས་ཨེ་ཀར་༢༠༠ གླ་ཁར་གཏང་ནིའི་དོན་ལུ་ བཞག་ཡོདཔ་ཨིན་རུང་ བསྟན་རྒྱས་ལྷན་ཁག་གིས་ ས་ཆ་མང་ཤོས་ར་ གླ་ཁར་ བྱིན་ཚར་ནུག་ཟེར་ཨིན་པས།


༉ དགེ་ལེགས་ཕུག་ལུ་ ཚོང་པ་༤༠ གིས་ གཞུང་ས་ཆ་གླ་ཁར་དགོ་ནིའི་དོན་ལུ་ ཞུ་ཡིག་བཙུགས་མིའི་གྲས་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ ཚོང་དཔོན་༣ རྐྱངམ་གཅིག་ལུ་ བྱིན་ཡོདཔ་ལས་ ཞུ་ཡིག་བཙུགས་མི་གཞན་གྱིས་ ཁྲོམ་སྡེ་ལུ་ ཉེས་བཙུགས་འབད་ཡོདཔ་ཨིན་པས།

མཐའན་མཇུག་ལུ་ ཏའི་ཝཱན་གྱི་ བཟའ་ཚང་གིས་ ཉམས་རྒུདཔ་ཨམ་སྲུ་ལུ་ རྒུད་འཐུས་སྤྲོད་བཏུབ་ནུག།


མཐའན་མཇུག་ལུ་ ཏའི་ཝཱན་གྱི་ བཟའ་ཚང་གིས་ ཉམས་རྒུདཔ་ཨམ་སྲུ་ལུ་ རྒུད་འཐུས་སྤྲོད་བཏུབ་ནུག།


༉ ཐའི་ལེནཌ་གི་རྒྱལ་ས་ བེང་ཀོག་ལུ་ ཏའི་ཝཱན་གྱི་ བཟའ་ཚང་ཅིག་གིས་ ཁོང་གི་ཁྱིམ་ནང་ གཡོག་ལཱ་འབད་མི་ འབྲུག་པའི་ཨམ་སྲུ་ཅིག་ལུ་ བརྡུང་རྫོབ་དང་ རྩུབ་སྤྱོད་འབད་བའི་ འབྲེལ་གནད་ནང་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ བར་འཛུལ་འབད་མི་ལུ་བརྟེན་ ཉིན་གྲངས་༤༠ གི་ཤུལ་ལས་ ཉམས་རྒུད་པ་དེ་ རྒྱལ་ཁབ་ནང་ ལོག་འོང་ཚུགས་ཡོདཔ་ཨིན་པས།

འབྲུག་གི་རྒྱལ་རབས་དང་ མི་སྡེའི་ཆོས་ཚན་ ད་རུང་ རྫོང་ཁ་ནང་ སློབ་སྟོན་འབད་ནི།


༉ རྫོང་ཁ་གོང་འཕེལ་གཏང་ནིའི་ ཐབས་བྱུས་གསརཔ་ཅིག་ འབྲུག་གི་རྒྱལ་རབས་དང་ མི་སྡེའི་ཆོས་ཚན་དེ་ ད་རུང་ རྫོང་ཁ་ནང་སློབ་སྟོན་འབད་ནི་སྦེ་ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ སྤ་རོའི་ རྩ་གཞུང་ཞིབ་འཚོལ་གོང་འཕེལ་ལས་ཁུངས་ཀྱི་ རྩ་གཞུང་མཁས་མཆོག་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ གྲོས་ཐག་བཅད་ཡོདཔ་ཨིན་པས།


རྩི་རང་ལུ་ ཕོ་སྐྱེས་ཅིག་གིས་ སྐུ་རྟེན་ཚུ་ གཏོར་བཤིག་ བཏང་ཡོདཔ།

གཏོར་བཤིག་བཏང་མི་ སྒྲོལ་མའི་སྐུ་འདྲ།

༉ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་གིས་ ལྷ་ཁང་ནང་གི་ སྐུ་རྟེན་ཚུ་ གཏོར་བཤིག་བཏང་མི་ལུ་བརྟེན་ ད་ལྟོ་ རྩི་རང་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ རང་ཐང་གླིང་རྒེད་འོག་ དར་རྒྱས་ཐང་གཡུས་ཚན་ལས་ཨིན་མི་ ཉེས་དོགས་ཅན་གྱིས་ སྤྱི་ཟླ་༤ པའི་ཚེས་༢༢ ཀྱི་ཕྱི་རུ་ དཀྱིལ་འཁོར་ཐང་རྒེད་འོག་ མ་འགྱུར་ལྷ་ཁང་ནང་འཛུལ་ཏེ་ གསར་བཞེངས་འབད་མི་ ཚེ་དཔག་མེད་ཀྱི་སྐུ་ཕིཊ་༥ འབད་མི་ཅིག་དང་ ཕིཊ་༤ དང་ཨིན་ཅི་༥ འབད་མི་ སྒྲོལ་མའི་སྐུ་ཅིག་ དེ་ལས་ ཕིཊ་༤ དང་ཨིན་ཅི་༥ འབད་མི་ རྣམ་རྒྱལ་མ་སྐུ་གསུམ་ཆ་ར་ མེདཔ་བཏང་ཡོདཔ་ཨིན་པས།



རྒྱལ་ཁབ་ནང་ པེ་ཊོལ་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༦.༧ ཡར་སེང་།

གོང་ཚད་ཡར་སེང་ལུ་བརྟེན་ མར་ཁུ་བླུགས་ནིའི་དོན་ལུ་ གྱལ་རིམ་བཙར་སྡོད་མི་ སྣུམ་འཁོར་ཚུ།


༉ ཁ་ཙ་ ནུབ་མོ་ལས་  པེ་ཊོལ་མར་ཁུའི་གོང་ཚད་དེ་ དངུལ་ཀྲམ་༦.༧ གྱིས་ ཡར་སེང་འབད་ཡོདཔ་ད་ ཡར་སེང་དེ་ ཁ་ཉིནམ་ རྒྱ་གར་གྱི་རྒྱལ་ས་ ནིའི་ལྡི་ལི་ལུ་ རུ་པི་༧.༥༠ ཡར་སེང་འབད་མི་ལུ་བརྟེན་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་འགོ་དཔོན་ ཚེ་རིང་གིས་འབད་བ་ཅིན་ རྒྱལ་ས་ལུ་ ཁ་ཙ་ ཕྱི་རུ་ཚུན་ པེ་ཊོལ་ ལི་ཊར་རེ་ལུ་ དངུལ་ཀྲམ་༦༠.༢༢ གནས་མི་དེ་ ལི་ཊར་རེ་ལུ་ དངུལ་ཀྲམ་༦༦.༩༢ ལུ་ཡར་སེང་སོང་མི་གིས་ རྒྱལ་ཁབ་ཀྱི་སྣུམ་འཁོར་བཏང་མི་ཚུ་ལུ་ ཚ་གྱང་ལང་ནིའི་གཞི་གནས་ཅིག་ལུ་ གྱུར་ཡི་ཟེར་ཨིན་པས། 


གནས་ཚུལ་མདོར་བསྡུས།

འབྲུག་ལུ་ ཉིན་གྲངས་༤ གི་རིང་ ལྟ་སྐོར་ནང་འོང་མི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཉམ་འབྲེལ་ཚོགས་པ་ སཱག་གི་ ཡོངས་ཁྱབ་དྲུང་ཆེན་གསརཔ་ ཨ་མེཌ་ ས་ལིམ་གྱིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་གནང་ཡོདཔ་བཞིན་དུ་ ནངས་པར་ རྒྱལ་ཁབ་ནང་ལས་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།

རུ་པིའི་སྐྱིན་འགྲུལ།



རྒྱ་གར་གྱི་ པཱན་ཇབ་དངུལ་ཁང་ལས་ རུ་པི་དུང་ཕྱུར་༢ ལྷགཔ་ཅིག་ སྐྱིན་འགྲུལ་ལེན་མི་དེ་ ཁ་ཙ་ འབྲུག་གི་ དངུལ་ཁང་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།


༉ འབྲུག་གིས་ རྒྱ་གར་ལས་ རུ་པའི་སྐྱིན་འགྲུལ་ལེན་མི་དེ་ འདས་པའི་བདུན་ཕྲག་ནང་ ཚད་གཞི་གུ་ ལྷོད་སོཔ་ལས་ སྐྱིན་འགྲུལ་ལེན་ཐབས་མེད་པའི་ གནས་སྟངས་གུ་ཐུག་ནི་དེ་གིས་ སྤྱི་ཟླ་༥ པའི་ཚེས་༢༣ ལུ་ རྒྱ་གར་གྱི་ པཱན་ཇབ་དངུལ་ཁང་ནང་ལས་ རུ་པི་དུང་ཕྱུར་༢ སྐྱེད་བརྒྱ་ཆ་༡༠.༥ སྦེ་ སྐྱིན་འགྲུལ་ལེན་མི་དེ་ དངུལ་ཁང་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།

ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་ཐོག་ལས་འོང་མི་ ལྟ་བཤལཔ་༣ རྒྱལ་ཁབ་ནང་ལས་ ལོག་བཏང་ཡོདཔ།


སྤྱི་ཟླ་༤ པའི་ཚེས་༢༣ ལུ་ ལྟ་བཤལཔ་མི་༣ གྱིས་ ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་ཐོག་ལས་ རྒྱལ་ཁབ་ནང་ འོང་མིའི་གནད་དོན་སྐོར་ལས་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ དོགས་སེལ་གྱི་ལོ་རྒྱུས་ག་ཅི་ཡང་ སླབ་མི་བཏུབ་དོ་ཡོད་མི་དེ་གིས་ ཁྲིམས་ལུགས་ནང་ སྐྱོན་ལེ་ཤ་ཡོད་པའི་མངོན་གསལ་འབདཝ་ཨིན་པས།


གནས་ཚུལ་མདོར་བསྡུས།

མོང་སྒར་ གཡག་སྤུ་སྒང་གཡུས་ཚན་གྱི་ སོ་ནམ་ཞིང་པ་ཚུ་ གེ་ཟའི་གཡུར་མ་ རྐྱབ་པའི་བསྒང་།

ཤ་བཟའ་བའི་ལེགས་ཉེས་ཚུ་ གཏིང་ཟབ་པའི་སྐོར་ ཐུགས་བཞེད་གནང་དགོཔ།



༉ ང་བཅས་ཀྱིས་ ལཱ་ག་ཅི་རྩོམ་རུང་ དགའ་སྐྱིད་འཐོབ་ནི་གི་དོན་ལས་ཨིནམ་བཞིན་དུ་ ལཱ་འབད་བའི་ གྲུབ་འབྲས་ཚུ་ ཕན་པ་ལས་ གནོད་པ་ཤུགས་ཆེ་མི་ཚུ་ སྤང་དགོཔ་མ་ཚད་ ཕན་གནོད་འདྲན་འདྲ་ཡོད་རུང་ སྤང་དགོ་པའི་ཚུལ་ རྒྱལ་བའི་བཀའ་དང་ བསྟན་བཅོས་ཚུ་ལས་ ལོག་ཅི་ལོག་ཅི་ར་གསུངས་ཏེ་ཡོད།


བཙོང་ཁང་གསརཔརྐྱབ་མི་གིས་ མི་སེར་ཚུ་ལུ་ ཕན་ཐོགས།

ལྕགས་སི་མཁར་ ཟ་ལ་ཕང་མ་ལུ་ ཚོང་འབྲེལ་གྱི་ བཙོང་ཁང་གསརཔ།


༉ ཨ་ལུ་ཅིག་གི་ཨའི་ཨིན་མི་ སྐྱེས་ལོ་༣༥ ལང་མི་ སོ་ནམ་པ་ མཚོ་སྐྱིད་ཀྱིས་ དུས་ཅི་ལས་ སོ་ནམ་ཐོན་སྐྱེད་གེ་ཟ་དང་ ཀེ་བ་ཚུ་ ཧེ་མའི་ལོ་ཚུ་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ཚུགས་ནི་དང་ ཚོང་འབྲེལ་འཐབ་ནི་ལུ་ བྱ་སྟབས་བདེ་ནི་ཨིན་པས།


དཀོན་གཉེར་ཅིག་ དོ་དམ་འོག་ལུ་བཙུགས་ཡོདཔ།

༉ བུམ་ཐང་ལུ་ སྐྱེས་ལོ་༤༤ ལང་མི་ དཀོན་གཉེར་ཅིག་གིས་ ལྷ་ཁང་རྩིས་སྤྲོད་འབད་བའི་སྐབས་ སྟོན་པའི་སྐུ་འདྲ་ཅིག་གི་ ནང་གཟུངས་བཏོན་ཡོད་པའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

གསོ་བའི་ གློ་བུར་མཁོ་ཆས་ཀྱི་ གྲོགས་རམ།

གསོ་བའི་ལས་རིམ་འགོ་དཔོན་ བཀྲིས་གྲུབ་པ་དང་ ཌོག་ཊར་ མགོ་གསར་སྤེན་པ་གིས་ གསོ་བའི་གློ་བུར་མཁོ་ཆས་ཚུ་གི་ གསལ་བཤད་འབད་བའི་བསྒང་།


༉ ཁ་ཙ་ འཛམ་གླིང་གསོ་བའི་ལས་འགུལ་གྱིས་ གསོ་བའི་ལྷན་ཁག་ལུ་ དངུལ་ཀྲམ་༢,༣༩༠,༨༢༠ གནས་པའི་ གསོ་བའི་གློ་བུར་མཁོ་ཆས་ཆ་ཚང་༥༡ གྲོགས་རམ་འབད་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གི་ གློ་བུར་གསོ་བའི་ ཞབས་ཏོག་སྡེ་ཚན་གྱིས་ གློ་བུར་དུ་ རྐྱེན་ངན་འབྱུང་བའི་སྐབས་ གསོ་བའི་ཉེན་སྲུང་དང་ གློ་བུར་གྲ་སྒྲིག་ཐོག་ལས་ ཆ་རོགས་དང་ སྲོག་སྐྱབས་འབད་ཚུགས་ནིའི་དོན་ལུ་ ལས་རིམ་འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་དེ་ སྤྱི་ལོ་༢༠༡༡ ལུ་བཟོ་སྟེ་ འཛམ་གླིང་གསོ་བའི་ལས་འགུལ་ལུ་ ཕུལ་ཡོདཔ་ཨིན་པས།


ད་རུང་ དགེ་སློང་བགྲེསཔ་༢ འཛིན་བཟུང།



༉ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༥ པའི་ཚེས་༢༢ ཀྱི་ནུབ་མོ་ ཐིམ་ཕུ་ལྕང་ཇི་ཇི་ཟམ་གྱི་ ཉེ་འདབས་ལུ་ སྡེ་ཚན་འཐབ་འཛིང་ནང་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ལུ་ ཤི་རྐྱེན་བྱུང་མིའི་ རྐྱེན་ངན་ནང་ འབྲེལ་གཏོགས་འབད་མི་ ད་རུང་ ཧེ་ཇོ་ལས་ སྐྱེས་ལོ་༢༠ དང་༢༢ ལང་མི་ དགེ་སློང་བགྲེསཔ་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།


རྩིས་སྒྲིག་མ་འབད་བའི་ ཚུལ་མིན་དངུལ་འབོར་ ཡར་སེང་སོང་ཡོདཔ།

༢༤/༥/༢༠༡༢

ཨིན་རུང་ གཡོ་སྒྱུ་དང་ ངན་ལྷད་ལག་ལེན་ ལྐོག་ཟ་ཚུ་ འདས་པའི་ལོ་ལས་ མར་བབས་སོང་ནུག།


༉ སྤྱི་ལོ་༢༠༡༢ ཀྱི་ཟླཝ་༢ པའི་ཚེས་༡༥ ཚུན་ཚོད་ གཞུང་གི་ལྷན་ཁག་དང་ ལས་སྡེ་ ལས་འཛིན་ཚུ་ནང་ ཚུལ་མིན་ལག་ལེན་གྱི་ རྩིས་སྒྲིག་མ་འབད་བའི་ མ་དངུལ་ས་ཡ་༧༧༠.༡༤༡ ལུས་མི་དེ་ སྤྱི་ལོ་༢༠༡༠ ལུ་ དངུལ་ཀྲམ་ས་ཡ་༦༨༡.༥༩༣ ཨིན་མི་དང་ཕྱདཔ་ད་ བརྒྱ་ཆ་༡༢.༩ ལྷགཔ་ཅིག་ ཡར་སེང་སོང་ནུག་ཟེར་ བདུན་ཕྲག་འདི་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ བགོ་བཀྲམ་འབད་མི་ སྤྱི་ལོ་༢༠༡༡ གི་ ལོ་བསྟར་རྩིས་ཞིབ་སྙན་ཞུ་ནང་བཀོད་ནུག།


སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་གིས་ འགན་ཚད་བཟོ་ནི་ལུ་ ཤུགས་བཏོན་ནི།

ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ རྒྱལ་ཁབ་ཚུ་གི་ ཆེ་རིམ་འགོ་དཔོན་ཚུ།
༢༤/༥/༢༠༡༢

༉ སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་དེ་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ མཐུན་ཚོགས་སྦོམ་ཤོས་ཅིག་ཨིན་རུང་ ད་ལྟོའི་བར་ན་ཡང་ འགན་ཚད་གསལ་ཏོག་ཏོ་ཅིག་མེདཔ་ལས་ དེ་བཟོ་ནིའི་དོན་ལུ་ སཱག་གི་འཐུས་མི་རྒྱལ་ཁབ་༨ ཀྱི་ ཆེ་རིམ་འགོ་དཔོན་ཚུ་གི་བར་ན་ ཁ་ཙ་ལས་ སྤ་རོ་ལུ་སྦེ་ ཞལ་འཛོམས་ཅིག་ འགོ་བཙུགས་ཡི།


སྦྱོང་བརྡར་ཐེངས་༢ པ་མཇུག་བསྡུ་ཡོདཔ།

གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་དང་ སྦྱོང་བརྡར་མཇུག་བསྡུ་མི་ དགེ་འདུན་སློབ་གྲྭའི་ སློབ་དཔོན་ཚུ།
༢༤/༥/༢༠༡༢

༉  ཐིམ་ཕུ་བདེ་ཆེན་ཕོ་བྲང་ གཞི་རིམ་སློབ་གྲྭ་ལྟེ་བ་ནང་སྦེ་ སྤྱི་ཟླ་༥ པའི་ཚེས་༩ ལས་འགོ་བཙུགས་མི་ གཞུང་གྲྭ་ཚང་གི་ གཞི་རིམ་སློབ་གྲྭའི་སློབ་དཔོན་གྱི་དོན་ལུ་ སྦྱོང་བརྡར་ཐེངས་༢ པ་འགོ་འདྲེན་འཐབ་མི་དེ་ ཁ་ཙ་མཇུག་བསྡུ་ཡོདཔ་ཨིན་པས།


མར་ཁུའི་གོང་ཚད་ ཡར་སེང་འབད་ནི།

༢༤/༥/༢༠༡༢

༉ ད་རིས་ ནུབ་མོ་ལས་ རྒྱལ་ཁབ་ནང་ པེ་ཊོལ་མར་ཁུའི་གོང་ཚད་ དངུལ་ཀྲམ་༧ དེ་ཅིག་ ཡར་སེང་འགྱོ་ནི་ཨིན་མི་དེ་ཡང་ ཁ་ཙ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ རུ་པི་༧.༥༠ ཡར་སེང་འབད་ནི་དེ་གིས་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་པི་དབང་འདུས་ཀྱིས་ འབད་བ་ཅིན་ གོང་ཚད་ཡར་སེང་དེ་ ངེས་བདེན་འགྱོ་ནི་ཨིན་རུང་ དངུལ་ཀྲམ་ག་དེམ་ཅིག་གི་རྩིས་ ཡར་སེང་འབད་ནི་ཨིན་ན་ ད་ལྟོ་ ཏན་ཏན་སླབ་མི་ཚུགས་ཟེར་ཨིན་རུང་ རྒྱ་གར་ལུ་ ཡར་སེང་འབད་དེ་ དུས་ཡུན་ཆུ་ཚོད་༢༤ གི་ ནང་འཁོད་ལུ་ འབད་ནི་ཨིན་ཟེར་ཨིན་པས།


འབྲུག་མི་ཁག་འབགཔ་ཚུ་ལུ་ གློག་མེ་ལས་འགུལ་གྱི་ ལཱ་འབད་ཚུགས་པའི་ འོས་འབབ་མེདཔ།

བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ དར་དཀར་ཆུ་གློག་མེ་ལས་འགུལ།
༢༤/༥/༢༠༡༢

༉ འབྲུག་གི་ཁག་འབགཔ་ཚུ་གིས་ གློག་མེའི་ལས་འགུལ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དུས་ཅི་ལས་ མཐུན་ཚོགས་ཅིག་གཞི་བཙུགས་འབད་དེ་ གཞུང་ལུ་ གློག་མེ་ལས་འགུལ་གྱི་


ཕོ་སྐྱེས་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ རྡོ་རྐྱབ་ཡོདཔ།

༢༤/༥/༢༠༡༢

༉ བུམ་ཐང་ལུ་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་ཅིག་གིས་ སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ རྡོ་རྐྱབ་པའི་ ཉེས་འཛུགས་ལུ་བརྟེན་ འཕྲལ་ཁམས་ཅིག་ཁར་ རྩོད་བཤེར་དེ་ རྫོང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།


གནས་ཚུལ་མདོར་བསྡུས།

༢༤/༥/༢༠༡༢

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༡ ལུ་ ས་གནས་གཞུང་གི་ བཙག་འཐུ་ཐེངས་དང་པའི་སྐབས་ གོ་གནས་ཀྱི་ ས་སྟོང་བསུབས་མ་ཚུགས་པར་ལུས་པའི་ཤུལ་ལས་ བཙག་འཐུ་ཐེངས་༢ པ་ འགོ་འདྲེན་འཐབ་མིའི་ནང་ བཙག་འཐུ་གྲུབ་མི་ རྒཔོ་༡༥ ལུ་ བཀབ་ནེ་གནང་ཡོདཔ་ད་ རྒཔོ་གསརཔ་༡༥ བཙག་འཐུ་གྲུབ་མི་དང་བསྟུན་ ད་རེས་ནངས་པ་ འབྲུག་གི་རྒེད་འོག་༢༠༥ ག་རའི་ནང་ རྒཔོ་ཚང་ཡོད་པའི་གནས་ཚུལ།

བཙོན་ཁྲིམས་ལོ་༡༠ ཕོག་ཡོདཔ།

༢༤/༥/༢༠༡༢

 
༉ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་གིས་ ལོ་ན་མ་སྨིན་པའི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་སྒོ་ལས་ འདོད་སྤྱོད་འབད་བའི་ འབྲེལ་གནད་ལུ་བརྟེན་ ཁ་ཙ་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་དེ་ལུ་ བཙོན་ཁྲིམས་ལོ་༡༠ བཀལ་ནུག།

སློབ་ཕྲུག་བརྡུང་རྫོང་འབད་མི་སྡེ་ཚན་ འཛིན་བཟུང་འབད་ཡོདཔ།

༢༤/༥/༢༠༡༢

༉ ཐིམ་ཕུ་ཁྲིམས་སྲུང་འགག་པ་གིས་ འདས་པའི་བདུན་མཐའ་ནང་ སློབ་ཕྲུག་ཨ་ལུ་༢ ལུ་ བརྡུང་རྫོབ་ཀྱི་བྱ་ངན་ནང་ འབྲེལ་བ་ཡོད་མི་ སློབ་ཕྲུག་སྡེ་ཚན་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།


གནས་ཚུལ་མདོར་བསྡུས།

༢༣/༥/༢༠༡༢

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ དམག་སྡེའི་གུང་བློན་གོངམ་ ཨ་ཤོག་ཀུ་མར་ ཅའུ་ད་རི་དང་ མཇལ་ཕྲད་གནང་པའི་བསྒང་།

གཤག་བཅོས་དྲུང་འཚོ་༣ ལས་༢ དགོངས་ཕོག་མི་བཏོན་ནི།



་་་ དེ་ཡང་ ཌོག་ཊར་ཚུ་གི་ ཉེས་འཛུགས་དང་འཁྲིལ་ཏེ་མིན་པར་ མི་མང་གི་
མཐའ་དོན་རྐྱངམ་གཅིག་ལུ་བལྟ་སྟེ་ཨིན་པས།


༉ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ གསོ་བའི་ལྷན་ཁག་གིས་ ཡིག་ཐོག་ལུ་ གསོལ་ཞུ་འབད་མི་དང་འཁྲིལ་ཏེ་ ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༩ ལུ་ ཇར་མ་ནི་དང་ རྒྱ་ནག་རྒྱལ་ཁབ་གཉིས་ནང་ གཞུང་འབྲེལ་ལྟ་སྐོར་ལུ་ སོང་མི་ལུ་བརྟེན་ ནང་གསུག་དང་འབྲེལ་བའི་ ཁ་ཉེས་ཕོག་མི་ གཤག་བཅོས་དྲུང་འཚོ་༣ ལས་༢ རྩོད་བཤེར་གྱི་སྐབས་ལུ་ ལཱ་གཡོག་ནང་ལས་ དགོངས་ཕོག་མི་བཏོན་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ལས་ཁུངས་གཉིས་ཀྱི་འོག་ལུ་ ཌོག་ཊར་རེ་རེ་ལས་བརྒལ་མེད་མི་ རྩ་ཁམས་དྲུང་འཚོ་བཀྲིས་བསྟན་འཛིན་དང་ སྒལ་ཚིགས་དྲུང་འཚོ་ ཚེ་དབང་འཕྲིན་ལས་༢ མི་མང་གི་ མཐའ་དོན་ལུ་བལྟ་སྟེ་ ཁོང་རའི་ལཱ་གཡོག་ནང་ལས་ དགོངས་ཕོག་མི་བཏོན་ནི་སྦེ་ ཐག་བཅད་ཅི་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ང་བཅས་ཀྱིས་ ཁྲིམས་དཔྱད་འབད་བའི་སྐབས་ལུ་ ཌོག་ཊར་༢ དགོངས་ཕོག་མི་བཏོན་ནི་སྦེ་ ཐག་བཅད་མི་དེ་ཡང་ རྩ་ཁམས་དྲུང་འཚོ་དང་ སྒལ་ཚིགས་དྲུང་འཚོ་གཉིས་ཆ་ར་ དགོངས་ཕོག་བཏོན་པ་ཅིན་ ཁོང་གི་ཚབ་ ག་ཡང་མི་འོང་ནི་ཨིནམ་ལས་ མི་མང་གི་ ཚེ་སྲོག་ལུ་ གནོད་ཉེན་སྦོམ་འོང་ནི་མས་མནོ་སྟེ་ཨིན་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
འདི་འབདཝ་ད་ དགོངས་ཕོག་མ་བཏོན་པར་ བཞག་མི་དེ་ སྤྱིར་བཏང་ཁྲིམས་བཤེར་གྱི་ བྱ་རིམ་ཚུ་ནང་ འབྲེལ་གཏོགས་འབད་མ་དགོཔ་སྦེ་མེན་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཨིན་རུང་ སོའི་དྲུང་འཚོ་ བསམ་གྲུབ་ཀྱི་ཐད་ལུ་ གཅིག་མེད་རུང་ ཚབ་མ་ཡོད་མི་ལུ་བརྟེན་ གསོ་བའི་ལྷན་ཁག་གི་ ཞུ་བ་ལུ་ ངོས་ལེན་མ་འབད་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་དང་འཁྲིལཝ་ད་ རྩོད་གཞི་དེ་ ཉེས་ཁ་ཕོག་པའི་ མི་ངོ་དེ་ལུ་ བཙུགས་ཏེ་ཡོད་པ་ཅིན་ ཁོ་ར་ རྩོད་བཤེར་མཇུག་མ་བསྡུ་ཚུན་ཚོད་ དགོངས་ཕོག་བཏོན་དགོཔ་བཞིན་དུ་ དགོངས་དོན་དེ་ ཌོག་ཊར་བསམ་གྲུབ་ལུ་ བསྟར་སྤྱོད་འབད་ནི་ཨིན་པས།
སྤྱི་ལོ་༢༠༠༩ ཟླཝ་༩ པ་ལས་ གསོ་བའི་མཁོ་སྒྲུབ་བྱ་རིམ་ཚུ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་མི་ བི་ཀཱསི་གསོ་བའི་ཞབས་ཏོག་ལས་སྡེ་གིས་ གསོ་བའི་མཁོ་ཆས་ཚུ་ བརྟག་དཔྱད་འབད་ནིའི་དོན་ལུ་ ཇར་མ་ནི་དང་ རྒྱ་ནག་ལུ་ ལྟ་སྐོར་ཐེངས་༢ འགོ་འདྲེན་འཐབ་མིའི་ནང་ ཁེ་ཕན་ལྟག་སྤྲོད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་ ལྟ་སྐོར་ལུ་སོང་མི་ གཤག་བཅོས་དྲུང་འཚོ་༣ དང་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་གཞན་ཚུ་ལུ་ གསུག་འབུལ་དང་ གཡོ་སྒྱུའི་ལག་ལེན་ཚུ་དང་འབྲེལ་བའི་ ཉེས་འཛུགས་འབད་དེ་ རྩོད་བཤེར་གྱི་དོན་ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
ཐིམ་ཕུ་སྨན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ སྨན་རིགས་དང་ གསོ་བའི་མཁོ་ཆས་བཀྲམ་སྤེལ་བ་ བི་ཀཱསི་ལས་སྡེ་གིས་ ལྟ་སྐོར་ཚུ་གི་ གྲོས་གཞི་དེ་ གསོ་བའི་ལྷན་ཁག་ལུ་ ཐད་ཀར་དུ་ བཙུགས་ཡོདཔ་ལས་ ཌོག་ཊར་ཚུ་གིས་ གྲོས་འཆར་བཙུགས་བཙུགསཔ་མེད་ཟེར་ཨིན་པས།
ལྟ་སྐོར་ལས་རིམ་དེ་ གསོ་བའི་ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ གནང་བ་གྲུབ་ཞིནམ་ལས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ འབྲེལ་ཡོད་ལས་ཁུངས་ཁག་སོ་སོའི་ནང་ ལྟ་སྐོར་གྱི་དོན་ལས་ ཌོག་ཊར་ཚུ་ གདམ་ངོ་བཏོན་དགོཔ་སྦེ་ ཡི་གུ་ཅིག་ བསྐྱལ་མིའི་ནང་ གཞུང་ལུ་ ལྟ་སྐོར་ལུ་བརྟེན་པའི་ སྐུ་གྱོང་ཕོག་དགོཔ་ ག་ནི་ཡང་མེད་ཟེར་ བཀོད་ཡོདཔ་མ་ཚད་ ལྟ་སྐོར་སྡེ་ཚན་དེ་ ཧེ་མའི་ གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་རྡོ་རྗེ་དབང་ཕྱུག་གིས་ འགོ་ཁྲིད་འབད་འོང་ཟེར་ གསལ་བཀོད་འབད་ཡོདཔ་ཨིན་པས།
ཨིན་རུང་ ཡོངས་ཁྱབ་མདོ་ཆེན་དེ་ འགྱོ་མ་ཚུགསཔ་ལས་ གཤག་བཅོས་ལས་ཁུངས་ཀྱི་འགོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལྷན་ཁག་ལས་ གཤག་བཅོས་དྲུང་འཚོ་ཅིག་ གདམ་འཐུ་འབད་དགོཔ་སྦེ་ ཡི་གུ་ཅིག་ ཐོབ་མི་དང་འཁྲིལ་ ཇར་མ་ནིའི་ ལྟ་སྐོར་གྱི་དོན་ལུ་ ཁོ་གིས་ རྩ་ཁམས་དྲུང་འཚོ་ བཀྲིས་བསྟན་འཛིན་དེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
ཌོག་ཊར་བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ དྲུང་འཚོ་དེ་ཚུ་ འབྲེལ་ཡོད་ལས་ཁུངས་ཚུ་གིས་ ལྟ་སྐོར་ལུ་ བཏང་དགོ་མི་དེ་ཡང་ མཁོ་སྒྲུབ་ཀྱི་དོན་ལུ་ གཤག་བཅོས་ཁང་གི་ ཅོག་ཙེ་དང་ མེ་གི་མཁོ་ཆས་ཚུ་ བལྟ་ཞིབ་འབད་ནིའི་དོན་ལུ་ཨིན་པས།
ཇར་མ་ནི་དང་ རྒྱ་ནག་གི་ ལྟ་སྐོར་གཉིས་ཆ་ར་ གསོ་བའི་ལྷན་ཁག་གིས་ གནང་བ་གྲུབ་ཡོདཔ་ལས་ ཌོག་ཊར་ཚུ་གི་ མནོ་བསམ་ལས་འབད་བ་ཅིན་ ཌོག་ཊར་ཚུ་མིན་པར་ ལྷན་ཁག་ལུ་ ཉེས་འཛུགས་འབད་དགོཔ་འདུག་ཟེར་ཨིནམ་ད་ རྩོད་རྙོགས་དེ་ གཙོ་བོ་ར་ གསོ་བའི་ལྷན་ཁག་གིས་ ལྟ་སྐོར་གྱི་ གནང་བ་གྲུབ་མི་ལུ་བརྟེན་ བྱུང་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལྷན་ཁག་ལུ་ ཉེས་འཛུགས་འབད་དགོཔ་ཅིག་ཨིན་ཟེར་ ཌོག་ཊར་བློ་གྲོས་ཀྱིས་ བསམ་འཆར་བཤདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ ལྟ་སྐོར་འགོ་འདྲེན་འཐབ་མི་ བི་ཀཱསི་ལས་སྡེ་གིས་ ལྟ་སྐོར་སྡེ་ཚན་དེ་ ཇར་མ་ནི་ལུ་ ཉིན་གྲངས་༡༠ གྱི་རིང་སྡོདཔ་ད་ བཞེས་སྒོ་དང་ སྡོད་སའི་ཟད་འགྲོ་ཚུ་གིས་མ་དོ་བར་ ཉིན་འཐུས་བཟུམ་ཅིག་སྦེ་ མི་རེ་ལུ་ ཡུ་རོ་༡,༥༠༠ རེ་ སྤྲོད་ཡོདཔ་མ་ཚད་ དེ་གི་ཤུལ་ལས་ རྒྱ་ནག་ལུ་ སོང་མི་ཚུ་ལུ་ཡང་ བཟའ་ཉལ་གྱི་ ཟད་འགྲོ་དང་ མི་རེ་ལུ་ ཡུ་ཨེསི་ཌོ་ལར་༡,༥༠༠ རེ་ སྤྲོད་ཡོད་པའི་ ཤེས་རྟོགས་བྱུང་ནུག།
རྒྱ་ནག་གི་ ལྟ་སྐོར་ནང་ སོའི་དྲུང་འཚོ་བསམ་གྲུབ་སོང་ཡོདཔ་ད་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ལྟ་སྐོར་གྱི་ཤུལ་ལུ་ སྨན་ཁང་ཚུ་ནང་ མཁོ་གལ་སྦོམ་མེད་རུང་ རྒྱ་ནག་ལས་ སི་རོ་ན་ཟེར་མི་ སོ་བཅོས་རྐང་ཁྲི་༡༢ དེ་ཅིག་མཁོ་སྒྲུབ་འབད་ནུག་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

ཕོ་སྐྱེས་༡ ལུ་ཤི་རྐྱེན་དང་ གཞན་མི་༢ ལུ་རྨ་སྐྱོན།

༢༣/༥/༢༠༡༢

ཁྲིམས་སྲུང་འགག་པ་གིས་ ད་ལྟོ་ ཕོ་སྐྱེས་༤ འཛིན་བཟུང་འབད་ཡོདཔ་བཞིན་དུ་ གཞན་མི་ཚུ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།


༉ ཁ་ཙ་ ནུབ་མོའི་ཆུ་ཚོད་༡༢ དང་ སྐར་མ་༤༥ དེ་ཅིག་ཁར་ ཐིམ་ཕུ་ ལྕང་ཇི་ཇི་ཟམ་གྱི་ ཉེ་འདབས་ལུ་ ཕོ་སྐྱེས་ཅིག་ བསད་པའི་ཁར་ གཞན་མི་༢ ལུ་ རྨ་སྐྱོན་བཏོན་ཡོད་པའི་ རྐྱེན་ངན་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་སྡེ་ཚན་ཅིག་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

བཙོན་ཁྲིམས་ལོ་༩ དང་ཟླཝ་༣ བཀལ་ཡོདཔ།

༢༣/༥/༢༠༡༢

༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ དང་ ཟླཝ་༣ བཀལ་ཡོདཔ་མ་ཚད་ ཚེ་འདས་བུཚ་གི་ཕམ་ལུ་ རྒུད་འཐུས་དངུལ་ཀྲམ་༡༠༦,༣༠༠ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ད་ དེ་ཡང་ ཁོ་གིས་ རྒྱལ་པོའི་ཞིང་ལུ་ སྐྱེས་ལོ་༡༩ ལང་མི་ སློབ་ཕྲུག་ཅིག་ གྱི་གསོབ་སྟེ་ བསད་མི་ལུ་བརྟེན་ཨིན་པས།


གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུ་བར་སྦིས་ས་ལུ་ ཕྱི་རྒྱལ་མདའ་གཞུ་ཐོག་གི་ རྩེད་འགྲན་འབདཝ་ད་ ཀེ་ཊི་རྡོ་རྗེ་གིས་ སྐུགས་༢ ཆོད་དེ་ སྐུགས་༦ ཐོབ་པའི་སྐབས་ འཆམ་ཤོས་ལྔ་དང་ ཚེ་གཡང་སྡེ་ཚན་གྱིས་ སྐུགས་༣ འདྲན་འདྲ་ལུས་ཡོདཔ་ཨིན་མས།

གདུང་བསམ་རྩི་ས་ལས་འགུལ་གྱིས་ རུ་པིའི་དཀའ་ངལ་བསལ་ནི?

༢༣/༥/༢༠༡༢

༉ རྒྱལ་ཁབ་ཀྱི་བཟོ་གྲྭ་འཕྲུལ་ཁང་ སྦོམ་ཤོས་ཅིག་ཨིན་མི་ བསམ་གྲུབ་ལྗོངས་མཁར་ ངང་ལམ་ལུ་ཡོད་པའི་ གདུང་བསམ་རྩི་ས་ལས་འགུལ་དང་ དར་ལ་གློག་མེ་ལས་འགུལ་གཉིས་ བསྒུབ་ཞིནམ་ལས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་དེ་  བསལ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།


གནས་ཚུལ་མདོར་བསྡུས།

བྱང་སྤྲུལ་རིན་པོ་ཆེ་གིས་ བསམ་རྩེའི་སློབ་ཕྲུག་ཨ་ལུ་ཚུ་ལུ་ ཆོས་བཤད་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་།

ཏམ་ཁུ་ཚོང་འབྲེལ་ལུ་བརྟེན་ བཟའ་ཚང་འཛིན་བཟུང་།

༢༣/༥/༢༠༡༢

༉ གནས་ཚང་དང་ རྨགཔ་གཉིས་ཀྱིས་ ཏམ་ཁུ་ཚོང་འབྲེལ་འཐབ་མི་ལུ་བརྟེན་ གཞལམ་སྒང་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གཞལམ་སྒང་ལས་ གནས་ཚུལ་བསྐྱལ་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དང་ གནས་ཚང་དེ་གིས་ ཁྲོམ་ཁར་ ཏམ་ཁུ་བཙོང་དོ་ཡོད་པའི་སྐོར་ལས་ བདུན་ཕྲག་དག་པ་ཅིག་གི་ཧེ་མ་ལས་ གསང་བའི་སྙན་ཞུ་ལྷོད་ཡོད་རུང་ ངེས་བདེན་དབྱེ་དཔྱད་འབད་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ཁྲིམས་སྲུང་འགག་པ་གིས་ ཚོང་དཔོན་ཨམ་དེ་ལུ་ མགུ་འབྱིད་རྐྱབ་ནིའི་ཐབས་ལམ་སྟོན་དགོ་པའི་སྐོར་ལས་སླབ་ད་ ཉེན་མ་བཏུབ་མི་ལུ་བརྟེན་ རྫོང་ཁག་ཁྲིམས་འདུན་ལས་ འཚོལ་ཞིབ་འབད་ཆོག་པའི་ གནང་བ་ལེན་ཏེ་ དེ་ཚེ་ར་ འཚོལ་ཞིབ་འབདཝ་ད་ ཚོང་ཁང་དང་ ཁོང་ར་སྡོད་སའི་ཁྱིམ་ནང་ལས་ ཏམ་ཁུ་ བ་བ་ཤོག་སྒམ་༡༡༢ དང་ སི་ག་རེཊ་ཤོག་སྒམ་༨༣ ཐོབ་ཡོདཔ་ཨིན་པས།


སྐད་ཡིག་གི་ གནད་དོན་ཐོག་ལུ་གྲོས་བསྡུར།

 ༢༣/༥/༢༠༡༢

སྐད་ཡིག་གི་ གནད་དོན་ཐོག་ལུ་ གྲོས་བསྡུར་འབད་མི་ ཌོག་ཊར་ཀརྨ་ཕུན་ཚོགས་དང་ སློབ་དཔོན་ཀུན་བཟང་འཕྲིན་ལས།
༉ ཁ་ཙ་ ཏཱ་ར་ཡ་ནའི་ཞལ་འཛོམས་ཁང་ནང་ རྩོམ་རིག་དུས་སྟོན་བརྩི་སྲུང་གི་ གངས་རི་བག་ཅའི་ལས་རིམ་ཉིནམ་༢ པའི་ ལས་རིམ་༢ པའི་ནང་ ཌོག་ཊར་ཀརྨ་ཕུན་ཚོགས་དང་ རྫོང་ཁའི་མཁས་མཆོག་ ལམ་སྲོལ་དང་ ལོ་རྒྱུས་ཀྱི་ ཞིབ་འཚོལ་ལུ་ གཙོ་བོར་བཏོན་མི་ཅིག་ཨིན་མི་ སློབ་དཔོན་ཀུན་བཟང་འཕྲིན་ལས་༢ ཀྱིས་ རང་གི་སྐད་ཡིག་ཟེར་བའི་ དོན་ཚན་ཐོག་ལུ་ ཉམས་མྱོང་དང་འབྲེལ་བའི་ གྲོས་བསྡུར་འབད་ཡི།

ཇའི་སྒང་ལུ་ འབྲུག་མི་ཉོ་ཚོང་རྐྱབ་མིའི་གྱངས་ཁ་ ཨ་རྟག་དང་ཕྱདཔ་ད་ མར་བབས་སོང་ཡོདཔ།

ཇའི་སྒང་ཁྲོམ་གྱི་མཐོང་སྣང་།
༢༣/༥/༢༠༡༢

༉ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་ཐོནམ་ལས་ཚུར་ འབྲུག་མི་མང་ཤོས་ཅིག་གི་སེམས་ཁར་ ཕུན་ཚོགས་གླིང་གི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ཉོ་ཚོང་རྐྱབ་པར་འགྱོ་མི་ ག་ཡང་མེདཔ་བཟུམ་ཅིག་སྦེ་ ཚོར་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ལས་ མི་ཚུ་གིས་ ཚོང་འབྲེལ་འཐབ་སར་ མཐོངམ་ཨིན་པས།
ཇའི་སྒང་ཁྲོམ་ཁར་ བཤལ་འགྱོ་བའི་སྐབས་ སྣུམ་འཁོར་བཅོ་ཁང་དང་ ཚོང་ཁང་ དེ་ལས་ ཚོད་བསྲེ་ཁྲོམ་ཚུ་ནང་ འབྲུག་མི་ཚུ་ ལེ་ཤ་ཅིག་ར་ འཁྱམས་སྡོད་སར་ མཐོངམ་ཨིན་རུང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ རྒྱ་ཆེ་དྲགས་སྦེ་ མར་བབས་སོང་ཡོདཔ་ཨིན་པས།


ཨ་རོགས་དགའ་རོགས་དང་ བྲོས་བྱོལ་འབད་མི་ ལོག་ལྷོད་ཡོདཔ།


༢༣/༥/༢༠༡༢


༉ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཧཱ་རྫོང་ཁག་གི་ སློབ་གྲྭ་ཅིག་ནང་ལས་ སྐྱེས་ལོ་༡༤ གིས་ལང་མི་ སློབ་རིམ་༦ པའི་ སློབ་ཕྲུག་བུམོ་༡ སྐྱེས་ལོ་༢༢ ལང་མི་ མོ་རའི་ ཨ་རོགས་དགའ་རོགས་དང་གཅིག་ཁར་ བྱོག་སོང་སྟེ་ ཉིནམ་༢ ཀྱི་རྒྱབ་ལས་ ལོག་འོངམ་ད་ ཕོ་སྐྱེས་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༉ ཁ་ཙ་ སྤུངས་ཐིམ་གཞུང་དགེ་འདུན་གྲྭ་ཚང་ དགུང་ཞག་ སེམས་རྟོགས་ཁ་རྫོང་ནང་བཞུགས་ཏེ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ ཕེབས་པའི་སྐབས་ ཐིམ་ཁྲོམ་ཁར་སྡོད་མི་ དད་ཅན་ཚུ་གིས་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་ སྐུ་རྟེན་གྱིས་གཙོས་པའི་ ནང་རྟེན་བྱིན་ཅན་ཚུ་ལས་ རྟེན་དབང་ཞུ་བའི་བསྒང་།

ཁག་འབག་ཚུ་ལུ་ དཀའ་ངལ་འདྲ་མིན་སྣ་ཚོགས།

༢༢/༥/༢༠༡༢

བློན་ཆེན་མཆོག་གིས་འབད་བ་ཅིན་ དཀའ་ངལ་ཚུ་ ཁག་འབགཔ་ཚུ་གིས་ར་
བསལ་ཐབས་འབད་དགོ་ཟེར་ཨིན་པས།


༉ རྒྱལ་ཁབ་ཀྱི་ བཟོ་སྐྲུན་ས་ཁོངས་ལས་ རྒྱ་གར་གྱི་ ལས་མི་ཚུ་ རང་སོའི་གཡུས་ཁར་ ལོག་བྱོག་འགྱོ་མི་དེ་ ཁག་འབགཔ་ཚུ་གི་ དཀའ་ངལ་ངོ་མ་ཅིག་ཨིནམ་ལས་ འདི་བཟུམ་གྱི་ བཀག་ཐབས་ལུ་ གཞུང་གིས་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ ཁ་ཙ་ ཐིམ་ཕུ་ལུ་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ འབྲུག་གི་བཟོ་སྐྲུན་ཚོགས་པའི་ ཁག་འབགཔ་ཚུ་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལུ་ཞུ་ཡི།

ཚོགས་འདུའི་འཐུས་མི་༡༠ དེ་ཅིག་ལུ་ ཤུལ་མའི་བཙག་འཐུ་ནང་གོ་སྐབས་མི་བྱིན་ནི།

༢༢/༥/༢༠༡༢

སྲིད་དོན་ལུ་ རྗེས་དཔྱད་འབད་མི་ཚུ་གིས་ ཐབས་ལམ་དེ་ལུ་ ལེགས་པའི་ངོས་ལེན་འབདཝ་ཨིན་མས།


༉ འབྲུག་ཕུན་སུམ་ཚོགས་པ་གིས་ ད་ལྟོའི་ སྤྱི་ཚོགས་ཀྱི་ འཐུས་མི་༡༠ དེ་ཅིག་ལུ་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ཐེངས་༢ པའི་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་མི་འབྱིན་ནི་ཨིན་རུང་ འཐུས་མི་ག་དང་ག་ཨིན་ན་ མིང་གསལ་སྟོན་མ་འབད་བར་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

གངས་རིའི་བག་ཅ་ཟེར་ རྩོམ་རིག་དང་ སྒྱུ་རྩལ་ དེ་ལས་ ལམ་སྲོལ་དུས་སྟོན་གྱི་ ཆ་ཤས་བཟུམ་ཅིག་སྦེ་ ཁ་ཙ་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་
རྒྱ་གར་ལས་ སྙན་ཆའི་མཁས་མཆོག་སྡེ་ཚན་ཅིག་གིས་ སྤྲོ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་།

འབྲུག་ཡུ་ནའི་ཊེཌ་གིས་ གཱོལ་༥ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ།

༢༢/༥/༢༠༡༢

འབྲུག་ཡུ་ནའི་ཊེཌ་(ཁེན་འཇར་ཧོནམོ་གྱོན་མི་)དང་ 
མུ་ཏིག་ཐང་སྡེ་ཚན་གྱིས་ རྩེད་འགྲན་འབད་བའི་བསྒང་།
༉ ལོ་བསྟར་བཞིན་དུ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་སྲོལ་ཡོད་མི་ སྡེ་ཚན་ཁ་པའི་རྩེད་འགྲན་དེ་ ཁ་ཙ་ལས་ལྕང་ཇི་ཇི་རྩེད་ཐང་ནང་སྦེ་ འགོ་བཙུགས་པའི་སྐབས་ འབྲུག་ཡུ་ནའི་ཊེཌ་དང་ མུ་ཏིག་ཐང་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་ཡུ་ནའི་ཊེཌ་གིས་ གཱོལ་༥ བཙུགས་ཏེ་ མུ་ཏིག་ཐང་སྡེ་ཚན་ ཕམ་བཏང་ཡི།

ཨམ་སྲུ་ཚུའི་གནས་སྟངས་ནང་ འགྱུར་བ་འབྱུང་ཚུལ་གྱི་གྲོས་བསྡུར།

༢༢/༥/༢༠༡༢

རྩོམ་འབྲི་མཁས་མཆོག་ཚུ་གིས་འབད་བ་ཅིན་ སེམས་ཁམས་གོང་འཕེལ་གྱི་དོན་ལུ་ ནང་པའི་ཆོས་གྱི་ལམ་ལུགས་ནང་ ཨམ་སྲུ་ཚུ་ སངས་རྒྱས་མི་ཚུགས་ཟེར་མི་དེ་ལུ་ དོགས་པ་ཡོད་ཟེར་ཨིན་པས།


རྒྱ་གར་ལས་ ས་ཝ་ཏི་ ཅོབ་ར་དང་ ཨམ་ཀུན་བཟང་ཆོས་སྒྲོན་ 
དེ་ལས་ ཨམ་བཀྲིས་བཟང་མོ་གིས་ ནང་སེམས་ཀྱི་སྐོར་ལས་ གྲོས་བསྡུར་འབད་བའི་བསྒང་།
༉ ཁ་ཙ་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་པའི་ གངས་རིའི་བག་ཅ་ཟེར་མི་ བརྗོད་དོན་ཐོག་ལུ་ རྩོམ་རིག་གི་ དུས་སྟོན་བརྩི་སྲུང་འབད་མིའི་ནང་ རྒྱ་གར་ལས་ ས་ཝ་ཏི་ ཅོབ་ར་དང་ ཨམ་ཀུན་བཟང་ ཆོས་སྒྲོན་ དེ་ལས་ ཨམ་བཀྲིས་བཟང་མོ་གིས་ ནང་སེམས་ཀྱི་སྐོར་ལས་ ཨམ་སྲུ་ཚུའི་གནས་སྟངས་ནང་ འགྱུར་བ་འབྱུང་ཚུལ་གྱི་སྐོར་ལས་ གྲོས་བསྡུར་འབད་ཡི།

གཡུས་ཆང་མར་ཕབ་ཀྱི་ མོ་བཏབ་ལས་འགུལ་ མཐར་འཁྱོལ་བྱུང་དོ་ཡོདཔ།


༢༢/༥/༢༠༡༢

ཆང་ཨ་རག་བཀལ་བའི་མཐོང་སྣང།

༉ ཤར་ཕྱོགས་རྫོང་ཁག་༢ ནང་ གཡུས་ཆང་མར་ཕབ་ཀྱི་དོན་ལུ་ མོ་བཏབ་ལས་འགུལ་ཅིག་ འགོ་བཙུགས་མི་དེ་གིས་ ཧ་ལམ་ མཐར་འཁྱོལ་བྱུང་དོ་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གིས་ ལས་འགུལ་གྱི་དོན་ལུ་ མོང་སྒར་རྫོང་ཁག་གི་ ལྕགས་སི་མཁར་དང་ སྔ་ཚང་ དེ་ལས་ ཤེར་མཱུང་རྒེད་འོག་༣ དང་ ལྷུན་རྩེ་རྫོང་ཁག་འོག་གི་ སྨད་འཚོ་དང་ རྒྱ་རེད་རྒེད་འོག་༢ གདམ་ཁ་རྐྱབ་སྟེ་ཡོདཔ་ཨིན་པས།


ཡེ་སྦིས་ལབ་རྩ་ལུ་ ནགས་མེ་བསད་མ་ཚུགས་པར་ཡོདཔ།

༢༢/༥/༢༠༡༢

༉ སྤྱི་ཟླ་༥ པའི་ཚེས་༢༡ གི་ ནུབ་ཕྱེད་དེ་ཅིག་ཁར་ གཞལམ་སྒང་ཡེ་སྦིས་ལབ་རྩ་ལུ་ ནགས་མེ་ཤོར་མི་དེ་གིས་ རྒྱལ་ཡོངས་མ་ནཱསི་གླིང་ཁ་ནང་ཚུད་མི་ ནགས་ཚལ་ཨེ་ཀར་ལེ་ཤ་འཚིགས་ཡོདཔ་མ་ཚད་ མེ་དེ་ ད་ལྟོའི་བར་ན་ཡང་ བསད་མ་ཚུགས་པར་ཡོདཔ་ཨིན་པས།


མོང་སྒར་ལུ་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཐོན་སྐྱེད་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ།

༢༢/༥/༢༠༡༢

ད་ལས་ཕར་ ཚོད་བསྲེ་ལུ་བརྟེན་  འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་ནིའི་ གོ་སྐབས་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ ཨ་རྟག་དང་ཕྱདཔ་ད་ ལོག་ལྟབ་སྦེ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།


མོང་སྒར་ཐེམ་ནང་སྦིས་ལུ་ མཐོང་གསལ་བྱུང་མི་ ཀེ་བའི་ཞིང་།
༉ མོང་སྒར་ གཡག་སྤུ་སྒང་ལས་ སྐྱེས་ལོ་༤༠ ལང་མི་ ཨམ་གཡུ་སྒྲོན་དང་ མོ་རའི་རྨགཔ་ ཁོ་ཙ་གིས་ ད་རེས་ནངས་པ་ ཉིནམ་ཨ་རྟག་ར་ ཚོད་བསྲེ་ལྡུམ་རའི་ལཱ་འབད་ནི་ལུ་ ཨ་རྟག་དང་མ་འདྲཝ་སྦེ་ རྩ་འགེངས་སར་ མཐོང་མི་དེ་ཡང་ ད་ལས་ཕར་ གྲོང་གསེབ་ནང་ལས་ ཐོན་སྐྱེད་འབད་མི་ཚོད་བསྲེ་ཚུ་ ཧེ་མ་བཟུམ་སྦེ་ ཁྲོམ་ཁར་བཙོང་མ་ཚུགས་པའི་ དཀའ་ངལ་མི་ཐོན་ནི་ཨིནམ་ ཤེས་ནི་དེ་གིས་ཨིན་པས།