གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བརྡུངས་རྫོབ་འབད་མི་ སློབ་དཔོན་ཅིག་ དོ་དམ་འོག་ལུ་བཙུགས་ཡོདཔ།


༉ བསམ་གྲུབ་ལྗོངས་མཁར་ ངང་ལམ་བདེ་ཆོས་གླིང་རྒེད་འོག་ རེ་ཛི་མོ་སློབ་གྲྭ་ཆུང་བའི་ སློབ་དཔོན་ཅིག་གིས་ བརྡུངས་རྫོབ་འབད་མི་ སློབ་རིམ་༣ པའི་ སློབ་ཕྲུག་བུམོ་༡ ངང་ལམ་གཞི་རྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་རུང་ བརྟག་དཔྱད་འཕྲུལ་ཆས་ མེད་མི་ལུ་བརྟེན་ རྒྱ་གར་ཨ་སམ་ལུ་ པར་ཤ་ལ་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།

 སྐྱེས་ལོ་༩ ལང་མི་ སློབ་ཕྲུག་བུམོ་དེ་ རྩིས་སློབ་ཀྱིས་ བརྡུངས་རྫོབ་འབད་ཡོད་པའི་སྐོར་ལས་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ མོ་རའི་ཨ་པ་གིས་ ངང་ལམ་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
རྩིས་སློབ་དང་ སློབ་གྲྭའི་དབུ་འཛིན་ རྒེད་འོག་ཚོགས་པ་ དེ་ལས་ གཡུས་མི་ཚུ་གིས་ ཨ་པ་དང་གཅིག་ཁར་ ནང་འགྲིག་འབད་ནི་ཟེར་ སླབ་ཡོདཔ་ད་ གལ་སྲིད་ ཨ་པ་གིས་ ཉན་མ་བཏུབ་པ་ཅིན་ སྨན་ཁང་གི་ སྙན་ཞུ་ལྷོད་ཞིནམ་ལས་ བློ་སླབ་ནི་ཟེར་ཨིན་པས།
ཁ་ཙ་ དུས་ཡུན་ཆུ་ཚོད་༤ དེ་ཅིག་གི་རིང་ བྱུང་རྐྱེན་གྱི་སྐོར་ལས་ བློ་སླབ་པའི་ཤུལ་ལུ་ སྐྱེས་ལོ་༤༩ ལང་མི་ བུམོ་གི་ ཨ་པ་དེ་གིས་ ནང་འགྲིག་འབད་ནི་ལུ་ ཁ་བཟེད་མ་བཏུབ་ཨིན་པས།
བུམོ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ རྩིས་སློབ་ཀྱིས་ མོ་ལུ་ སྦྱོང་ལཱ་བྱིན་མི་དེ་ མཇུག་བསྡུ་མ་ཚུགས་པའི་ གནད་དོན་ལུ་བརྟེན་ ཐད་ཀར་དུ་ མོ་ལུ་ བརྡུངས་རྫོབ་འབད་ཡི་ཟེར་ཨིན་པས།
གཡུས་སྒོའི་མི་ཚུ་གིས་འབད་བ་ཅིན་ རྩིས་སློབ་དེ་གིས་ སློབ་ཕྲུག་བུམོ་དེ་གི་མགུ་ཏོ་ འབྲི་ཁྲི་གུ་ ཤུགས་སྦེ་བརྡུངས་མི་ལུ་བརྟེན་ དཔྱལཝ་སྦོ་ནུག་ཟེར་ཨིན་པས།
རྩིས་སློབ་ཀྱིས་འབད་བ་ཅིན་ སློབ་སྟོན་འབདཝ་ད་ བུམོ་དེ་གིས་ མ་ཤེས་པའི་ཁར་ སློབ་ཁང་ནང་ དྲན་པ་བཏོན་མ་བཏོན་ནི་དེ་གིས་ ལགཔ་བཏོན་དགོཔ་ ཐོན་སོ་ཡི་ཟེར་ཨིནམ་ད་ ཁོ་གིས་ དྲངས་མི་དེ་ འཛོལ་སོ་ཡི་ཟེར་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
བུམོ་དེ་ རྒྱ་གར་ཨ་སམ་ལུ་ པར་ཤ་ལ་སྨན་ཁང་ནང་ བརྟག་དཔྱད་འབད་བའི་ སྙན་ཞུ་དང་འཁྲིལཝ་ད་ བུམོ་དེ་གི་ མགུ་ཏོ་ནང་ གནོད་སྐྱོན་ཚུ་ མ་བྱུང་པས་ཟེར་ཨིན་པས།
རྩིས་སློབ་དེ་ ཁ་ཙ་ཕྱི་རུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་བཞིན་དུ་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment