གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོན་ཁྲིམས་ལོ་༡༠ ཕོག་ཡོདཔ།

༢༤/༥/༢༠༡༢

 
༉ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་གིས་ ལོ་ན་མ་སྨིན་པའི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་སྒོ་ལས་ འདོད་སྤྱོད་འབད་བའི་ འབྲེལ་གནད་ལུ་བརྟེན་ ཁ་ཙ་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་དེ་ལུ་ བཙོན་ཁྲིམས་ལོ་༡༠ བཀལ་ནུག།


དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་འོག་མ་ཅིག་གི་ སློབ་ཕྲུག་བུམོ་ སྐྱེས་ལོ་༡༥ ལང་མི་དེ་ གར་སོང་མེད་པར་ བྱང་སྟོར་ཤོར་བའི་སྐོར་ལས་ ཕམ་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ སྤྱི་ཟླ་༢ པའི་ཚེས་༢ ལུ་ ཕོ་སྐྱེས་དེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
རྩོད་ཟླ་དེ་ བུམོ་དང་གཅིག་ཁར་ རྒྱ་གར་ལུ་ བྲོས་བྱོལ་འབད་དེ་ ཉིནམ་༥ གི་རྒྱབ་ལས་ དགེ་ལེགས་ཕུག་ལུ་ ལོག་འོངམ་ད་ དཱད་ག་རི་ས་མཚམས་སྒོ་ར་ཁ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་དེ་གིས་ ཁོང་ར་གཉིས་ མོས་མཐུན་ཐོག་ལས་ ལུས་འབྲེལ་འབད་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ད་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཕོ་སྐྱེས་དང་ བུམོ་གི་བར་ན་ ཧེ་མ་ལས་ར་ མཐུན་འབྲེལ་ཡོདཔ་ལས་ རྒྱ་གར་ལུ་ བྱོག་སོང་ནུག་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment