གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མར་ཁུའི་གོང་ཚད་ ཡར་སེང་འབད་ནི།

༢༤/༥/༢༠༡༢

༉ ད་རིས་ ནུབ་མོ་ལས་ རྒྱལ་ཁབ་ནང་ པེ་ཊོལ་མར་ཁུའི་གོང་ཚད་ དངུལ་ཀྲམ་༧ དེ་ཅིག་ ཡར་སེང་འགྱོ་ནི་ཨིན་མི་དེ་ཡང་ ཁ་ཙ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ རུ་པི་༧.༥༠ ཡར་སེང་འབད་ནི་དེ་གིས་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་པི་དབང་འདུས་ཀྱིས་ འབད་བ་ཅིན་ གོང་ཚད་ཡར་སེང་དེ་ ངེས་བདེན་འགྱོ་ནི་ཨིན་རུང་ དངུལ་ཀྲམ་ག་དེམ་ཅིག་གི་རྩིས་ ཡར་སེང་འབད་ནི་ཨིན་ན་ ད་ལྟོ་ ཏན་ཏན་སླབ་མི་ཚུགས་ཟེར་ཨིན་རུང་ རྒྱ་གར་ལུ་ ཡར་སེང་འབད་དེ་ དུས་ཡུན་ཆུ་ཚོད་༢༤ གི་ ནང་འཁོད་ལུ་ འབད་ནི་ཨིན་ཟེར་ཨིན་པས།



ལྷན་ཁག་གི་འགོ་དཔོན་ཚུ་གིས་འབད་བ་ཅིན་ པེ་ཊོལ་མར་ཁུའི་གོང་ཚད་ རྒྱ་གར་ལུ་ ཡར་སེང་འབད་བ་ཅིན་ འབྲུག་ལུ་ངེས་པར་དུ་ ཡར་སེང་འབད་དགོ་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ ལག་ལེན་འཐབ་མི་ མར་ཁུ་ཚུ་ག་ར་ རྒྱ་གར་ལས་ ནང་འདྲེན་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་རེས་ གནས་ཚུལ་ནང་གསལ་སྟོན་འབད་མི་ མར་ཁུ་ཡར་སེང་གི་ཚད་གཞི་དེ་ ལོ་ངོ་བཅུ་ཕྲག་གཅིག་གི་ ནང་འཁོད་ལུ་ མཐོ་ཤོས་ཅིག་ཨིནམ་ད་ ད་ཚུན་གྱི་རིང་ལུ་ གོང་ཚད་ཡར་སེང་འབདཝ་ད་ ལི་ཊར་རེ་ལུ་ དངུལ་ཀྲམ་༢ དང་༣ མ་གཏོགས་ ད་རེས་བཟུམ་སྦེ་ དངུལ་ཀྲམ་༧ དེ་ཅིག་ ཡར་སེང་འབད་འབདཝ་མེདཔ་ཨིན་པས།
ད་རེས་ རྒྱལ་ས་ལུ་ པེ་ཊོལ་མར་ཁུ་ ལི་ཊར་རེ་ལུ་ དངུལ་ཀྲམ་༦༠.༢༢ གནས་མི་དེ་ ཡར་སེང་གི་གནས་གོང་དང་འཁྲིལ་བ་ཅིན་ དངུལ་ཀྲམ་༦༩ དེ་ཅིག་གནས་ནི་ཨིན་པས།
རྒྱ་གར་གྱི་རྒྱང་མཐོང་ ཨེན་ཌི་ཊི་བཱིའི་གནས་ཚུལ་ ཡོངས་འབྲེལ་ནང་ གསལ་བཤད་འབད་མི་དང་འཁྲིལཝ་ད་ རྒྱ་གར་ལུ་ པེ་ཊོལ་མར་ཁུའི་གོང་ཚད་ ཡར་སེང་འབད་མི་ལུ་བརྟེན་ ལྡོག་ཕྱོགས་ཚོགས་པ་ བཱི་ཇེ་པི་གིས་ གཞུང་སྐྱོང་ཀོང་གེ་རེསི་གིས་ པེ་ཊོལ་གྱི་གོང་ཚད་ ཡར་སེང་འབད་ཐོག་ལས་ མི་སེར་སྤྱིར་བཏང་ལུ་ སྡུག་སྤྱོད་འབདཝ་མས་ཟེར་ཨིནམ་ད་ གོང་ཚད་ཡར་སེང་འབད་བའི་བསྒང་ལས་ སྲིད་དོན་དང་དཔལ་འབྱོར་གྱི་ གནས་སྟངས་ལུ་ ཐོ་ཕོག་ནི་གི་ཉེན་ཁ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ལྡོག་ཕྱོགས་ཚོགས་པ་གིས་ ངོ་རྒོལ་མགྲེམ་སྟོན་ཅིག་ཡང་འབད་ནི་ཨིན་ཟེར་བའི་ ཉེན་བརྡ་ཚུ་བྱིན་ཡོདཔ་མ་ཚད་ གོང་ཚད་ཡར་སེང་འབད་མི་གིས་ ཤུལ་མའི་བཙག་འཐུ་ནང་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ཐོབ་ནི་ལུ་ བར་ཆད་རྐྱབ་འོང་ཟེར་ཨིན་རུང་ གཞུང་སྐྱོང་གི་མགྲིན་ཚབ་ རཱ་ཤིཋ་གིས་འབད་བ་ཅིན་ མར་ཁུའི་གོང་ཚད་ཡར་སེང་དེ་ གཞུང་གིས་ འབདཝ་མེན་ཟེར་ཨིནམ་ད་ ད་ལུ་བཀག་ནིའི་ཐབས་ཤེས་ཚུ་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁ་ཙ་ པེ་ཊོལ་གྱི་གོང་ཚད་ ཡར་སེང་འབད་བའི་གནས་ཚུལ་གོཝ་ཅིག་ མི་ཚུ་གིས་ མར་ཁུ་བླུགས་སའི་མཛོད་ཁང་ནང་ ག་ཐོབ་རྐྱབ་སྟེ་ གྱལ་བསྣར་ཐོག་ལས་ མར་ཁུ་བླུགས་པར་ འགྱོ་བའི་མཐོང་གསལ་བྱུང་ཡོདཔ་མ་ཚད་ དེའི་གྲས་ཁར་ ལས་འཛིན་ནང་ལཱ་འབད་མི་ཅིག་གིས་ དངུལ་ཀྲམ་༡,༠༠༠ གི་ པེ་ཊོལ་མ་ཁུ་བླུགས་པའི་སྐབས་ ལི་ཊར་༡༦.༦༠ དེ་ཅིག་ཐོབ་མི་དེ་ གོང་ཚད་ཡར་སོང་བའི་ཤུལ་ལུ་ དངུལ་ཀྲམ་ ༡༠༠༠ གིས་ མར་ཁུ་ ལི་ཊར་༡༤ དེ་ཅིག་ལས་བརྒལ་ འཐོབ་མི་ཚུགས་ནི་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment