གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྔོ་སྨན་གྱི་ ཚོང་འབྲེལ་ཚུལ་མཐུན་བཟོ་ནི།

སྔོ་སྨན་ཚོང་འབྲེལ་གྱི་ གོ་བསྡུར་ཞལ་འཛོམས་འཚོག་པའི་བསྒང་།
༉ ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་༨ ཀྱིས་ ལུང་ཕྱོགས་ནང་འཁོད་ཀྱི་ སྔོ་སྨན་དང་འབྲེལ་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་མི་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པས།
གོ་བསྡུར་ཞལ་འཛོམས་དེ་ སྤྱི་ལོ་༢༠༡༡ ཟླ་༡ པའི་ནང་འཚོགས་མི་ གོ་བསྡུར་ཞལ་འཛོམས་ཀྱི་ འཕྲོ་མཐུད་ཨིནམ་ད་ ཞལ་འཛོམས་ཀྱི་ དམིགས་ཡུལ་གཙོ་བོ་ར་ ད་རེས་ནངས་པ་ མི་མང་ཤོས་ཀྱིས་ སྣང་མེད་སྦེ་བཞག་མི་ སྔོ་སྨན་གྱི་ ཚོང་འབྲེལ་ཚུལ་མཐུན་བཟོ་ནིའི་ དོན་ལུ་ཨིན་པས།



སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ འབྲུག་རྒྱལ་ཁབ་འདི་ ཤར་ཕྱོགས་ཧི་མ་ལ་ཡའི་ ལུང་ཕྱོགས་ནང་ སྐྱེ་ལྡན་གནས་སྟངས་ལེགས་ཤོམ་ཡོད་པའི་ཁར་ འབྲུག་མི་ཚུ་གིས་ཡང་ ཚུལ་བཞིན་བཞག་ཐབས་ལུ་ ཚ་ངེར་བཏོན་དོ་ཟེར་གསུངས་ཡི།
ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་མི་ ཞལ་འཛོམས་ནང་ ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་ བང་ལ་དེཤི་དང་ འབྲུག་ རྒྱ་ནག་ རྒྱ་གར་ ཨིན་ཌོ་ནེ་ཨེ་ཤི་ཡ་ མི་ཡཱན་མར་ ནེ་པཱལ་ དེ་ལས་ ཤྲི་ལངྐ་འབདཝ་ད་ རྒྱལ་ཁབ་༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
གོ་བསྡུར་ཞལ་འཛོམས་དེ་ ཉམས་ཉེན་ཡོད་པའི་ སྐྱེ་ལྡན་རིགས་སྣའི་ རྒྱལ་སྤྱི་ལྷན་འཛོམས་ སའི་ཊིས་ཡིག་ཚང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ སོ་ནམ་ལྷན་ཁག་འོག་གི་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་ཡང་ ལུང་ཕྱོགས་ནང་འཁོད་ཀྱི་ ཚན་རིག་དང་ འཛིན་སྐྱོང་དབང་འཛིན་གྱི་ ངོ་ཚབ་ཚུ་ཨིན་པས།
ཞལ་འཛོམས་དེ་ སྤྱི་ལོ་༢༠༡༠ ལུ་ དོ་ཧ་ལུ་ འགོ་འདྲེན་འཐབ་མི་ སའི་ཊིས་གི་ ཞལ་འཛོམས་ཐེངས་༡༥ པའི་ནང་ གདམ་ཁ་ཅན་གྱི་ སྔོ་སྨན་རིགས་༧ དང་འབྲེལ་བའི་ གྲོས་ཆོད་ཚུ་གི་ ཁྲིམས་དོན་དང་ ཡུན་བརྟན་ དེ་ལས་ ཐོབ་ཚུགསཔ་བཟོ་ནིའི་ ཐབས་ལམ་མ་འདྲཝ་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་དེ་ གྲུབ་འབྲས་ཚུ་ ལུང་ཕྱོགས་སྔོ་ཚལ་ཚོགས་པ་ལུ་ སྙན་ཞུ་འབད་ནིའི་ དམིགས་གཏད་ཡོདཔ་ཨིན་པས།
ངོ་ཚབ་ཚུ་གིས་ རང་སོའི་རྒྱལ་ཁབ་ནང་ སྔོ་སྨན་གྱི་རིགས་སྣ་ཚུ་དང་ དེ་གི་ལག་ལེན་ སྲིད་བྱུས་དང་ འཛིན་སྐྱོང་ ཞིབ་འཚོལ་ ཁྲིམས་ དེ་ལས་ ཚོང་འབྲེལ་ཚུ་གི་སྐོར་ལས་ སྙན་ཞུ་འབད་ཡི།
བཅའ་མར་གཏོགས་མི་ཚུ་གིས་ སྡེ་ཚན་བཟོ་ཞིནམ་ལས་ ཨེ་ཤི་ཡའི་ལུང་ཕྱོགས་ནང་ཡོད་པའི་ ཐོ་བཀོད་ཅན་གྱི་ སྔོ་སྨན་སྣ་ཁག་༧ ཡོད་མི་ཚུ་ རྒྱལ་སྤྱིའི་ཚོང་འབྲེལ་དོན་ལུ་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ནང་ལས་ ནགས་ཚལ་གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ཞལ་འཛོམས་ནང་ སྔོ་སྨན་སྣ་ཁག་༧ ཡོད་མི་ཚུ་ གི་ཐབས་ལམ་ཚུ་འཚོལ་ནི་དང་ ལུང་ཕྱོགས་ཀྱི་ གླིང་འཛིན་རྒྱལ་ཁབ་དང་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ མཐུན་འབྲེལ་བཟོ་ནི་ དེ་ལས་ སྔོ་སྨན་གྱི་རིགས་ཚུ་ ལུང་ཕྱོགས་ནང་ འཛིན་སྐྱོང་གོང་འཕེལ་གཏང་ནིའི་དོན་ལུ་ ལག་ལེན་དྲག་ཤོས་ཚུ་ ངོས་འཛིན་འབད་དེ་ ལེགས་བཅོས་འབད་ནིའི་ དམིགས་གཏད་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment