གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་རྟེན་འབྲེལ་ཐང་ནང་ ལོ་བསྟར་ཞི་བའི་སྦྱིན་སྲེག་གནང་དོ་ཡོདཔ།

༉ ལོ་བསྟར་གྱི་ བདེ་མཆོག་ཞི་བའི་སྦྱིན་སྲེག་གནང་སྲོལ་ཡོད་མི་དེ་ རང་ཟླ་༤ པའི་ཚེས་༨ ལས་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ སྒྲ་པའི་སློབ་དཔོན་རྡོ་རྗེ་རིན་ཆེན་མཆོག་གིས་ དབུ་བཞུགས་ཐོག་ལས་ འཕགས་པའི་དགེ་འདུནམ་ཞལ་གྲངས་༥༠ གིས་ གནང་དོ་ཡོདཔ་ཨིན་པས། 


བདེ་མཆོག་ཞི་བའི་སྦྱིན་སྲེག་དེ་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་༩ ལས་འགོ་བཙུགས་ ཕྱི་རུའི་ཆུ་ཚོད་ ཕྱེད་དང་༤ ཚུན་གནང་དོ་ཡོདཔ་ཨིན་པས།
སྒྲ་པའི་སློབ་དཔོན་རྡོ་རྗེ་རིན་ཆེན་གྱིས་ གསུངས་མའི་ནང་ བདེ་མཆོག་ཞི་རྒྱས་དབང་དྲག་གི་ སྦྱིན་སྲེག་ཚུ་གནང་ནི་ཡོད་པའི་གྲས་ལས་ ད་རེས་ རྟེན་འབྲེལ་ཐང་ནང་སྦེ་ གནང་མི་དེ་ བདེ་མཆོག་ཞི་བའི་སྦྱིན་སྲེག་ཨིན་ཟེར་ཨིནམ་ད་ བདེ་ཆོག་གི་ལྷ་ཚོགས་༡༣ གྱི་སྤྱན་སྔར་ སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལུ་ ཚོགས་བསགས་ སྒྲིབ་པ་སྦྱང་ནིའི་དོན་ལུ་ཨིནམ་མ་ཚད་ ལྷག་པར་དུ་ འབྱུང་པོ་མི་མ་ཡིན་པའི་གདོན་རིགས་ཚུ་གིས་ འགལ་རྐྱེན་བར་ཆད་ཞི་ཐབས་ལུ་ ཨིན་ཟེར་ཨིན་པས།
སྐྱེ་འགྲོ་ཡོངས་ཀྱི་ གསོན་པོའི་དོན་ལུ་ འབད་བ་ཅིན་ སྟེང་ཕྱོགས་ལས་ གཟའ་སྐར་དང་ རྒྱུ་སྐར་བར་དུ་ བཙན་དང་གདོན་རིགས་ཉི་ཁྲི་ཆིག་སྟོང་ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ དེ་ལས་ འོག་ལས་ས་བདག་ཀླུ་གཉེན་ཚུ་གིས་ ཉེས་པ་ཞི་བའི་རིམ་གྲོ་དང་ གཤིན་པོའི་དོན་ལུ་འབད་བ་ཅིན་ ལས་ངན་སྡིག་སྒྲིབ་དག་སྟེ་ ངན་སོང་༣ གྱི་སྡུག་བསྔལ་ལས་འགྲོལ་ཏེ་ གནས་སྐབས་དང་མཐར་ཐུག་གི་བདེ་བ་འཐོབ་པའི་ དགེ་རྩ་བཟུམ་ཅིག་ཨིནམ་ལས་ ཁྱད་པར་འཕགས་པའི་བྱིན་རླབས་སྦོམ་ཡོད་ཟེར་གསུངས་ཡི།
གྲྭ་ཚང་གི་ སྐུ་དྲུང་ལྟའུ་ཅུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བདེ་མཆོག་ཞི་བའི་སྦྱིན་སྲེག་དེ་ ཧེ་མ་ བཀྲིས་ཆོས་རྫོང་གི་ཀུན་ར་ནང་སྦེ་ གནང་སྲོལ་ཡོད་རུང་ སྤྱི་ལོ་༢༠༠༩ ལས་ རྟེན་འབྲེལ་ཐང་ནང་སྦེ་ མི་མང་ཡོངས་ཀྱི་དོན་ལུ་ གནང་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཞི་བའི་སྦྱིན་སྲེག་གནང་སར་ གསོན་པོའི་དོན་ལུ་ བཟའ་ཚང་ཚུ་གི་མིང་ཐོ་བཀོད་ཐོག་ལས་ སྙན་དར་ཕུལ་ནི་དང་ གཤིན་པོའི་དོན་ལུ་ཡང་ གཤིན་བསྔོ་གི་དར་ཕུལ་ནི་ཡོདཔ་བཞིན་དུ་ འབྲུ་སྣ་དགུ་དང་ སྐྱ་དང་སེན་མོ་ དར་དང་གོས་ཆེན་ཚུ་ ཕུལ་ནི་ཡོདཔ་ཨིན་པས།
བདེ་མཆོག་ཞི་བའི་སྦྱིན་སྲེག་དེ་ ཉིན་གྲངས་༩ འི་རིང་ལུ་གནང་ཐོག་ལས་ རང་ཟླ་༤ པའི་ཚེས་༡༦ རེས་གཟའ་ཕུར་བུ་ལུ་འགྲོལ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment